དབུལ་ཕོངས་དུད་ཁྱིམ་དབུལ་ཐར་ཕྱུག་འགྱུར་བྱུང་བའི་རྣམ་པ་གསར་པ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 07-05


        ཉེ་བའི་ལོ་འགའི་རིང་ལ། མཛོད་དགེ་རྫོང་གིས་ཐོག་མཐའ་བར་གསུམ་དུ་བདེ་སྡོད་ལས་བརྩོན་རྒྱུན་འཁྱོངས་བྱས་པ་མ་ཟད།གནས་སྤོ་དང་དབུལ་ཐར་མཉམ་བསྐྱོད་ཀྱིས་མཐའ་འཁོབ་ས་ཁུལ་གྱི་དབུལ་ཕོངས་དུད་ཁྱིམ་དག་ལ་ཧུར་ཐག་གིས་གནས་སྤོ་སྲིད་ཇུས་ལག་བསྟར་བྱས་ཏེ།དབུལ་ཕོངས་དུད་ཁྱིམ་གྱི་འཚོ་བར་ཁག་ཐེག་བྱས།
        མཛོད་དགེ་རྫོང་བྱམས་མེ་གྲོང་རྡལ་ནི་རྫོང་མཁར་གྱི་ནུབ་རྒྱུད་དུ་ཆགས་ཤིང་།རྫོང་མཁར་དང་བར་ཐག་སྤྱི་ལེ་༥༠ཡི་མཚམས་སུ་ཡོད།ནུབ་ནི་རྨ་ཆུ་དང་ཀན་སུའུ་ཞིང་ཆེན་དང་འབྲེལ་ཡོད།མངའ་ཁོངས་སུ་བསྡོམས་པའི་སྲིད་འཛིན་སྡེ་བ་དྲུག་དང་།དེའི་ཁྲོད་དབུལ་ཕོངས་དུད་ཁྱིམ་༡༢༡དང་མི་འབོར་༥༠༠ཡོད།དེ་ལས་དབུལ་ཕོངས་དུད་ཁྱིམ་ཁ་ཤས་ནི་འགྲིམ་འགྲུལ་དང་བཏུང་ཆུ། རྨང་གཞིའི་སྒྲིག་ཆས་སོགས་ལྟོས་བཅས་ཀྱིས་སྟབས་མི་བདེ་བ་མ་ཟད། ད་དུང་སློབ་གསོ་དང་སྨན་བཅོས་སོགས་ཀྱི་སྤྱི་བའི་ཞབས་ཞུའང་ཆ་ཚང་མིན་པའི་སྣང་ཚུལ་ལྡན་པས། གནས་སྤོ་སྲིད་ཇུས་བརྒྱུད་དེ་གནད་དོན་འདི་དག་ད་གཟོད་ཐག་གཅོད་བྱས་ཡོད།

        མང་ཚོགས་རྣམས་ཁང་བ་གསར་བའི་ནང་དུ་གནས་སྤོ་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།གནས་སྤོ་དབུལ་སྐྱོར་ལག་བསྟར་བྱས་ནས། དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1