དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དུ་གཏོང་བའི་སྐྱེ་ཁམས་འགན་འཁྲི—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-11


良好生态环境是最公平的公共产品,是最普惠的民生福祉。习近平总书记针对四川工作的重要指示中,对抓好生态文明建设、建设长江上游生态屏障等均提出明确要求。相关重要论述,充分体现了坚持人与自然和谐共生的基本方略,赋予了四川维护国家生态安全的重大使命,为我们践行绿色发展理念、推进美丽四川建设提供了根本遵循和行动指南。

要认清生态本底,牢固树立和践行“绿水青山就是金山银山”的理念。生态环境没有替代品,用之不觉失之难存。四川被誉为“天府之国”,不仅物产富饶,而且山川秀美、生态优美,自古就是个山清水秀的好地方。绿色、生态、美丽,已成为天府之国的一张亮丽名片,成为世世代代四川人一心守护的生命线。然而,在这种生态优势面前我们也决不可掉以轻心。一方面,四川盆地尤其是盆周山区独特的地理环境和特殊的地理位置,使得一部分生态品质区同时也是生态脆弱区,在多发的自然灾害以及传统的发展方式下,生态环境保护的任务十分艰巨;另一方面,四川是长江上游重要的生态屏障和水源涵养地,生态环境地位特殊,还肩负着维护国家生态安全的重大使命。认清这个生态本底,明晰这个重大使命,我们才能进一步统一思想认识,坚持把建设长江上游生态屏障、维护国家生态安全放在生态文明建设的首要位置,全力以赴把生态文明建设这篇大文章写好,为治蜀兴川再上新台阶厚植生态底色。

要深化生态认识,坚定不移走生态优先绿色发展之路。发展战略关乎发展全局。党的十八大以来,以习近平同志为核心的党中央把生态文明建设纳入“五位一体”总体布局和“四个全面”战略布局,确立绿色发展新理念,大力度推进生态文明体制改革,开创了我国生态文明建设的新局面。具体到四川,我们要继续深化、强力推进生态优先绿色发展战略,辩证处理好保护与开发、节约与利用、绿色与发展的关系,做好绿色发展“加减法”,打好绿色发展“组合拳”,大力淘汰污染落后产能,大力发展绿色低碳循环经济,着力构建适应绿色发展的空间体系、产业体系、城乡体系和制度体系,使四川的发展更加绿色、更有质量、更可持续。

要加强生态治理,持续用力打好污染防治攻坚战。生态环境经不起折腾。荒山秃岭要披上绿装,污水浊流要清澈透明,转化与修复,往往需要花费巨大的功夫、投入巨大的精力。对此,习近平总书记反复告诫,要像保护眼睛一样保护生态环境、要像对待生命一样对待生态环境。与其他省市相比,四川虽然具有生态资源的自然优势、生态环境的比较优势,但在长期快速发展的过程中,也积累、暴露出一些生态问题,在一些地方、局部领域,大气、水、土壤等污染问题不容乐观、不容回避。为此,我们一定要集合优势兵力,集中力量打一场大气、水、土壤污染防治攻坚战,让巴蜀大地天更蓝、地更绿、水更清。

“天下山水之观在于蜀”,这是大自然赋予我们的特殊恩赐,也是新时代四川发展的优势资源。唯有把“绿水青山就是金山银山”的理念贯彻落实到经济社会发展的各个环节、各个方面,一锤接着一锤敲,一张蓝图绘到底,才能肩负起新时代治蜀兴川的生态重任,实现美丽城镇和美丽乡村交相辉映、美丽山川和美丽人居有机融合,充分绽放四川独特的自然生态之美、多彩人文之韵,谱写好美丽中国的四川篇章。

སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་དྲང་བདེན་གྱི་སྤྱི་བའི་ཐོན་རྫས་དང་ཆེས་སྤྱི་ཕན་གྱི་དམངས་འཚོའི་བསོད་ནམས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀར་དམིགས་པའི་མཛུབ་སྟོན་གལ་ཆེན་ལས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་བྱེད་པ་སོགས་ལ་མངོན་གསལ་གྱི་བླང་བྱ་བཏོན། འབྲེལ་ཡོད་ཀྱི་ཞིབ་བརྗོད་གལ་ཆེན་ལས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་དགོས་པའི་གཞི་རྩའི་ཐབས་ཇུས་མངོན་ཏེ་སི་ཁྲོན་གྱིས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགན་སྲུང་བྱེད་པའི་ཐད་ལ་འོས་འགན་གལ་ཆེན་བསྩལ་ནས་ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་གྱི་སྐུལ་འདེད་ལ་རྩ་བའི་གཞི་འཛིན་དང་ཁྲིད་ཕྱོགས་འདོན་སྤྲོད་གནང་།

སྐྱེ་ཁམས་ཀྱི་གནས་ཚུལ་ལ་ངོས་འཛིན་གསལ་པོ་དང་“སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་སྲ་བརྟན་དང་དོན་འཁྱོལ་བྱ་དགོས། སྐྱེ་ཁམས་ཁོར་ཡུག་ལ་ཚབ་སྤྲོད་ཀྱི་ཐོན་རྫས་མེད་པས་བཀོལ་སྤྱོད་ལ་མ་གཟབ་ཚེ་གྱོང་གུད་ཆེན་པོ་ཐེབས་ངེས། སི་ཁྲོན་ལ་“བྱིན་ཆགས་ཞིང་ཁམས།”ཞེས་པའི་མཚན་སྙན་བསྩལ་ཡོད་ཅིང་། འདིར་ཐོན་དངོས་ཕུན་སུམ་ཚོགས་པར་མ་ཟད་རང་བྱུང་གི་བཀོད་པ་ལེགས་ཤིང་སྐྱེ་ཁམས་ལ་བྱིན་ཆགས་པས་གནའ་ནས་བཟུང་རི་ཆུའི་བཀོད་པ་ལེགས་པའི་གནས་མཆོག་ཅིག་ཏུ་བརྩི། ལྗང་མདོག་དང་སྐྱེ་ཁམས། མཛེས་སྡུག་ནི་བྱིན་ཆགས་ཞིང་ཁམས་འདིའི་མཛེས་སྡུག་གི་མིང་བྱང་ཞིག་ཏུ་གྱུར་པས་མི་རབས་ནས་མི་རབས་བར་གྱི་སི་ཁྲོན་མི་དམངས་ཀྱི་སེམས་ཀྱིས་སྲུང་བའི་ཚེ་སྲོག་གི་སྲུང་མཚམས་ཤིག་ཡིན་པ་རེད། དེ་བས་འདི་ལྟ་བུའི་ཡོན་ཏན་དུ་མས་བརྒྱན་པའི་སྐྱེ་ཁམས་ཀྱི་མདུན་དུ་ང་ཚོ་གཏན་གནས་ཟོན་བྲལ་རྣམ་གཡེང་གི་དབང་དུ་ཕྱིན་མི་རུང་། ཕྱོགས་གཅིག་ནས་སི་ཁྲོན་གཞོང་ས་སྟེ་གཞོང་སའི་ཉེ་འཁོར་གྱི་རི་ཁུལ་གྱི་དམིགས་བསལ་ས་ཁམས་ཁོར་ཡུག་དང་དམིགས་བསལ་གྱི་ས་ཁམས་ཀྱི་དབང་གིས་སྐྱེ་ཁམས་སྤུས་ལེགས་ཁུལ་ཁ་ཤས་ཀྱང་སྐྱེ་ཁམས་གཉོམ་ཞན་ཁུལ་ཡིན་པ་རེད། བྱུང་ཚད་མཐོ་བའི་སྐྱེ་ཁམས་གནད་འཚེ་དང་སྲོལ་རྒྱུན་གྱི་འཕེལ་རྒྱས་ཐབས་ལམ་འོག་སྐྱེ་ཁམས་ཁོར་ཡུག་གི་འོས་འགན་ཤིན་ཏུ་ལྕི་བ་རེད། ཕྱོགས་གཞན་ནས་སི་ཁྲོན་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཡོལ་སྲུང་དང་ཆུ་ཁུངས་སྲུང་གསོ་ཁུལ་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་ཁོར་ཡུག་གི་གོ་གནས་དམིགས་བསལ་ཡིན་པར་མ་ཟད། ད་དུང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགན་སྲུང་གི་འོས་འགན་ལྕི་མོ་ཁུར་དུ་བླངས་ཡོད་པ་རེད། སྐྱེ་ཁམས་ཀྱི་གནས་ཚུལ་འདིར་ངོས་འཛིན་དང་འོས་འགན་ལྕི་མོ་འདིར་མངོན་འདོན་བྱས་ཚེ། ང་ཚོས་ད་གཟོད་གོམ་གང་མདུན་སྤོས་ཀྱིས་བསམ་བློའི་ཤེས་རྟོགས་གཅིག་གྱུར་བྱས་ཏེ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་གནས་གལ་ཆེན་དུ་བཞག་ནས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྩོམ་ཡིག་འདི་ལེགས་པོར་བྲིས་ཏེ། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དེ་ཡང་བསྐྱར་སྐས་རིམ་གསར་པར་སྐུལ་འདེད་བཏང་ནས་སྐྱེ་ཁམས་གཞི་མདོག་རྒྱས་སུ་འཇུག་དགོས།

