རྔ་བ་ཁུལ་གྱིས་རིག་གནས་གསར་གཏོད་ཐོན་ལས་སྐོར་གྱི་གསོ་སྦྱོང་བསྡུས།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-05



      ཀྲེ་ཅང་དང་རྔ་བའི་རིག་གནས་བགྲོ་གླེང་མཉམ་ལས་སྔར་བས་ཇེ་ལེགས་སུ་གཏང་བ་དང། ཀྲེ་ཅང་གི་རིག་གནས་ཐོན་ལས་གོང་འཕེལ་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱ་ཆེད། ཟླ6པའི་ཚེས20ཉིན། རྔ་བ་ཁུལ་རིག་གནས་གསར་གཏོད་ཐོན་ལས་གོང་འཕེལ་གྱི་ཆེད་དོན་གསོ་སྦྱོང་ཚོགས་འདུ་ཀྲེ་ཅང་སློབ་ཆེན་དུ་འཚོགས་པ་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་རྫོང་ཁག་ཁ་ཤས་ཀྱི་སློབ་མ་50ཐེངས་འདིའི་གསོ་སྦྱོང་དུ་ཞུགས་ཡོད་ལ། གཙོ་བོར་རིག་གནས་དང་གསར་གཏོད་ཀྱི་ཐོན་ལས་གོང་འཕེལ་དང་། མི་རིགས་རིག་གནས་ལྗོངས་སྐོར་ཐོན་ཁུངས་གསར་སྤེལ། རིག་གནས་གསར་གཏོད་ཐོན་ལས། མ་དངུལ་བསྡུ་རུབ་བཅས་ལ་སློབ་སྦྱོང་བྱས་ཡོད།
ཐེངས་འདིའི་གསོ་སྦྱོང་དུ་ཆེད་མཁས་པས་སློབ་ཁྲིད་དང་། དཔེར་བརྗོད་དབྱེ་ཞིབ། ཡུལ་དངོས་སློབ་ཁྲིད། བརྗོད་དོན་དཔྱད་གླེང་སོགས་ཀྱི་རྣམ་པའི་སྒོ་ནས་སློབ་ཁྲིད་བྱས་ཤིང་། ཐོས་རྒྱ་མཐོང་རྒྱ་བསྐྱེད་པ་མ་ཟད་ནུས་པ་མཐོ་རུ་བཏེགས། དོ་དམ་གྱི་ཐད་ལ་འཛིན་གྲྭའི་ཨུ་ཡོན་གྱིས་འགན་འཁུར་བ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་བ་མངགས་ཏེ་དོ་དམ་བྱས་ཤིང་། མཛད་སྒོ་རུ་ཀྲེ་ཅང་སློབ་ཆེན་གྱི་མི་ཆོས་སློབ་གླིང་གི་སློབ་གསོའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲིན་ཅེས་གཏམ་བཤད་གནང་བ་མ་ཟད། ཀྲེ་ཅང་སློབ་ཆེན་གྱི་གནས་ཚུལ་སོགས་མཚམས་སྦྱོར་བྱས། རྔ་བ་ཁུལ་རིག་གནས་རྒྱང་སྒྲོག་ཅུས་ཀྱི་མགོ་ཁྲིད་ཀྱིས་གསོ་སྦྱོང་གི་སྐབས་ཀྱི་སྒྲིག་ལམ་གསལ་བཤད་དང་། གསོ་སྦྱོང་དུ་ཞུགས་པའི་སློབ་མ་རྣམས་ལ་གོ་སྐབས་བཟང་པོ་དམ་འཛིན་དང་། སློབ་སྦྱོང་ལ་བརྩོན་པ། སྒྲིག་ལམ་བརྩི་བ། ཕན་ཚུན་བགྲོ་གླེང་བཅས་ཡོང་བ་བྱས་ཏེ་གསོ་སྦྱོང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ལོན་པར་འབད་དགོས་ཞེས་རེ་བ་ཕུལ་ཏོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1