རྔ་བ་རྫོང་ནས་མེ་གསོད་བདེ་འཇགས་ཤེས་བྱའི་སྦྱོང་བརྡར་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 10-25


        ཉེ་ཆར། གོམ་གང་མདུན་སྤོས་ཀྱིས་རྔ་བ་རྫོང་གི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་མེ་གསོད་ཉེན་འགོག་མ་ལག་ལེགས་བཅོས་བྱས་པ་དང་། ཤུགས་ཆེན་པོས་མེ་འགོག་བདེ་འཇགས་འགན་འཁྲི་ལག་ལེན་བྱེད་རྒྱུ་དང་། མེ་གསོད་ཉེན་འགོག་བྱ་ཐབས་མཐོར་འདེགས་སུ་གཏོང་བའི་ཆེད་དུ། རྔ་བ་རྫོང་གིས་ཡུལ་གྲོང་དང་དགོན་པ་རུ་མེ་གསོད་བདེ་འཇགས་ཤེས་བྱའི་སྦྱོང་བརྡར་བྱེད་སྒོ་སྤེལ།

        སྦྱོང་བརྡར་བྱེད་སྒོའི་སྐབས། མེ་གསོད་རུ་ཁག་གིས་ཉེ་བའི་ལོ་འགའ་ཤས་སུ་བྱུང་བའི་དཔེ་མཚོན་རང་བཞིན་གྱི་མེ་སྐྱོན་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་མེ་འགོག་རྒྱུན་ཤེས་དང་མེ་གསོད་ཚུལ། ལག་འཁྱེར་གློག་སྒྲོན་དང་མེ་གསོད་ཆས་སོགས་ཀྱི་བཀོལ་སྤྱོད་བྱེད་སྟངས། མེ་སྐྱོན་བྱུང་སའི་ཡུལ་དངོས་ནས་ཅི་ལྟར་བྱོལ་དགོས་ཚུལ་སོགས་ལ་འཁྲབ་སྟོན་སྦྱོང་བརྡར་གང་ལེགས་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1