སྐྱེ་ཁམས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དམིགས་འཛིན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་དགོས། འཕེལ་རྒྱས་འཐབ་ཇུས་ནི་སྤྱི་ཡོངས་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་“གནས་ལྔ་གཞི་གཅིག”གི་སྤྱི་བཀོད་སྒྲིག་དང་“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་དུ་བཀོད་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཏན་འབེབབ་བྱས་ཏེ་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱར་ལ་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་བབ་གསར་པ་གཏོད། སི་ཁྲོན་གྱི་ཐད་ནས་ང་ཚོས་མུ་མཐུད་དུ་སྐྱེ་ཁམས་དམིགས་འཛིན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་དང་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས་ཤིང་།
རྩོད་སྒྲུབ་ཀྱི་ངོས་ནས་སྲུང་སྐྱོབ་དང་གསར་འབྱེད། གྲོན་ཆུང་དང་བེད་སྤྱོད། ལྗང་མདོག་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་“སྣོན་འཕྲི་བསྒྱུར”ལེགས་པོར་བསྒྲུབ་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་“མཉམ་སྡེབ་ཁུ་ཚུར”ལེགས་པོར་བརྒྱག་པ། ཤུགས་ཆེན་པོས་སྦགས་བཙོག་རྗེས་ལུས་ཀྱི་ཐོན་ནུས་དོར་བ་དང་ཤུགས་ཆེན་པོས་ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏང་དགོས་པར་མ་ཟད། ཤུགས་ཆེན་པོས་ལྗང་མདོག་འཕེལ་རྒྱས་དང་འཚམས་པའི་བར་སྟོང་མ་ལག་དང་ཐོན་ལས་མ་ལག ཡུལ་ཤོག་དང་གྲོང་ཁྱེར་གྱི་མ་ལག ལམ་ལུགས་མ་ལག་བཅས་སྒྲིག་འཛུགས་བྱས་ཏེ་སི་ཁྲོན་གྱི་འཕེལ་རྒྱས་སྔར་ལས་ལྗང་མདོག་དང་སྔར་ལས་སྤུས་བཟང་། སྔར་ལས་རྒྱུན་མཐུད་ཡིན་པར་འབད་དགོས།

སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ཏེ་རྒྱུན་མཐུད་ངང་ཤུགས་ཆེན་པོས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པོར་བརྒྱག་དགོས། སྐྱེ་ཁམས་ཁོར་ཡུག་གིས་གནོད་པ་མི་ཐེག་པ་ཡིན། རི་རྒོད་ཐང་སྐྱ་ལ་ལྗང་མྱུག་གིས་ཁེབས་དགོས་ཤིང་སྦགས་བཙོག་གིས་བརྫུས་པའི་གཙང་བོ་དྭངས་མོར་བསྒྱུར་དགོས། བསྒྱུར་འགོད་དང་བསྐྱར་གསོ་ལ་ཤུགས་མང་པོ་འདོན་དགོས། དེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་བསྟན་དོན། མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པ་དང་། ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས། ཞིང་ཆེན་གཞན་པ་དང་བསྡུར་ན་སི་ཁྲོན་ལ་སྐྱེ་ཁམས་ཐོན་ཁུངས་ཀྱི་རང་བྱུང་ཆ་རྐྱེན་དང་སྐྱེ་ཁམས་ཁོར་ཡུག་གི་ཆ་རྐྱེན་ཅུང་འཛོམས་ནའང་དུས་ཡུན་རིང་བའི་མགྱོག་མྱུར་གྱི་འཕེལ་རྒྱས་གོ་རིམ་ཁྲོད་སྐྱེ་ཁམས་ཀྱི་གནད་དོན་འགའ་གསོག་ཉར་དང་ཕྱིར་མངོན་པ་རེད། ས་ཆ་ཁ་ཤས་དང་བྱེ་བྲག་གི་ཁྱབ་ཁོངས་སུ་རླུང་ཁམས་ཆེན་པོ་དང་ཆུ། ས་གཤིས་སོགས་ཀྱི་སྦགས་བཙོག་གནད་དོན་ཚབས་ཆེ་བ་དང་གཡོལ་མི་རུང་བའི་ཚུལ་ལ་སྔོན་འདུག དེ་བས་ང་ཚོས་ངེས་པར་དུ་ལེགས་ཆ་བསྡུ་རུག་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་རླུང་ཁམས་ཆེན་པོ་དང་ཆུ་བོ། ས་གཤིས་བཅས་སྦགས་བཙོག་སྔོན་འགོག་གི་གཡུལ་འཐབ་ཅིག་བརྒྱབ་ནས་ས་ཁྲོན་གྱི་གནམ་སྔར་ལས་སྔོ་ཞིང་ས་གཞི་སྔར་ལས་ལྗང་བ། གཙང་པོ་སྔར་ལས་དྭངས་པར་བསྒྱུར་དགོས།

“གནམ་འོག་གི་རི་ཆུའི་ལྟད་མོ་སི་ཁྲོན་ན་ཡོད”ཅེས་པ་འདི་ནི་རང་བྱུང་ཁམས་ཆེན་མོས་ང་ཚོར་བསྩལ་བའི་དམིགས་བསལ་གྱི་བཀའ་དྲིན་ཡིན་པར་མ་ཟད། དུས་རབས་གསར་པའི་སི་ཁྲོན་འཕེལ་རྒྱས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆའང་ཡིན།“སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་”ཞེས་པའི་འདུ་ཤེས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་སོ་སོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ་ཐོ་བ་རེ་རེ་བཞིན་རྡུང་བ་དང་འཆར་འགོད་གཅིག་མཐའ་འཁྱོལ་བར་བྱས་ཚེ། ད་གཟོད་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་སྐྱེ་ཁམས་འོས་འགན་ཕྲག་ཏུ་བླངས་ནས་མཛེས་སྡུག་ལྡན་པའི་གྲོང་རྡལ་དང་ཞིང་གྲོང་མཉམ་འདྲེས་འཕེལ་རྒྱས་དང་བཀོད་པ་ལེགས་པའི་རི་ཆུ་དང་ཡ་རབས་ཀྱི་མི་དམངས་གཉིས་ཕན་ཚུན་གཅིག་འདྲེས། སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་མངོན་དུ་བཅུག་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་སི་ཁྲོན་ལེའུ་ལེགས་པོར་བྲི་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1