ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་རླབས་ཆེའི་དུང་སྒྲ།

བསྟན་འཛིན་ཉི་མ་དང་འཇིགས་མེད་ཀྱི་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-05


        ཁྲོན་བོད་ལྕགས་ལམ་ནི་ཁྲེན་ཏུའུ་གྲོང་ཁྱེར་ནས་འགོ་བཙུགས་ཏེ། གཡག་རྔ་དང་། དར་རྩེ་མདོ་བརྒྱུད་དེ་ཀམ་ཐོག་ནས་འབྲི་ཆུ་བརྒལ་རྗེས་བོད་ལྗོངས་སུ་སྦྲེལ་ཞིང་། དེ་ནས་ཆབ་མདོ་དང་ཉིང་ཁྲི། ལྷོ་ཁ་སོགས་བརྒྱུད་ནས་ལྷ་ས་སྦྲེལ་ཡོད། ལམ་ཐིག་དེས་རིམ་པ་བཞིན་སི་ཁྲོན་གཤོང་ས་དང་སི་ཁྲོན་ནུབ་རྒྱུད་ཀྱི་རི་མཐོའི་གྲོག་རོང་ཁུལ། ཁྲོན་ནུབ་ས་མཐོའི་ཁུལ། བོད་ཤར་ལྷོའི་འཕྲེད་རྒྱུགས་རི་རྒྱུད་ཁུལ། བོད་ལྷོའི་གྲོང་རོང་ཁུལ་སོགས་ས་ངོས་ཆགས་ཚུལ་གྱི་རྣམ་པ་ལྔ་བརྒྱུད་པ་དང་། སྔ་རྗེས་སུ་རྒྱལ་མོ་རྔུལ་ཆུ། ཉག་ཆུ། འབྲི་ཆུ། ཟླ་ཆུ། རྒྱ་མོ་རྔུལ་ཆུ། ཡིད་འོང་གཙང་པོ། ཡར་ཀླུང་གཙང་པོ་སོགས་བརྒལ། ས་བབ་བྱང་མཐོ་ལྷོ་དམའ་ལ། ནུབ་མཐོ་ཤར་དམའ། འདི་ནི་ཆེས་སྐྲུན་དཀའ་བའི་ལྕགས་ལམ་ཡིན་པ་ཀུན་གྱི་ཁས་ལེན་བཞིན་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་དེ་ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་ས་བབ་དམའ་ས་ནས་འགོ་ཚུགས་པ་དང་། ཁྲེན་ཏུའུ་ནས་ལྷ་ས་བར་དུ་སྨི་ཁྲི་1.4གྱེན་དུ་སྐྱོད་ཡོད་པ་དང་། ལམ་བར་དུ་“ འཛམ་གླིང་ཡོངས་ཀྱི་ཆེས་འཇིགས་སུ་རུང་བའི་ས་དབྱིབས་” ཁ་ཤས་བརྒྱུད་ནས་བོད་ལྗོངས་སུ་སླེབས་ཐུབ། དེའི་ལམ་བར་དུ་ཕུག་ལམ་དང་ཟམ་པ་མང་དག་རྒྱུད་དགོས། དེའི་རྐྱེན་གྱིས་ཕྱི་རྒྱལ་གྱི་ཆེད་མཁས་པ་ཚོས་དེ་ནི་ཆེས་རྔམ་བརྗིད་ལྡན་པའི་གཡུ་འབྲུག་སྔོན་མོ་ཞིག་དང་འདྲ་ཞེས་བརྗོད་བཞིན་ཡོད།
        འཆར་འགོད་ལྟར་ན། ཁྲོན་བོད་ལྕགས་ལམ་གྱི་འཛུགས་སྐྲུན་དུམ་བུ་བཞི་ལ་དབྱེ་ཡོད། དེའི་ནང་ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ལམ་དུམ་2014 ལོའི་ལོ་མཇུག་ཏུ་ལས་འགོ་བཙུགས་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་2015ལོའི་ཟླ་6པར་ལས་འགོ་བཙུགས། 