སྔོན་དཔག་བྱས་ན་《གླིང་སྒྲུང་》རྒྱ་ཡིག་ཏུ་བསྒྱུར་བའི་ལས་ཀ་སང་ལོ་ཆ་ཚང་ལེགས་འགྲུབ་འབྱུང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-29


      ཟླ་11ཚེས་27ཉིན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་ཁང་གི་འགོ་ཁྲིད་ཚེ་རིང་ཕུན་ཚོགས་ཀྱིས། 《གླིང་སྒྲུང་》ད་བར་རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ཀྱི་ལེའུ་25བསྒྱུར་ཟིན་པ་དང་། ཡིག་བསྒྱུར་ཞུ་དག་དང་། རྩོམ་སྒྲིག་ཞུ་དག ཆེས་མཐའ་མའི་ཞུ་དག་བཅས་བརྒྱུད། ལེའུ་10ད་ལྟ་དཔེ་བསྐྲུན་བྱས་ཟིན་པ་དང་། དེའི་ལྷག་མ་ལེའུ་15དཔེ་བསྐྲུན་ཁང་ལ་སྤྲད་ཟིན་ཡོད་ཅིང་། ད་དུང་ལེའུ་5ད་ལྟ་ཡིག་སྒྱུར་བྱེད་བཞིན་པའི་སྒང་ཡིན་ཞིང་། སང་ལོར་ལེགས་འགྲུབ་ཡོང་རྒྱུ་རེད་ཅེས་བཤད།

     ཉིན་དེར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་》(བོད་ཡིག་གི་པར་གཞི)དང་《གླིང་སྒྲུང་》རྒྱ་ཡིག་ཏུ་བསྒྱུར་བའི་དཔེ་ཚོགས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད།

   ཚེ་རིང་ཕུན་ཚོགས་ཀྱིས། ཡིག་སྒྱུར་བྱེད་པའི་སྐབས་སུ། ལོ་ཙ་བས་མ་ཡིག་གི་རྩོམ་རིག་གི་ཉམས་འགྱུར་དང་སྒྱུ་རྩལ་གྱི་རྣམ་པ་སླར་ཡང་མངོན་པར་བྱེད་དགོས་ལ། ད་དུང་མ་ཡིག་གི་རིག་གནས་རང་བཞིན་དང་། མི་རིགས་རང་བཞིན་ལ་བརྩི་བཀུར་བྱེད་དགོས་པས། བླང་བྱ་འདི་གཉིས་གཅིག་གྱུར་ཡོང་བ་བྱ་དགོས་ན་དཀའ་ངལ་ཆེན་པོ་ཡོད་པ་བརྗོད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1