༄༅།། འགྲོ་ལམ་ཐོག་གི་འབྲེལ་ཡོད་འགན་འཁྲི།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07


        《དབང་ཆ་བརྩི་མེད་རྡོག་རོལ་གཏོང་བའི་འགན་འཁྲིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དོན་ཚན་གྱ་དགུ་པ། ལམ་ཐོག་ཏུ་དངོས་རྫས་སྤུངས་གཏོར་བཀྲམ་གསུམ་བྱས་ནས་མི་གཞན་ལ་གནོད་སྐྱོན་བཟོས་རིགས། འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་མི་སྒེར་གྱིས་དབང་ཆ་བརྩི་མེད་རྡོག་རོལ་གཏོང་བའི་འགན་འཁྲི་འཁུར་དགོས། 
        《གཞུང་ལམ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》(2004 དག་བཅོས)དོན་ཚན་སོ་ལྔ་པ། གཞུང་ལམ་དོ་དམ་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག་ནས་གཏན་འཁེལ་གནང་བའི་ལག་རྩལ་ཚད་གཞི་དང་བཀོལ་སྤྱོད་བྱེད་སྲོལ་བཅས་གཞིར་བཟུང་ནས་གཞུང་ལམ་བདག་སྐྱོང་བྱེད་དགོས་ཤིང་། གཞུང་ལམ་ཉིད་རྟག་ཏུ་ལག་རྩལ་གྱི་གནས་བབས་ཅུང་ལེགས་པོ་ཞིག་འགན་སྲུང་བྱེད་དགོས། 
        《ལམ་འགྲུལ་བྱུར་རྐྱེན་གུན་གསབ་གྱོད་གཞིར་བཅའ་ཁྲིམས་སྤྱོད་ཕྱོགས་གནད་དོན་ཁ་ཤས་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད》ཀྱི་དོན་ཚན་བཅུ་པ། ལམ་ཐོག་ཏུ་འགྲུལ་ལམ་ཤར་གཏོང་གི་གེགས་སུ་གྱུར་བའི་དངོས་རྫས་སྤུངས་གཏོར་བཀྲམ་གསུམ་བྱས་པའི་བྱ་སྤྱོད་དབང་གིས་འགྲིམ་འགྲུལ་བྱུར་རྐྱེན་འཐོན་ནས་གནོད་སྐྱོན་བཟོས་ཤིང་། དོ་བདག་གིས་བྱ་སྤྱོད་སྤེལ་མཁན་ལ་གུན་གསབ་འགན་འཁྲི་འཁུར་དགོས་པའི་རེ་འདུན་ཞུས་རིགས། མི་དམངས་ཁྲིམས་ཁང་ནས་རྒྱབ་སྐྱོར་བྱེད་དགོས། འགྲུལ་ལམ་དོ་དམ་བྱེད་མཁན་ནས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། རྒྱལ་ཁབ་ཚད་གཞི། ལས་རིགས་ཚད་གཞིའམ་ས་གནས་ཚད་གཞི་བཅས་ལྟར་གཙང་སེལ་དང་། འགོག་སྲུང་། ཉེན་ཟོན་དྲན་སྐུལ་སོགས་ཀྱི་འོས་འགན་བསྒྲུབས་པ་ར་སྤྲོད་བྱེད་མི་ནུས་རིགས། དེ་དང་འཚམ་པའི་གུན་གསབ་འགན་འཁྲི་འཁུར་དགོས། 
 (ལྷ་མོའི་ཁྲིམས་བཤད་ཅེས་པའི་སྤྱི་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1