སོ་མའི་མེ་ཏོག་གི་ཞིང་ས་གཤིན་པོ།། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ།།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-29


ལིའང་ཧྲན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བཞིན་པའི་གནས་ཚུལ་རགས་བཀོད།



ལོ་ཟླའི་གསུབ་མི་ཐུབ་པའི་འཚོལ་སྙེགས།
        ལིའང་ཧྲན་ནི་ལོ་རྒྱུས་སྟེང་དུ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་བསྐྱོད་པར་ངེས་པར་དུ་བརྒྱུད་དགོས་པའི་བགྲོད་ལམ་ཞིག་ཡིན་ཅིང་། གནའ་སྔ་མོའི་སྐབས་སུ་ལྷོ་ཕྱོགས་ཀྱི་དར་གོས་ཚོང་ལམ་གྱི་ངེས་པར་དུ་བརྒྱུད་དགོས་པའི་འགྲོ་ལམ་ཉག་གཅིག་ཡིན།  ལོ་རྒྱུས་ཀྱི་ལེ་ལོང་ངོས་སུ་མི་རིགས་མང་པོའི་འཚོ་གནས་ཀྱི་བརྒྱུད་རིམ་ཁྲོད་ཕ་གཞིས་མཉམ་སྐྲུན་དང་མི་རིགས་མཉམ་འདྲེས་ཀྱི་རྒྱུན་ཆད་མ་མྱོང་ལ།   མི་རིགས་སོ་སོའི་བར་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དགེ་སྐྱོན་གསབ་རེས་བྱས་པས།  ཕན་ཚུན་བར་ལ་འབྲལ་དུ་མེད་པའི་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ཆགས་ཡོད།
1935ལོར། ཀྲུང་དབྱང་གི་དམར་དམག་རྒྱང་སྐྱོད་ལིའང་ཧྲན་ལ་ཐོན་ཅིང་། ཀྲུང་དབྱང་གི་ཀྲུང་དབྱང་དམག་ཨུས་ལིའུ་པའོ་ཁྲེང་དང་ཉེ་རུང་ཆིན་གཉིས་ཀྱིས་སྔོན་སྐྱོབ་དམག་དཔུང་གིས་སྣེ་ཁྲིན་ནས། ལམ་བར་ནས་དཔའ་ངར་ཆེར་བསྐྱེད་ཀྱི་འཐབ་རྩོད་བྱས་པ་མ་ཟད།  ལམ་བར་ནས་ཏང་གི་མི་རིགས་སྲིད་ཇུས་ཁྱབ་བསྒྲགས་བྱས་ལ། རྙོག་དྲ་གང་འདྲ་ཞིག་ལ་ཐུག་ཀྱང་དབྱི་རིགས་སྤུན་ཟླ་མེ་མདའི་ཁ་མི་གཏོད་པ་རྒྱུན་འཁྱོངས་བྱས།  འདི་དག་ཚང་མ་དབྱི་རིགས་སྤུན་ཟླའི་སེམས་ཁོངས་སུ་རྡོ་བརྐོས་ཀྱི་རི་མོ་བཞིན་གསལ་ལེར་ཤར་ཡོད། དོན་དག་འདི་དག་གླེང་ན་ཀའོ་ཅི་ཁྱིམ་ཚང་གི་མེས་པོ་ཞའོ་ཡེ་ཏན་སེམས་འགུལ་ཆེན་པོ་ཐེབས་སྲིད། ཁོ་དང་ལིའུ་པའོ་ཁྲེང་གཉིས་ཀྱི་བར་དུ་སྤུན་ཟླའི་མནའ་འབྲེལ་འཇོག་མྱོང་། དབྱི་རིགས་དང་མནའ་འབྲེག་བཞག་པ་ནི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་ཡིན་ལ། དེའི་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དངོས་སུ་ལག་ལེན་དང་མི་རིགས་མཐུན་སྒྲིལ་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དེ་མཚོན་ཡོད།
