རིག་རྩལ་འཁྲབ་སྟོན།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-08


    ཉེ་ཆར་བོད་ཀྱི་མལ་གྲོ་གུང་དཀར་རྫོང་རིག་གནས་ཡུལ་སྐོར་དང་གསར་འགྱུར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་དམིགས་ནས་ཉི་མ་ལྕང་རྭ་ཤང་ཕྱི་མ་ཁ་དམངས་ཁྲོད་རིག་རྩལ་ཚོགས་པ་གདན་དྲངས་ཏེ་ཤང་དེའི་སློབ་ཆུང་དུ་རིག་རྩལ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་བ་རེད། འཁྲབ་སྟོན་མཇུག་འགྲིལ་རྗེས་མལ་གྲོ་གུང་དཀར་རྫོང་རིག་གནས་ཡུལ་སྐོར་དང་གསར་འགྱུར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་མང་ཚོགས་ལ་རིག་གནས་དང་། ཡུལ་སྐོར། འཆལ་རྡུང་ལོག་སེལ། རིག་དངོས། སྐད་ཡིག་སོགས་ཀྱི་དྲིལ་བསྒྲགས་ལག་དེབ་དང་དྲན་རྟེན་དངོས་པོ་སོགས་ཁྱོན་2000ལྷག་ཙམ་སྤྲད་པ་རེད། འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1