2016 ལོའི་ཟླ་དང་པོར་གཡག་རྔ་ནས་དར་རྩེ་མདོ་བར་( ར་རྔ་ཁ།) གྱི་དུམ་བུ་བསྐྲུན་ཟིན་པ་དེ་ལག་བསྟར་བྱ་ཐུབ་པའི་ཞིབ་འཇུག་སྙན་ཞུར་བཟོ་བཅོས་རྩོམ་སྒྲིག་ནང་དུ་བཀོད་ཡོད། དར་རྩེ་མདོ་ནས་ཉིང་ཁྲི་བར་ལེགས་འགྲུབ་བྱེད་ཐུབ་མིན་གྱི་ཞིབ་འཇུག་གྲུབ་འབྲས་ནི་ད་ལོའི་ཟླ་10 ནང་ཚར་བ་རེད། ཆེས་སྐྲུན་དཀའ་བའི་ལྕགས་ལམ་ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་སྤྱི་ལེ་1800ཇུས་འགོད་ཚང་མ་བྱས་ཡོད་པ་མཚོན།

        ཡོངས་བསྒྲགས་དཔྱད་གཞི་ལས་མངོན་པར་ལྟར། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོའི་རིང་ཚད་སྤྱི་ལེ་1838ཡོད་པ་རེད། གསར་བཙུགས་ལྕགས་ལམ་ཧྲིལ་པོའི་རིང་ཚད་སྤྱི་ལེ་1738ཡོད། ཟམ་པ་དང་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་1413ཡོད་པ་དང་ལྕགས་ལམ་ཧྲིལ་པོའི་རིང་ཚད་ཀྱི་81% ཟིན། ལས་གྲྭ་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་2166 གཏང་རྒྱུ་རེད། ཆུ་ཚོད་རེའི་མགྱོགས་ཚད་སྤྱི་ལེ་200ཡིན་པ་འཆར་བཀོད་བྱས་ཡོད། ལམ་ཁག་ལ་ལའི་མགྱོགས་ཚད་སྤྱི་ལེ་160ཚད་བཀག་བྱས་ཡོད། བསྐྲུན་ཟིན་རྗེས་ཁྲེན་ཏུའུ་ནས་མེ་འཁོར་ལ་བསྡད་ནས་ལྷ་ས་འགྲུལ་བཞུད་བྱས་ན་སྔོན་གྱི་ཆུ་ཚོད་43དེ་ཁྲོན་བོད་ལྕགས་ལམ་བསྐྲུན་རྗེས་ཆུ་ཚོད་13ནང་དུ་ཐོན་ཐུབ། བོད་ལྗོངས་དེ་འབྲི་ཆུའི་དཔལ་འབྱོར་ཁུལ་ནང་སྦྲེལ་བ་དང་། ཀྲུང་གོ་ཨེ་ཤ་ཡ་ལྷོ་མར་སྐྱོད་པའི་སྟབས་བདེ་སྐམ་ཐོག་རྒྱུག་ལམ་ཆགས་ཡོད།

ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་སྒྲོམ་གཞི་ལེགས་པར་འགྲུབ་ནས་ཁྲེན་ཕུའུ་ལྕགས་ལམ་དང་དུས་མཉམ་དུ་ཤར་གཏོང་བྱ་རྒྱུ་རེད།
        2018ལོའི་ཟླ་4བའི་ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2ཐོག