རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཁང་དུ་ ཉར་བའི་རིག་དངོས་དོ་དམ་བྱ་ཐབས།

ཚེ་བརྟན་སྒྲོལ་མས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-29


        དོན་ཚན་ཞེ་བཞི་པ། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་སྡེ་ཚན་དང་སྐྱེ་བོ་གཞན་ལ་ལག་རྟགས་སུ་ཕུལ་བ་དང་། བོགས་མར་བཏང་བའམ་བཙོང་བ་བཅས་བྱ་མི་ཆོག
        དོན་ཚན་ཞེ་ལྔ་པ། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་སྔར་བཞིན་ཉར་ཚགས་མི་བྱེད་པའི་རིག་གནས་ཤུལ་དངོས་རྣམས་ཐག་གཅོད་བྱ་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོགས་སུ་གཏན་འབེབས་སུ་བྱ་རྒྱུ།
        དོན་ཚན་ཞེ་དྲུག་པ། བཤམས་སྟོན་ཁང་ལ་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་སྔར་བཞིན་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་སྔར་བཞིན་ཉར་ཚགས་མི་བྱེད་པའི་རིག་གནས་ཤུལ་དངོས་རྣམས་ཐག་གཅོད་བྱ་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ།
        དོན་ཚན་ཞེ་བདུན་པ། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཉམས་གསོ་བྱེད་སྐབས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་སྔར་ཡོད་རིག་གནས་ཤུལ་དངོས་ཀྱི་བཟོ་དབྱིབས་ལ་འགྱུར་བ་བཏང་མི་ཆོག བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་འདྲ་བཟོ་དང་། པར་ལེན། རྡོ་པར་རྒྱག་པ་བཅས་བྱེད་སྐབས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྣམས་ལ་གནོད་སྐྱོན་བཏང་མི་ཆོག དེའི་དོ་དམ་བྱ་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ། གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་རྐྱང་པ་ཉམས་གསོ་དང་། འདྲ་བཟོ། པར་ལེན། རྡོ་པར་རྒྱག་པ་བཅས་ཀྱི་ཐད་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་བྱས།
        དོན་ཚན་ཞེ་བརྒྱད་པ། དངོས་མང་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གཞན་དག་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མེ་འགོག་དང་། རྐུན་འགོག རང་བྱུང་གནོད་སྐྱོན་འགོག་པ་བཅས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ནས་བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་ཉེན་མེད་ཡོང་བའི་འགན་ལེན་བྱ་དགོས།
        དོན་ཚན་ཞེ་དགུ་པ། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་གནས་ཤུལ་དངོས་གཏོར་བརླག་ཏུ་སོང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཞིབ་བཤེར་ཐག་གཅོད་བྱ་རོགས་ཞུ་དགོས། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་གཞན་དག་གཏོར་བརླག་ཏུ་སོང་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་ཞིབ་བཤེར་ཐག་གཅོད་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། བཤམས་སྟོན་ཁང་ལ་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྐུ་ཁྱེར་དང་། བཙན་འཕྲོག་གམ་བོར་བརླག་ཏུ་སོང་ན། རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱིས་ལམ་སེང་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སང་ཞུ་དགོས་པ་དང་དུས་མཚུངས་སུ་གཙོ་སྐྱོང་བྱེད་མཁན་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་ལའང་སྙན་སེང་ཞུ་དགོས།
        དོན་ཚན་ལྔ་བཅུ་པ། རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་དང་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཉར་ཚགས་བྱེད་མཁན་སྡེ་ཚན་གྱི་ལས་སྒྲུབ་མི་སྣས་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་གཡར་སྤྱོད་བྱ་མི་ཆོག་པ་དང་། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཁྲིམས་དང་མི་མཐུན་པར་བཙན་བཟུང་བྱ་མི་ཆོག ། རྫོགས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1