༄༅།།སྐྲན་ནད་དང་རིན་གོང་མཐོ་བའི་དབྱར་རྩྭ་དགུན་འབུའི་བར་འབྲེལ་བ་ཡོད་དམ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-30


      ཉེ་སྔོན། ཀྲུང་གོའི་ཚན་རིག་ཁང་ཧྲང་ཧའེ་རྩི་ཤིང་ལུས་ཁམས་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཁྲེང་ཧྲུའུ་བཅས་པའི་ཚོགས་པས་རྒྱལ་སྤྱིའི་རིག་གཞུང་དུས་དེབ་《ཕྲ་ཕུང་། རྫས་འགྱུར་སྐྱེ་དངོས་རིག་པ་》ཞེས་པའི་ཐོག་ཏུ་ཞིབ་འཇུག་བྱས་འབྲས་ཞིག་སྤེལ་ཡོད་དེ། དབྱར་རྩྭ་དགུན་འབུའི་འབུ་ཐུམ་ཁྲོད་དུ་དབྱར་རྩྭ་དགུན་འབུའི་གཞི་རྒྱུ་དང་ཕིན་སི་ཐྭ་ཏིང་དུས་གཅིག་ཏུ་འདུས་ཡོད་ནའང་དབྱར་རྩྭ་དགུན་འབུ་ལ་དེ་གཉིས་མཉམ་འདུས་ཀྱི་གཞི་རྒྱུ་འདུས་མེད་པ་རེད། 
      འདི་ནི་མ་གཞི་ཚན་རིག་ཞིབ་འཇུག་གི་གོ་རིམ་འཕེལ་རྒྱས་འགྲོ་བའི་དོན་བཟང་ཞིག་ཡིན་མོད། འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཞིབ་འཇུག་བྱས་འབྲས་འདི་སྨྱན་སྦྱོར་ཁང་མང་པོ་ཞིག་གིས་དབྱར་རྩྭ་དགུན་འབུ་ཡིས་འབྲས་སྐྲན་མི་འགོག་པའི་གོ་བ་ལོག་པར་བླངས་ཡོད་པ་རེད།
     དབྱར་རྩྭ་དགུན་འབུར་རྩྭ་འབུ་གཞི་རྒྱུ་ངེས་ཅན་ཞིག་ཡོད་དམ།
     ཝང་ཁྲེང་ཧྲུའུ་ཡི་ཞིབ་འཇུག་བྱས་པའི་ཁྲོད་དུ་དབྱར་རྩྭ་དགུན་འབུ་ནི་རྩྭ་སྨན་དང་ཤིང་སྨན་རྩེར་སོན་ཡིན་པར་འདོད་པ་རེད།
     པེ་ཅིང་དུ་སྤྱི་བཏང་གི་ཇ་ཁང་ཞིག་ཏུ། སྤུས་ཚད་ཅུང་བཟང་བའི་དབྱར་རྩྭ་དགུན་འབུ་ཁེ་རེའི་རིན་གོང་སྒོར་370ཡིན་པ་དང་། ཁེ་ཆིག་སྟོང་ལ་མི་དམངས་ཤོག་སྒོར་ཁྲི་37ཡིན་པ་རེད། 
     ཀྲུང་ལུགས་གསོ་རིག་ཏུ་དབྱར་རྩྭ་དགུན་འབུ་ལ"འབྲས་སྐྲན་འགོག་པའི"བཤད་སྲོལ་མེད་པ་རེད། མི་རྣམས་ཀྱིས་དབྱར་རྩྭ་དགུན་འབུར་འབྲས་སྐྲན་འགོག་པའི་ནུས་པ་ཡོད་པ་འདོད་པ་ནི། ཚད་ངེས་ཅན་ཞིག་ཐོག་ནས་དེའི་ཁྲོད་དུ་རྩྭ་འབུའི་གཞི་རྒྱུ་ཡོད་པར་འདོད་པ་རེད། 