ཟམ་སྐྲུན་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་འགྲོགས་ནས་ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལམ་ཐིག་ཧྲིལ་པོའི་ཆེས་མཐའ་མཇུག་གི་Tདབྱིབས་ཀྱི་གདུང་མ་དེ་ལའོ་ཧྲན་ནས་གཡག་རྔ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་ཨང་6་དང་7བར་གྱི་ཟམ་གདན་སྟེང་བབས། དེས་ཁྲོན་བོད་ལྕགས་ལམ་ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་Tདབྱིབས་ཅན་གྱི་གདུམ་མ་1864འཛུགས་རྒྱུའི་ལས་ཀ་ཡོངས་སུ་མཇུག་བསྒྲིལ་བ་དང་། ཁྲོན་བོད་ལྕགས་ལམ་ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ལམ་ཐག་ཧྲིལ་པོའི་ནང་ལྕགས་ལམ་འདིང་བའི་གནད་འགག་དུས་རིམ་དུ་སླེབས་པར་མཚོན། ཁྲོན་བོད་ལམ་རྒྱུད་ཀྱི་འཛུགས་སྐྲུན་སྐུལ་འདེད་གཏང་ཆེད་རྨང་གཞི་བརྟན་པོར་བཏིང་ཡོད་།
        ཁྲེན་ཏུའུ་ནས་གཡག་རྔ་བར་ནི་ཁྲོན་བོད་ལྕགས་ལམ་གྱི་ལས་གྲྭ་བཞིའི་ནང་གི་གཅིག་ཡིན་པ་དང་། ཁྲེན་ཕུའུ་ལྕགས་ལམ་ཇུས་འགོད་བྱེད་སའི་མཐའ་སྣེ་ཁྲའོ་དབྱང་མཚེའུ་འབབ་ཚུགས་ནས་ཕྱིར་བུད། ནུབ་ཕྱོགས་སུ་གཡག་རྔ་གྲོང་ཁྱེར་དུ་སླེབས། ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ་41.18ཡོད་པ་དང་། མིན་ཧྲན་དང་གཡག་རྔའི་རླངས་འཁོར་འབབ་ཚུགས་གཉིས་གསར་སྐྲུན་བྱས་ཡོད། ཁྲེན་ཏུའུ་དང་། གཡག་རྔ་གྲོང་ཁྱེར་གཉིས་བརྒྱུད་དགོས་པ་དང་། དེའི་ནང་ཁྲེན་ཏུའུ་གྲོང་ཁྱེར་མངའ་ཁོངས་ནང་གི་ལམ་ཚད་ལ་སྤྱི་ལེ་6.112ཡོད་པ་དང་། གཡག་རྔ་གྲོང་ཁྱེར་མངའ་ཁོངས་ནང་གི་ལམ་ཚད་ལ་སྤྱི་ལེ་35.072ཡོད། ལས་གྲྭ་དེ་ནི་2014ལོའི་ཟླ་12པའི་ཚེས་6ནས་ལས་འགོ་བཙུགས་པ་བཟུང་། འཛུགས་སྐྲུན་དུས་ཡུན་ལོ་4ལྷག་དགོས་པ་དང་། མིག་སྔར་ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་དྲྭ་འོག་དང་དྲྭ་ཐོག་ལས་གྲྭ་ཚང་མ་ལས་མཇུག་འགྲིལ། ད་ལྟ་ཞིབ་བཤེར་རྩིས་ལེན་བྱེད་པའི་དུས་སུ་སླེབས་ཡོད། ཉེ་དུས་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟའི་ལས་དོན་སྤེལ་ཞིང། སྔོན་དཔག་བྱས་ན་ཟླ་11 ཚེས་26 གོང་ཤར་གཏོང་གི་ཆ་རྐྱེན་འཛོམས་ཐུབ།
