བོད་ལྗོངས་ཀྱིས་མི་ཚོགས་ཡོངས་ཀྱི་ནད་རིགས་གཞི་གྲངས་མཛོད་འཐུས་ཚང་དུ་བསྐྲུན་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 03-27


     བོད་ལྗོངས་ཀྱིས་2017ལོའི་ཟླ་11ཟླ་མཇུག་བར་དུ་ཐུམ་འབུའི་ནད་པ་ཡོངས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ལས་ཀ་བྱས་ཟིན་པ་རེད། རིན་པ་མི་དགོས་པའི་ངང་ཐུམ་འབུའི་ནད་ཡོད་མེད་བརྟག་དཔྱད་བྱེད་པའི་དུས་མཚུངས་སུ། བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་སོགས་ས་ཁུལ་གྱི་གྲུམ་ནད་དང་འདུས་འདྲིལ་ནད། ཨེ་ཙི་འགོས་ནད། ནད་དུག་རང་བཞིན་གྱི་མཆིན་པའི་གཉན་ཚད་སོགས་གཙོ་གནད་སྔོན་འགོག་ཚོད་འཛིན་གྱི་ནད་རིགས་གཙོ་བོ་ཚགས་བརྟག་ལས་གཞིའི་ནང་བཅུག་ནས། བོད་ལྗོངས་མངའ་ཁོངས་ཀྱི་དམངས་ཡོངས་ཀྱི་ནད་རིགས་གཞི་གྲངས་མཛོད་སྔར་བས་འཐུས་ཚང་དུ་བཏང་སྟེ། བོད་ལྗོངས་ཀྱི་དམངས་ཡོངས་ཀྱི་ནད་རིགས་ཁྱབ་གནས་དང་། ནད་རིགས་ཀྱི་དབྱེ་བ་སོགས་ནད་ལུགས་དབྱེ་ཞིབ་ལ་རྨང་གཞིའི་གྲངས་གཞི་མཁོ་འདོན་འགན་སྲུང་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1