བོད་ལུགས་ཀྱི་འཛུགས་སྐྲུན་ལས་རྡོ་ཁང་སྟེ། གླག་རི་མའི་རྡོ་ཁང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


        ལྷ་རི་མའམ་གླག་རི་མའི་རྡོ་ཁང་ནི་ཉག་རོང་རྫོང་ལྷ་རི་མ་ཡུལ་ཤོག་གི་རྫ་རྫོང་གྲོང་པ་ན་ཡོད་ལ་མཚོ་འཕགས་སྨི་3678ཡོད། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན་པ་དང་དུད་ཚང་སོ་སོའི་ཁང་སྟེང་རྡོ་ལེབ་བཀབ་སྟེ་གྲལ་བསྟར་འགྲིག་པས་ཡིད་དབང་འཕྲོག་པ་ཞིག་གོ །

        བོད་ཁང་དག་གི་ཁྱད་ཆོས་ནི་བརྩེགས་དང་པོ་རྡོ་དང་འདམ་ལས་བརྩིགས་ཏེ་གནའ་དུས་སུ་ཕྱུགས་ཟོག་བསྡུས་ཀྱང་ད་ལྟ་མང་ཤོས་ཀྱིས་ཞིང་ལས་ལག་ཆས་དང་འབུད་ཤིང་འཇོག་ས་བྱེད། བརྩེགས་གཉིས་པ་ནི་བང་ཁང་གི་ལུགས་ལྟར་བྱས་པས་དབྱར་བསིལ་ལ་དགུན་དྲོ་བའི་ཁྱད་ཆོས་ལྡན་པས་མི་འདུག་ས་དང་ཟ་མ་གཡོ་ས་བྱེད། ཁང་སྟེང་ལ་དང་ཐོག་ས་བཀབ། དེ་ནས་རྡོ་ལེབ་བཀབ་སྟེ་ཆར་ཆུ་འགོག་པར་མ་ཟད་མིག་ལ་མཛེས་པ་ཞིག་གོ །  


རྩོམ་ཡིག་རྗེས་མ།
མཇུག་གི་གཏམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1