     རྩྭ་འབུ་རིགས་བརྒྱ་ལྷག་གི་ཁྲོད་ནས་རིན་གོང་མཐོ་བའི་རིགས་ཤིག་ཡིན་པའི་ཆ་ནས། དབྱར་རྩྭ་དགུན་འབུར་རྩྭ་འབུའི་གཞི་རྒྱུ་འདུས་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་མོད། ཚོང་པས་དུས་རྒྱུན་དུ་དབྱར་རྩྭ་དགུན་འབུའི་གཞི་རྒྱུར་བརྟེན་ནས་དབྱར་རྩྭ་དགུན་འབུའི་ནུས་པ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། 
     དབྱར་རྩྭ་འབུ་ལ་རྩྭ་འབུ་གཞི་རྒྱུ་མེད་ན་འབྲས་སྐྲན་འགོག་མི་ཐུབ་པ་ཡིན་ནམ།
     མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང་གི་དབྱར་རྩྭ་དགུན་འབུ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཡུས་ལིའང་གིས་གསར་འགོད་པར། དབྱར་རྩྭ་དགུན་འབུར་དགུན་འབུའི་གཞི་རྒྱུ་མེད་པའམ་དགུན་འབུའི་གཞི་རྒྱུ་འདུས་ཚད་ཉུང་བ་ནི་རིག་གཞུང་ལས་རིགས་ཚང་མས་ངོས་འཛིན་པའི་དོན་ཞིག་ཡིན་པ་རེད་ཟེར། གསར་འགོད་པར་ཆ་རྒྱུས་བྱུང་གསལ་དུ། 2011ལོའི་རྗེས་ལ། ཝང་ཁྲེང་ཧྲུའུ་ཡི་ཞིབ་འཇུག་ཚོ་ཆུང་གིས་སྔ་རྗེས་སུ་དབྱར་རྩྭ་དགུན་འབུའི་འབུ་ཐུམ་དང་། དབྱར་རྩྭ་དགུན་འབུ་སོགས་དབྱར་རྩྭ་དགུན་འབུའི་འབུ་ཕྲའི་གཞི་རྒྱུ་18གྲུབ་ལུགས་ལ་ཞིབ་འཇུག་བྱས་པ་རེད། 
      གསར་འགོད་པས་བཅའ་འདྲི་བྱེད་དུས་ཝང་ཁྲེང་ཧྲུའུ་ཡིས། སྔོན་ཆད་རྫས་འགྱུར་ལྟ་ཞིབ་ཚད་ལེན་ཐད་ནས་དབྱར་རྩྭ་དགུན་འབུར་དགུན་འབུའི་གཞི་རྒྱུ་མེད་པར་མི་ཁ་ཤས་ཀྱིས་ཡིད་ཆེས་མི་བྱེད་པ་རེད། ད་ལྟ་གཞི་རྒྱུའི་ཚོ་པས་ལྟ་ཞིབ་ཚད་ལེན་བྱས་པ་ལས་དེ་གཉིས་གཅིག་ཏུ་འདུས་པའི་གཞི་རྒྱུ་མེད་པ་རེད་ཅེས་གསུངས་བྱུང་།
     དེ་ན་འབྲས་སྐྲན་འགོག་པ་དང་དགུན་འབུའི་གཞི་རྒྱུ་གཉིས་འབྲེལ་བ་ཡོད་དམ།
    གནའ་བོའི་གསོ་རིག་གི་གཞུང་ལུགས་ནང་དུ་དབྱར་རྩྭ་དགུན་འབུའི་ནུས་པ་གཞན་བཀོད་ཡོད་པ་རེད། འབྲས་སྐྲན་འགོག་ཐུབ་མིན་ནི་དེང་རབས་ཀྱི་ཚན་རིག་ཞིབ་འཇུག་ཐོག་ནས་བརྟག་དཔྱད་བྱེད་དགོས་པར་ཐུག་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1