        རིག་འགོག་དམག་འཁྲུག་གམ་བཅིངས་འགྲོལ་དམག་འཁྲུག  ཡང་ན་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི་འཛུགས་སྐྲུན་སོགས་གང་གི་ཐད་ལ་ཡང་།  ལིའང་ཧྲན་དབྱི་རིགས་སྤུན་ཟླའི་དཔུང་བ་མཉམ་གཤིབ་ཀྱིས་འབད་བརྩོན་བྱས་པའི་གནས་ཚུལ་སོགས་བུ་རབས་ཚ་རྒྱུད་ཀྱིས་གནའ་བཟང་སྤྱོད་བྱས་ཡོད་པས། ད་ལྟའི་ལིའང་ཧྲན་ས་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་ཞིང་ས་གཤིན་པོར་བདེ་སྐྱིད་གསར་བའི་མེ་ཏོག་ལྷུག་པོར་བཞད་ཡོད།
        1987ལོའི་ཟླ་8པའི་ཚེས་12ཉིན།  《ལིའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》ཏུ་དཔལ་འབར་དུས་ཆེན་ཀྱི་ཟླ་བ་དེ་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་གི་ཟླ་བར་གཏན་འབེབས་བྱས།
        1990ལོ་ནས་བཟུང་ལིའང་ཧྲན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཆད་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་འདུ་འཚོགས་ལ། ད་ལྟའི་བར་དུ་ལིའང་ཧྲན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་འཚོགས་འདུ་ཐེངས7ལ་འཚོགས་ཤིང་། དཔེ་བཟང་ཚོགས་པ་དང་དཔེ་བཟང་མི་སྒེར1316ལྷག་ལ་གཟེངས་བསྟོད་བྱས་ཡོད་པ་རེད།
ཐུན་མོང་གི་བསམ་ཕྱོགས་མཐུན།། མཛའ་གཅིག་གི་འོ་ཆུ་འདྲེས།།
        ནེ་པའོ་རྫོང་ཝུན་ཧྲུའེ་གྲོང་རྡལ་ཧྲི་ཙི་ཀུའུ་སྡེ་བ་ནི་རྒྱ་རིགས་འདུས་སྡོད་ཀྱི་སྡེ་བ་ཞིག་ཡིན་ཅིང་། ས་རྒྱ་ཁོད་སྙོམས་ལ་འབྲས་དང་སྲན་སེར། མ་རྨོས་ལོ་ཏོག་སོགས་རྨོ་འདེབས་བྱེད་བཞིན་ཡོད། རྒྱལ་ལམ་353དང་ནེ་ཡུང་གཞུང་ལམ་གཉིས་སྡེ་བ་འདིའི་སྡེ་དཀྱིལ་བརྒྱུད་ཡོད་པས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སྟབས་བདེ་སྐྲུན་ཡོད་པ་མ་ཟད།  སྡེ་བ་འདིའི་རྨང་གཞིའི་སྒྲིག་ཆས་ཁ་ཚང་ལ་ཆུ་དང་གློག་སོགས་སྟབས་བདེ་ཡིན་པས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལྟོས་བཅས་ཀྱི་མཐོན་པོ་ཡིན།
        ནེ་པའོ་རྫོང་ཝུན་ཧྲུའེ་གྲོང་རྡལ་ཐུང་ཁྲང་ཀུའུ་སྡེ་བ་ནི་དབྱི་རིགས་འདུས་སྡོད་ཀྱི་སྡེ་བ་ཞིག་ཡིན་ལ། ས་ངོས་ལས་མཐོ་ཚད་རྨིད2000ལྷག་གི་རི་སྐེད་དུ་ཆགས་ཡོད་ཅིང་། སྡེ་བ་འདིའི་མ་རྨོས་ལོ་ཏོག་དང་ཞོག་ཁོག་སོགས་རྨོ་འདེབས་བྱེད་བཞིན་ཡོད། སྡེ་བ་འདིར་ད་དུང་གཞུང་ལམ་དང་བཏུང་ཆུ་ཐོན་མེད་པ་མ་ཟད།  རྨང་གཞིའི་སྒྲིག་ཆས་ཆ་ཚང་མེད་པ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཉམས་ཞན་ཡིན་པ།  དབུལ་ཕོངས་ཁྱིམ་ཚང་མང་བའི་སྡེ་བ་ཞིག་ཡིན་མོད།  འོན་ཀྱང་གནད་དོན་འདི་དག་ཐག་གཅོད་དགོས་ན་མ་དངུལ་འབོར་ཆེན་ཞིག་དགོས་པས་དཀའ་ངལ་ཆེན་པོར་ཐུག་ཡོད།
