ཉག་རོང་རྫོང་གིས་དགུ་གཉིས་རྒན་རྒོན་དུས་ཆེན་ལ་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-23


        སྤྱི་ཟླ10པའི་ཚེས17ཉིན་ནི་ལུགས་རྙིང་ལོའི་དགུ་གཉིས་རྒན་རྒོན་དུས་ཆེན་ཡིན་པས་རྫོང་ཨུ་རྩ་འཛུགས་པུའུ་དང་རྫོང་དམངས་སྲིད་ཅུས་ཀྱིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས། ཉག་རོང་རྫོང་ལྟེ་གནས་རྒན་གསོ་ཁང་དུ་ཕྱིན་ནས་གཅིག་བསྡུས་གཉོར་སྐྱོང་བྱས་པའི་རྒན་རྒོན་རྣམས་ལ་བདེ་སྡུག་འཚམས་འདྲི་ཞུ་བ་དང་ཆབས་ཅིག་བཟའ་བཏུང་གྱ་ནོམ་པ་བཤམས་ནས་རྒན་རྒོན་ཚོ་དང་དུས་ཆེན་མཉམ་གཏོང་བྱས་པ་རེད།

        བྱེད་སྒོའི་ཐོག་རྒན་རྒོན25ལ་བྱ་སྤུ་སྟོད་གོས25དང་འོ་མ་སྒམ25 འགྱིག་ཀྲུམ་སྒམ13 འཇམ་གདན25བཅས་ཞལ་འདེབས་ཕུལ་ཏེ་རྒན་རྒོན་ཚོའི་སེམས་སུ་ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་ཚོར་ཐུབ་པ་བྱས་པ་རེད། དེ་རྗེས་རྫོང་བཟོ་ཚོགས་ཁང་དང་གུང་གཞོན་ཚོགས་པའི་ཨུ་ལྷན་གྱིས་རྫོང་གི་རང་འདོད་དང་བླངས་པ་སྒྲིག་འཛུགས་བྱས་ནས་རྒན་རྒོན་རྣམས་ཀྱི་སྡོད་ཁང་བསྡུ་གསོག་དང་ཕྱགས་བདར་གཙང་མ་རྒྱག་པར་མ་ཟད་འཚམས་འདྲིའི་དངོས་རྫས་ཀྱང་བྱིན་ཏེ་སྤྱི་ཚོགས་ཀྱི་སེམས་ཁུར་དང་ལྟ་སྐྱོང་ཡང་མྱོང་ཚོར་བྱེད་དུ་བཅུག་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1