གེ་སར་གནམ་གྲུ་འབབ་ཐང་གི་ས་ངོས་སྒྲིག་བཀོད་ཕྱོགས་ཡོངས་ནས་ཨར་རྒྱག་དུས་མཚམས་སུ་སླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-27


      ཉེ་ཆར། གསར་འགོད་པས་དཀར་མཛེས་གེ་སར་གནམ་གྲུ་འབབ་ཐང་འཛུགས་སྐྲུན་ཕྱོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གནམ་གྲུ་འབབ་ཐང་གི་མཛེས་ལྗོངས་ཇུས་བཀོད་རི་མོ་བཏོན་ཏེ། གནམ་གྲུ་འབབ་ཐང་གི་འཛུགས་བསྐྲུན་ནི་ཕྱོགས་ཡོངས་ནས་ཨར་སྐྲུན་དུས་མཚམས་སུ་སླེབས་ཡོད་པ་རེད།
     གནམ་གྲུ་འབབ་ཐང་གི་མཛེས་ལྗོངས་ཇུས་བཀོད་ཀྱི་གྲུབ་རིས་ཐོག་ནས་གནམ་གྲུ་སྒུག་སའི་ཐོག་ཁང་དང་འཕྲུལ་ཆས་འཇོག་སྟེགས། རྒྱུག་ལམ། ལྕོག་རིང་སྟེགས་བུ་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་སྣ་ཚོགས་རགས་དབྱིབས་ཀྱི་འཛུགས་སྐྲུན་མངོན་ཐུབ་ཀྱི་ཡོད་ཅིང་། ཁམས་པའི་ཁྱད་ཆོས་ལྡན་པའི་གནམ་ཐང་ཞིག་སྟེ། གེ་སར་གྱི་ཕོ་བྲང་ཞེས་བརྗིད་ཉམས་ལྡན་ཞིང་ཁམས་པའི་རིག་གནས་དང་གངས་ལྗོངས་ཀྱི་མཛེས་ལྗོངས་བརྗིད་ཆགས་སོགས་ཇུས་འགོད་རི་མོའི་ཀྱི་ཐོག་ནས་མངོན་བཞིན་ཡོད་པ་རེད།
     “བཟོ་སྐྲུན་གྱི་མྱུར་ཚད་ལ་གཞིགས་ནས་སྔོན་དཔག་བྱས་ན། ད་ལོའི་ཟླ་12པར་གནམ་གྲུ་འཕུར་སྐྱོད་བྱ་ཐུབ་རྒྱུ་ཡིན་ལ།” ལུའོ་ཧུའེ་ཆིན་གྱིས་མིག་སྔར་གནམ་གྲུ་འབབ་ཐང་གི་ཨར་སྐྲུན་འཕེལ་རིམ་བདེ་བླག་བྱུང་ཞིང་། ས་རྡོའི་ལས་གྲྭ་མཇུག་འགྲིལ་ལ་ཉེར་བར་ཡོད་པ་དང་། ཟླ་4པའི་ཟླ་འགོར་མཁའ་འགྲུལ་ས་ཚུགས་ཁུལ་གྱི་ལས་གྲྭ་དེ་དངོས་སུ་ལས་འགོ་འཛུགས་རྒྱུ་ཡིན་པ། ད་ལྟར་ས་ངོས་སྒྲིག་བཀོད་ཕྱོགས་ཡོངས་ནས་ཨར་རྒྱག་དུས་མཚམས་སུ་སླེབས་ཡོད་པ་རེད་ཅེས་བརྗོད།
     རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4068ཡོད་པའི་དཀར་མཛེས་རྫོང་འདན་མ་གྲོང་རྡལ་དང་སྡེ་དགེ་རྫོང་གི་མཚོ་ཨ་གྲོང་རྡལ་སྦྲེལ་མཚམས་སུ། སྨི་གྲུ་བཞི་མ་ཁྲི་2ལ་ཉེ་བར་ཙམ་ཡོད་པའི་གེ་སར་གནམ་གྲུ་ཐང་དུ། འཛུགས་སྐྲུན་པ་ཚོས་ཉིན་རྒྱུན་ལས་ལ་བྲེལ་བཞིན་ཡོད་པས། གནམ་གྲུ་འབབ་ཐང་འཛུགས་བསྐྲུན་གྱི་ལས་རིམ་ནི་ཟླ་རེར་བཞིན་རྣམ་པ་གསར་པ་མངོན་བཞིན་ཡོད་པ་རེད། 
     ཕྱི་ལོར་དཀར་མཛེས་གེ་སར་གནམ་གྲུ་འབབ་ཐང་ཤར་གཏོང་མངོན་འགྱུར་ཐུབ་རེ་ཡོད་ཅིང། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་གནམ་གྲུ་འབབ་ཐང་གསུམ་ཡོད་པས། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ཡན་ལག་གནམ་གྲུ་ཐང་མང་ཤོས་ཀྱི་ཁུལ་གྱི་གྲས་སུ་གྱུར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1