མི་སེར་གྱི་ཕྱུག་ལམ་གསར་བ་སྟེ་རྒྱ་སེ་མེ་ཏོག

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-16


     ཉེ་ཆར། བཙན་ལྷ་རྫོང་ཞིན་ཆའོ་ཡུལ་ཚོ་ཀུང་ཧོ་གྲོང་སྡེའི་གྲོང་ཨུ་ཁང་གིས2018ལོའི་རྒྱ་སེ་མེ་ཏོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་རྒྱ་སེ་མེ་ཏོག་ཉོ་སྒྲུབ་མ་དངུལ་དེ་ལས་ཡུལ་དངོས་སུ་མང་ཚོགས་ལ་སྟེར་བའི་མཛད་སྒོ་སྤེལ།
     རྒྱ་སེ་མེ་ཏོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་ཁྲེང་ཝང་ཧུའེ་ཡིས་ངོ་སྤྲོད་བྱས་པར། ཞིན་ཆའོ་ཡུལ་ཚོར་ད་ལོའི་རྒྱ་སེ་མེ་ཏོག་ཉོ་སྒྲུབ་མ་དངུལ་ཁྱོན་སྒོར་ཁྲི137ཡོད་ལ། ཁྱིམ་ཚང་རེ་ལ་ཆེས་མང་ན་སྒོར57070ལྷག་བབས་ཡོད།

     ད་ལོར་རྫོང་དེ་གའི་རྫོང་ཁོངས་ཡོངས་སུ་རྒྱ་སེ་མེ་ཏོག་མུའུ8060བཏབ་ཡོད་ལ། རྫོང་ཡོངས་སུ་རྒྱ་སེ་མེ་ཏོག་ཏུན237ཉོ་སྒྲུབ་བྱས། རྒྱ་སེ་མེ་ཏོག་གི་ཉོ་སྒྲུབ་མ་དངུལ་ཁྱོན་སྒོར་ཁྲི365སྟེར། དེས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ9དང་གྲོང་སྡེ22ལ་རྒྱ་སེ་མེ་ཏོག་འདེབས་པར་སྐུལ་ཁྲིད་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1