ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་སྤེལ་ནས་ལོ་འཁོར་ལྔ་ལོན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 08-28


        ཟླ8པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་སྤེལ་ནས་ལོ་འཁོར་ལྔ་ལོན་པའི་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་སྤེལ་ནས་ལོ་འཁོར་ལྔ་ལོན་པའི་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བསྒྱུར་བཅོས་ཀྱི་ནང་མཁོའི་རེ་བར་བསྟུན་ཡོད་པ་དང་། སྐྱིད་སྡུག་མཉམ་མྱོང་དང་འགན་དབང་མཉམ་ཁུར་གྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པའི་འདུ་ཤེས་མཚོན་ཡོད་ལ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བསྒྱུར་བཅོས་འཐུས་ཚང་དུ་གཏོང་བར་བསམ་ཕྱོགས་གསར་པ་དང་ཇུས་གཞི་གསར་པ་འདོན་སྤྲོད་བྱས་ཡོད། ང་ཚོས་གྲོས་སྡུར་གྲོས་མོལ་དང་མཉམ་སྐྲུན་མཉམ་སྐྱོད། མཉམ་ལས་མཉམ་རྒྱལ། བརྗེ་རེས་སློབ་སྦྱོང་བཅས་རྒྱུན་འཁྱོངས་བྱས་ནས། ལམ་རྒྱུད་ཀྱི་རྒྱལ་ཁབ་དག་དང་མཉམ་དུ་མཉམ་ལས་ཀྱི་མཐུན་ཆ་ཆེ་ཤོས་འཚོལ་བ་དང་། རྒྱལ་ཁབ་སོའི་ཆབ་སྲིད་ཡིད་ཆེས་དང་དཔལ་འབྱོར་མཉམ་འདྲེས། མི་ཆོས་མཉམ་འབྲེལ་བཅས་ལ་སྐུལ་འདེད་གཏོང་བ། གོ་རིམ་རེ་རེ་བཞིན་དུ་ལག་བསྟར་བྱེད་པ། དོན་དག་ཆུང་ཆུང་རེ་རེའི་སྟེང་ནས་གྲུབ་འབྲས་ལེན་པ་བཅས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དེ་ཟབ་མོ་དང་རྣལ་མར་སྤེལ་ནས། ལམ་རྒྱུད་ཀྱི་རྒྱལ་ཁབ་དག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་བཞུགས་མོལ་ཚོགས་འདུར་ཞུགས།
        བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་དང་། རྒྱལ་སྲིད་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོས་དོན་དངོས་དང་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་ཏེ། བསམ་འཆར་དང་གྲོས་གཞི་བཏོན།
        ཚང་མས་གཏམ་བཤད་པར་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ལོ་ལྔའི་རིང་ལ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པ་དེས་རང་རྒྱལ་གྱི་ཉོ་འཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་ཧ་ཅང་མཐོར་འདེགས་སུ་བཏང་བ་དང་། རང་རྒྱལ་གྱི་སྒོ་འབྱེད་ཚད་དེ་མཚོ་རྒྱུད་དང་ཆུ་རྒྱུད་ནས་སྐམ་ས་དང་མཐའ་མཚམས་སུ་རྒྱ་བསྐྱེད་ཡོད། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་ལག་ལེན་གྱི་སྟེགས་བུ་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་དགོས་ལ། འདི་ནི་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་ཡུན་རིང་གི་འཕེལ་རྒྱས་ལ་དམིགས་ནས་བཏོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་གནའ་ནས་བཟུང་རྒྱུན་འཁྱོངས་བྱེད་པའི་གནམ་འོག་གཅིག་ཏུ་འབྲེལ་བའི་འདུ་ཤེས་དང་མཐུན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་ནི་དཔ་འབྱོར་མཉམ་ལས་ཙམ་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་དང་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་འཛམ་གླིང་ཅན་དུ་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཡང་ཡིན་ཞེས་བསྟན།
        ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་སྔར་ལས་འབད་བརྩོན་ཆེན་པོས་བདེ་ཐང་བཟང་ཕྱོགས་འཕེལ་རྒྱས་ཀྱི་རྣམ་པ་སྲུང་འཛིན་བྱེད་པའི་རྨང་གཞིའི་སྟེང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་བསྒྱུར་དགོས་ལ། འདི་ནི་དུས་རིམ་རྗེས་མར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་བའི་གཞི་རྩའི་རེ་བ་ཡིན་ཟེར།
        ཧན་ཀྲིན་གྱིས་ཚོགས་འདུར་འགོ་འཛིན་མཛད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཚད་འཛིན་ས་མཐོ་བ་དང་ཁྱོན་ཡོངས་གཅིག་འདོམས་བྱས་ཡོད་ལ། དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ང་ཚོས་དེར་སློབ་སྦྱོང་ཟབ་མོ་བྱེད་པ་དང་། དེ་ལག་བསྟར་དངོས་འབེབས་ནན་མོ་བྱས་ཏེ། དུས་ཚོད་དམ་འཛིན་གྱིས་བྱ་བ་བསྒྲུབ་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་ཟབ་མོ་དང་རྣལ་མར་བསྒྲུབ་དགོས་ཞེས་བསྟན།
        ཏེན་ཞུའེ་ཞང་དང་ལིའུ་ཧི། དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཞའོ་ཅེ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1