ཡུག་རེན་གྱི་སྐྱེལ་འདྲེན་གནམ་གྲུ་ཞིག་ཨར་ཅི་རི་ཡའི་མངའ་ཁོངས་ནས་སར་ལྷུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01


         ཨར་ཅི་རི་ཡའི་སྐྱེལ་འདྲེན་པུའུ་ཡི་དཔོན་རིགས་ཀྱིས་ཟླ་8པའི་ཚེས་30ཉིན་བཤད་རྒྱུར། མི་བདུན་དྲུད་ཡོད་པའི་ཡུག་རེན་གྱི་དངོས་སྐྱེལ་གནམ་གྲུ་ཞིག་ཨར་ཅི་རི་ཡའི་ལྷོ་ཕྱོགས་ས་ཁུལ་ནས་སར་ལྷུང་འདུག ཨན-12རྟགས་ཅན་གྱི་དངོས་སྐྱེལ་གནམ་གྲུ་དེ་ཨ་ཅི་རི་ཡའི་ཐཱ་མན་ལཱ་སེ་ཐི་གནམ་གྲུ་ཐང་ནས་འཕུར་རྗེས་ས་དེའི་དུས་ཚོད་2དང་སྐར་མ་40་ཡི་སྟེང་སར་ལྷུང་བ་རེད། གནམ་གྲུ་དེ་སྐབས་དེར་དམར་ཐིག་ཀེ་ནེ་ཡཱ་རུ་འཕུར་བཞིན་ཡོད། གནམ་གྲུ་ལྷུང་སའི་ཡུལ་དངོས་སུ་འཚིག་ནས་ངོས་འཛིན་བྱེད་དཀའ་བའི་བེམ་པོ་གསུམ་རྙེད་ཡོད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1