ཟུང་ཆུས་ཞིང་གྲོང་དུ་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་སྤེལ།

ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-29



     ཟུང་ཆུ་རྫོང་གི་རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་ཞིང་གྲོང་དུ་སྐྱེལ་བའི་སྣ་འཛོམས་དཔེ་སྟོན་གྱི་བྱ་བ་མགྱོགས་མྱུར་གོང་དུ་སྤེལ་ཆེད། ཉིན་བསྟུན་མར་ཟུང་ཆུ་རྫོང་གིས་ཡུལ་ཚོ་དང་གྲོང་རྡལ་ཚན་པ་རུ་བྱས་པའི་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་སྤེལ་ཞིང་། འབད་པ་ཆེན་པོས་རང་ས་རང་ཡུལ་གྱི་གློག་རྡུལ་ཚོང་དོན་མི་སྣ་གསོ་སྐྱོང་བྱས།
     གསོ་སྦྱོང་དུ་གློག་རྡུལ་ཚོང་དོན་གྱི་ཆེད་ལས་དགེ་རྒན་གདན་དྲངས་ནས་སློབ་ཁྲིད་བྱས་ཤིང་། ཆེད་ལས་དགེ་རྒན་གྱིས་རྫོང་ཁོངས་ཡོངས་ཀྱི་ཁྱད་ཐོན་དངོས་པོའི་ཐོན་ཁུངས་དང་ཁྱད་ལྡན་གྱི་ཐོན་ལས་སོགས་ཀྱི་ལེགས་ཆ་དང་སྦྲགས་ནས་སློབ་མ་རྣམས་ལ་གློག་རྡུལ་ཚོང་དོན་གྱི་ལེགས་ཆ་དང་རིན་ཐང་སོགས་ཞིབ་ཆའི་ངང་བཤད་པར་མ་ཟད། རྒྱལ་ཡོངས་ཀྱི2017ལོའི་བཅུ་གཅིག་ཟུང་གི་ཉིན་དེར་ཞིང་གྲོང་གི་ཐོན་རྫས་ཕྱིར་བཙོང་པའི་སྡུར་ཚད་ཀྱི་དཔེ་བརྗོད་བཀོད་དེ། གསོ་སྦྱོང་གི་ནང་དོན་རང་ས་རང་ཡུལ་གྱི་གློག་རྡུལ་ཚོང་དོན་དང་མཐུན་ཞིང་། བེད་ཆོད་ཀྱི་རང་བཞིན་དང་ཡང་ལྡན་པར་བྱས།
     ད་ལོར། ཟུང་ཆུ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ16གྱིས་ཟུང་ཆུ་རྫོང་གི་རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་གྱི་དཔེ་སྟོན་རྣམ་གྲངས་གོང་དུ་སྤེལ་བའི་རེ་འདུན་ལྟར། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྲིད་གཞུང་གི་ཚོགས་འདུ་ཁང་དུ་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་སྤེལ་ཅིང་། གསོ་སྦྱོང་བརྒྱུད་དེ་ཞིང་གྲོང་གི་མི་རྣམས་ཀྱིས་དྲྭ་ཐོག་ནས་བཅའ་ལག་ཉོ་བ་དང་དྲྭ་ཐོག་ནས་རང་ཡུལ་གྱི་ཐོན་རྫས་འཚོང་བའི་གཞི་རྒྱ་ཆེ་རུ་བཏང་སྟེ། ནུས་པ་ལྡན་པའི་སྒོ་ནས་ཞིང་གྲོང་གི་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་ཀྱི་ཆུ་ཚད་གོང་མཐོར་བཏང་བ་རེད། ཡུལ་ཚོ་དང་སྡེ་བའི་ནང་གི་ལས་བྱེད་པ་དང་། ཞིང་གྲོང་གི་ན་གཞོན་ཐོན་ལས་གསར་འབྱེད་པ། དམག་དཔུང་ནས་ཕྱིར་ཐོན་པའི་དམག་མི། ས་ཞིང་དང་སེམས་ཅན་གསོ་སྐྱོང་གི་ལས་ལ་འབད་བཞིན་པའི་ཁྱིམ་ཚང་སོགས་དང་། དེ་མིན་གསོ་སྦྱོང་དུ་ཞུགས་འདོད་པའི་མི་སེར་དཀྱུས་མ་སོགས་མཉམ་ཞུགས་ཀྱིས་གློག་རྡུལ་ཚོང་དོན་གྱི་སྐོར་ལ་སློབ་སྦྱོང་བྱས་པ་རེད།
     མིག་སྔའི་བར་དུ། རྫོང་ཁོངས་ཡོངས་སུ་ཁྱོན་སྐབས16ལ་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་སྤེལ་ཞིང་། སྐབས་དང་པོའི་གསོ་སྦྱོང་དུ་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་གསོ་སྦྱོང་སྤྲད་པ་དང་། སྐབས་བཅུ་པའི་གསོ་སྦྱོང་དུ་གློག་རྡུལ་ཚོང་དོན་ལས་རིགས་གསར་སྤེལ་གྱི་གསོ་སྦྱོང་སྤྲད་པ་སོགས། སྔ་ཕྱིར་གསོ་སྦྱོང་དུ་ཞུགས་པའི་མི3023ཡོད་པ་དང་། གསོ་སྦྱོང་གི་ལས་གཞིའི་རྣམ་གྲངས་འགྲུབ་ཚད་བརྒྱ་ཆ50.4རེད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1