༄༅།།གཉའ་ལམ་རྫོང་གི་ཤར་པའི་བྲོ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བའི་འཕྲིན། སྤེལ་དུས། 02-11


        ཤར་པའི་བྲོའི་གར་སྟབས་ཉམས་དང་ལྡན་པ་དང་། གླུ་སྒྲ་སྙན་འཇེབས་ལྡན་པ། གྱོན་ཆས་གཞན་དང་མི་འདྲ་བ་ཞིག་ཡོད། ཤར་པའི་བྲོ་ལ་མི་རབས་ལྔ་རྒྱུན་འཛིན་གྱི་ལོ་རྒྱུས་ལྡན་ཞིང་། དེའི་རོལ་དབྱངས་ཀྱི་སྟངས་སྟབས་གཞན་དང་མི་འདྲ་བ་དང་སྒྲ་རྟགས་མང་པོ་ཞིག་ལ་སྒྲ་ཕྱེད་ཀྱིས་མཐོ་དམན་ཡོད་པ་དང་། དཀྱིལ་དལ་ཞིང་། མགོ་མཇུག་མགྱོགས་པོ་ཡོད་པས་དབྱངས་རྟ་བརྟན་པ་སོགས་ཀྱི་ཁྱད་ཆོས་ལྡན་སྟབས་མི་རྣམས་ལ་སྙན་འཇེབས་ལྡན་པའི་སྣང་བ་ཞིག་སྟེར་གྱི་ཡོད་པ་རེད།
        སྔོན་ཆད་ཤར་པའི་བྲོ་ལ་རམ་དཀྲོལ་རོལ་མོ་ཁ་ཝང་ཟེར་བ་ཞིག་ཡོད། སྨྱུག་ལེབ་བམ་ཡང་ན་ལྕགས་ལེབ་གང་རུང་སྤྱད་དེ་བཟོ་བ་དང་རྒྱུ་ཆ་དང་བཟོ་ལྟ་མི་འདྲ་བ་ཡིན་ཡང་དཀྲོལ་སྟངས་གཅིག་པ་རེད། ལྕགས་ལེབ་ཀྱིས་བཟོས་པའི་སྲོལ་རྒྱུན་གྱི་ཁ་དཀྲོལ་དེ་ནེ་པ་ལ་ནས་དར་བ་ཞིག་རེད། འོན་ཀྱང་མིག་སྔར་སྲོལ་རྒྱུན་གྱི་ཁ་དཀྲོལ་དེ་གཉིས་རྒྱུན་འཛིན་བྱེད་མཁན་མེད་པར་དེང་རབས་ཀྱི་ཁ་དཀྲོལ་གྱིས་ཚབ་བྱེད་ཀྱི་ཡོད།
        ཤར་པའི་བྲོ་ལ་ཉམས་འགྱུར་དམིགས་བསལ་ལྡན་པ་དང་། སྟངས་སྟབས་མཛེས་པ། གོམ་སྟབས་བརྟན་པོ་ཡོད། 2007ལོར་བོད་རང་སྐྱོང་ལྗོངས་ཀྱི་ཁག་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག
     (བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ནས་མཁོ་འདོན་བྱས་པའི་རྩོམ་ཡིག)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1