ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་དུ་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-26


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཀོང་ཏུང་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས། དུས་རབས་གསར་པར་སླེབས་རྗེས། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་བྱུང་བ་དང་། བཅོས་སྒྱུར་དང་འཕེལ་རྒྱས་གནས་བབ་གསར་པ་དང་ལས་འགན་གསར་པ། འགྲན་རྩོད་གསར་པ་བཅས་ལ་འཕྲད་ཡོད་པས། ང་ཚོས་གོ་སྐབས་དམ་འཛིན་དང་འགྲན་རྩོད་གདོང་བསུ་བྱེད་དགོས་ན། གནད་འགག་ནི་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་ནས། མུ་མཐུད་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་སྒོ་འབྱེད་ཕྱོགས་ཡོངས་ནས་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་ཡིན་ལ། ཁོར་ཡུག་ཇི་ལྟར་རྙོག་འཛིང་ཆེ་ན། ང་ཚོས་དེ་ལྟར་ཡིད་ཆེས་སྔར་ལས་བརྟན་པོ་དང་བྱེད་ཐབས་སྔར་ལས་ནུས་ལྡན་ལ་བརྟེན་ནས་བཅོས་སྒྱུར་དང་སྒོ་འབྱེད་རྒྱུན་ཆད་མེད་པ་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན།
        ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཞི་ཅིན་ཕིང་སྔ་གཞུག་ཏུ་ཀྲུའུ་ཧེ་དང་ཆིན་ཡོན། ཧྲིན་ཀྲིན། ཀོང་ཀྲིག་སོགས་ས་ཁུལ་གྱི་ཁེ་ལས་དང་མཐོ་རིམ་སློབ་གྲྭ། ཞང་སྡེ། སྡོད་ཁུལ་བཅས་སུ་ཕེབས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་སོགས་ལ་རྟོག་ཞིབ་མཛད།
        ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ཀོང་ཏུང་གི་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཀོང་ཏུང་ཞིང་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བཟང་པོ་བྱས་ནས། བསམ་བློ་སྔར་ལས་བཅིངས་འགྲོལ་དང་བཅོས་སྒྱུར་སྔར་ལས་ཟབ་སྤེལ། བྱ་བ་སྔར་ལས་དངོས་འབེབས་བཅས་བྱེད་དགོས་པའི་ཐུགས་རེ་བཏོན།
        ཞི་ཅིན་ཕིང་གིས་ཀོང་ཏུང་ལ་ཕྱོགས་བཞིའི་བྱ་བའི་ཐུགས་རེ་བཏོན། གཅིག བཅོས་སྒྱུར་སྒོ་འབྱེད་སྒོ་ཟབ་སྤེལ་བྱེད་དགོས། གཉིས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་མཐོར་འདེགས་སུ་གཏོང་དགོས། བཞི། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཞེས་བསྟན། 
        ཏེན་ཞུའེ་ཞང་དང་། ལིའུ་ཧི། ཧི་ལིས་ཧྥེང་བཅས་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1