བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་གླེང་སྟེགས་སྐབས་ལྔ་པ་སི་ཁྲོན་བྲག་འགོར་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-31


         ཟླ་8ཚེས་25ཉིན་གྱི་སྔ་དྲོར། བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་གླེང་སྟེགས་སྐབས་ལྔ་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་དུ་སྤེལ་ཡོད་ཅིང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་ཁེ་ལས་པ། ལས་བྱེད་མི་སྣ་200ལྷག་ཙམ་གླེང་སྟེགས་སུ་ཞུགས་ཡོད།
          ལོ་5ཡི་གོང་གི་ཟླ་8ཚེས་25ཉིན། ཀྲུང་གོའི་བོད་ཁུལ་མཉམ་སྒྲུབ་ཚོང་སྡེའི་གླེང་སྟེགས་སྐབས་དང་པོ་འཚོགས་པ་མ་ཟད། ལོ་རེར་བོད་ཁུལ་ས་གནས་ཁག་ཏུ་རེས་མོས་ཀྱིས་འཚོག་རྒྱུའི་གྲོས་ཐག་བཅད་ཡོད།

        ཐེངས་འདིའི་གླེང་སྟེགས་ནི་བྲག་འགོ་རྫོང་བཟོ་ཚོང་མཉམ་འབྲེལ་ཚོགས་པས་གཙོ་སྒྲུབ་བྱས་ཏེ་ཟླ་8ཚེས་25ཉིན་ནས་ཟླ་8ཚེས་27ཉིན་བར་སྤེལ་ཡོད་ཅིང་། དེར་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་བརྗོད་གཞིའི་བགྲོ་གླེང་དང་། ཁེ་ལས་པ་གྲགས་ཅན་གྱིས་སྤུས་རྟགས་ཀྱི་གཏམ་རྒྱུད་མཉམ་སྤྱོད། བོད་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བཅས་གྲོས་རིམ་གཙོ་བོ་གསུམ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1