        གནས་སྤོར་བྱེད་པའི་སྐོར་ལ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་མཐར་ཐུང་ཁྲང་ཀུའུ་སྡེ་བའི་དམིགས་བསལ་གྱི་དཀའ་ངལ་ལ་དམིགས་ནས། སྡེ་བ་འདིའི་རུ་ཁག་དང་པོ་དང་གཉིས་པའི་ཁྱིམ་ཚང་83ལ་སྡོད་ཁང་སྐྲུན་པར་ས་མུའུ་80ལྷག་དགོས་མོད། འོན་ཀྱང་ས་སྟོང་འདི་དག་ཧྲི་ཙི་ཀུའུ་སྡེ་བའི་ཁྱིམ་ཚང་17གྱི་གཞུང་སར་གཏོགས་པས།  ཁྱིམ་ཚང་འདི་དག་ལ་རེ་རེ་བཞིན་ཁ་བརྡ་དང་གྲོས་མོལ་བྱས་མཐར། མང་ཚོགས་རྣམས་ཀྱང་མོས་མཐུན་བྱུང་ནས་གནས་སྤོར་བྱ་བ་ལེགས་འགྲུབ་བྱུང་། 
        ད་ལྟའི་ཐུང་ཁྲང་ཀུའུ་སྡེ་བ་དང་ཧྲི་ཙི་ཀུའུ་སྡེ་བ་གཉིས་ཕན་ཚུན་ལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་མ་ཟད། ལག་རྡང་མཉམ་འབྲེལ་བྱས་ནས་ཕྱུག་འགྱུར་ལ་འབད་དེ་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྐྱོད་པར་རེ་བ་དང་ཡིད་ཆེས་ཀྱི་ཁེངས་ཡོད་ཅིང་། ཐུང་ཁྲང་ཀུའུ་སྡེ་བ་དང་ཧྲི་ཙི་ཀུའུ་སྡེ་བ་གཉིས་ཀྱི་ཕན་ཚུན་ལ་བཅངས་བའི་རྣམ་དག་གི་བརྩེ་བ་འདི་ནི་ལིའང་ཧྲན་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་མཚོན་དཔེ་ཞིག་ཏུ་གྱུར་ཡོད།
        2016ལོའི་ཟླ་4་བར།  ལིའང་ཧྲན་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་པའི་སྐུལ་སློང་ཚོགས་འདུ་འཚོགས་པ་ནས་བཟུང་། དུས་ཡུན་ལོ་གཉིས་ཀྱི་རིང་ལ་ལིའང་ཧྲན་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་པར་གྲུབ་འབྲས་ལེགས་པོ་ཐོབ་ཡོད། ལིའང་ཧྲན་ཁུལ་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའོ་མིང་དབྱང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལིའང་ཧྲན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱེད་པ་དང་དམངས་ཕན་ལས་ཀ་འཕེལ་རྒྱས་སུ་གཏོང་་བ་གཉིས་མཉམ་འབྲེལ་བྱས་ནས། མགྱོགས་མྱུར་སྒོས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དང་། སྤྱི་བའི་ཞབས་ཞུ་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་འཆམ་མཐུན་སོགས་ཀྱི་ལས་ཀར་ཤུགས་སྣོན་བྱས་ནས།  གསར་འཛུགས་ལས་ཀའི་གྲུབ་འབྲས་དག་མིག་གིས་མཐོང་ལ་ལག་པས་རེག་རྒྱུ་ཡོད་པར་བྱས་ཡོད།
དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། དམངས་འཚོ་ལེགས་སྒྱུར།
        མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ནི་ལས་ཀ་ཡོད་ཚད་ལེགས་འགྲུབ་ཡོང་བའི་རྨང་གཞི་དང་ཁག་ཐེག་ཡིན། ལིའང་ཧྲན་ཁུལ་གྱིས་བརྟན་བརླིང་དང་མཐུན་སྒྲིལ་ཡོང་བ་དེ་ཆབ་སྲིད་ཀྱི་འགག་རྩར་བཟུང་ནས། སེམས་ཤུགས་གཅིག་སྒྲིལ་དང་སེམས་ཐག་རྦད་ཆོད་ཀྱིས་མགྱོགས་མྱུར་སྒོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱས་ཏེ།  དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སྒྱུར་སོགས་ཀྱི་ལས་ཀ་ཡོད་ཚད་ལེགས་འགྲུབ་ཡོང་བར་བྱས་ནས།  ནུས་ཤུགས་ཡོད་པའི་སྒོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་བྱེད་བཞིན་ཡོད།
        2016ལོར། ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བ454མི་ཁྲི11.35་དབུལ་བྲལ་ལས་འགན་འགྲུབ་ཡོད།  དབུལ་ཕོངས་ཡོང་ཚད་བརྒྱ་ཆ་11.9ལྷག་ཇེ་དམའ་རུ་སོང་ཡོད།  2017ལོར། དབུལ་ཕོངས་སྡེ་བ500མི་ཁྲི་13.47དབུལ་བྲལ་ལས་འགན་ལེགས་འགྲུབ་བྱུང་ཡོད། 2015ལོར། སློབ་ཡོན་མི་དགོས་པའི་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བ ཡས་པས། སྡེ་བ་རིམ་བྱིས་གཉོར་ཁང་3069གསར་འཛུགས་བྱས་ནས།  བྱིས་པ་ཁྲི་11.3ལྷག་གི་སློབ་གསོ་མྱོང་དཀའ་བའི་གནད་དོན་ཐག་གཅོད་བྱས། གཞུང་གཉེར་སྨན་ཁང་གིས་སྨན་ཐོག་ལ་ཁེ་སྣོན་པ་དེ་མེད་པར་བཟོས་ནས། ལོ་དྲུག་མན་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་ཡིན་ན་མྱུར་སྐྱོབ་རང་བཞིན་གྱི་ནད་གསོ་བར་སྨན་ཡོན་མི་དགོས་པ་དང་། གྲོང་གསེབ་ཀྱི་སྨན་བཅོས་ཀྱི་ཁེབས་ཚད་བརྒྱ་ཆ99.6ཡིན། རྒྱབ་ཁབ་ཀྱི་ཨེ་འགོག་རིགས་16གི་ཚད་གཞི་ལོན་ཚད་བརྒྱ་ཆ་91ཡིན།  མི་གྲངས་འཕར་ཚད་བརྒྱ་ཆ་8.5ནང་དུ་ཚོད་འཛིན་བྱས་ཡོད།  དེ་མིན་རྨང་གཞིའི་སྒྲིག་ཆས་སྐོར་ལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། གཞུང་ལམ་རང་ཚད་སྔོན་ཆད་ཀྱི་ལེ་བར་ཁྲི2.14ནས་ད་ལྟ་ལེ་བར་ཁྲི་2.7འཕར་ཡོད། སྲིད་འཛིན་སྡེ་བར་འཕྲིན་གཏོང་དྲ་རྒྱའི་ཁེབས་ཚད་བརྒྱ་ཆ་98.93ཡིན་ལ། ཁུལ་ཡོངས་ཀྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ་33.04ཡིན་ཅིང་། ནགས་ཚལ་གྱི་ཁྱབ་ཚད་བརྒྱ་ཆ་45.1ལྷག་ཡིན།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1