གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༡༦ཉིན།

༄༅།། ཁྱེད་ཀྱི་ཉལ་སྟངས་འགྲིག་འདུག་གམ།

1.ཕྲུ་གུ་དམར་འབྱར་སྙོལ་སྐབས་ཕྲུ་གུའི་མགོ་རུས་མཁྲེགས་པོ་ཆགས་མེད་པར་བརྟེན། གཞོགས་གཅིག་ཁོ་ནར་བསྙལ་བཞག་ན་མགོ་བོའི་བཟོ་ལྟ་འགྱུར་སྲིད་པ་མ་ཟད། ད་དུང་ཀླད་པའི་འཚར་ལོངས་ལའང་སྐྱོན་ཆེན་པོ་བཟོ་ཡི་ཡོད། དེར་བརྟེན་ཕྲུ་གུ་དམར་འབྱར་སྙོལ་སྐབས་གཞོགས་གཡས་གཡོན་གཉིས་པོ་ཡང་སེ་བརྗེ་དགོས།

2.མི་རྒན་པ་དང་བྱིས་པར་གཏན་འཁེལ་ཉལ་སྟངས་མེད་མོད། འོན་ཀྱང་ཁ་སྦུག་བསློགས་ནས་ཉལ་རྒྱུ་མེད། གལ་སྲིད་ཁ་སྦུག་བསློགས་ནས་ཉལ་ན་དབུགས་གཏོང་དཀའ་བ་དང་། སྙིང་ཁ་གཡུག་པར་འགོག་རྐྱེན་བཟོ་སྲིད། ལྷག་པར་དུ་ཁ་ལག་བཟས་རྗེས་དང་ཉིན་གུང་གཉིད་ཉལ་སྐབས་ཡག་ཤོས་བྱུང་ན་གན་རྐྱལ་བསློགས་པ་དང་གཞོགས་གཡས་ལ་ཁ་བསློགས་ཏེ་ཉལ་དགོས། དེ་ལྟར་བྱས་ཚེ་གཞོགས་གཡོན་གྱི་ཕོ་བར་ཤུགས་རྐྱེན་ཐེབས་ཏེ་ཟས་ཡག་པོ་འཇུ་ཐུབ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1