        ཀྲུང་གོ་ལྕགས་ལམ་ཁྲེན་ཏུའུ་ཅུས་ཀྱི་ཚོགས་པའི་སྤྱི་གཉེར་ཁང་གིས་2018ལོའི་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག་གསལ་པོར་བསྟན་དོན། ཁྲོན་བོད་ལྕགས་ལམ་གྱི་ཁྲེན་ཕུའུ་ལྕགས་ལམ་དང་། ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་ནི་འཆར་གཞི་ལྟར་ད་ལོའི་ཟླ་11པའི་ཚེས་30ཉིན་མཉམ་དུ་ཤར་གཏོང་ཐུབ་རྒྱུ་དང་། ཇུས་བཀོད་ལྟར་ཆུ་ཚོད་རེའི་མགྱོགས་ཚད་སྤྱི་ལེ་160ཡིན། སྐབས་དེར་སྤྱིར་བཏང་མྱུར་ཚད་ཅན་གྱི་མེ་འཁོར་ལ་བསྡད་ན་ཁྲེང་ཏུའུ་ནས་གཡག་རྔ་བསྐྱོད་ཚེ་ཆུ་ཚོད་གཅིག་ཙམ་ལ་འབྱོར་ཐུབ། ཧ་ལམ་ཆུ་ཚོད་གཉིས་ཀྱི་སྔོན་གྱི་ལམ་ཐག་དང་བསྡུར་ན་ཕལ་ཆེར་དུས་ཚོད་ཕྱེད་ཀ་གྲོན་ཆུང་བྱེད་ཐུབ།
ལྷ་ཉིང་བར་གྱི་ལྕགས་ལམ་ལ་ལམ་ལྕགས་འདིང་འགོ་ཚུགས་པ།
         2015ལོའི་ཟླ་6པར་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་དངོས་སུ་སྐྲུན་འགོ་ཚུགས། ལམ་ཐིག་ཧྲིལ་པོ་ནི་གློག་སྒུལ་ཅན་གྱི་རིམ་པ་དང་པོའི་ལྕགས་ལམ་ཐིག་རྐྱང་ཡིན་པ་དང་། དུས་མཉམ་དུ་ལྷ་ཤེལ་ལྕགས་ལམ་སྟེ་ལྷ་ས་ནས་ཤེལ་གྲོང་བར་གྱི་ལམ་དུམ་བུ་སྤྱི་ལེ་32 ལ་གློག་སྒུལ་ཅན་དུ་བསྒྱུར་བཀོད་བྱ་རྒྱུ་རེད། འཆར་འགོད་ལྟར་མེ་འཁོར་གྱི་མགྱོགས་ཚད་ཆུ་ཚོད་རེར་སྤྱི་ལེ་160 ཡིན་པ་དང་། དེའི་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་རྗེས་ལྷ་ས་ནས་ཉིང་ཁྲིའི་བར་ཆུ་ཚོད་3ཙམ་ལས་འགོར་གྱི་མེད་པས་ད་ལྟའི་རླངས་འཁོར་དུ་བསྡད་པ་དང་བསྡུར་ན་ཆུ་ཚོད་5གྲོན་ཆུང་བྱེད་ཐུབ།
        ད་ལོའི་ཟླ་9པའི་ཚེས་28ཉིན་གྱི་ཆུ་ཚོད་10 པ་ཙམ་ལ། ཆེས་མཐའ་མཇུག་གི་ལྕགས་མདོང་བཞག་པ་དང་བསྟུན་ནས། ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་བར་གྱི་དུམ་བུའི་གཙང་མུའུ་ཐུ་ཟམ་ཆེན་དངོས་སུ་བསྐྲུན་ཐུབ་པ་རེད། ཟམ་ཆེན་གྱི་སྒྲིག་གཞི་གཙོ་བོའི་ཨར་ལས་ལ་གནད་འགག་རང་བཞིན་གྱི་རྒྱལ་ཁ་ལོན་པར་མཚོན། ལྷ་ཉིང་ལྕགས་ལམ་ཕྱོགས་ཡོངས་ནས་དུས་ཐོག་ཏུ་ཤར་གཏོང་ཐུབ་ཆེད་རྨང་གཞི་བརྟན་པོར་བཞག། ལྷ་ས་ནས་ཉིང་ཁྲིའི་བར་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ཆ་ནས། གཙང་མུའུ་ཐུ་ཟམ་ཆེན་ནི་ཀྲུང་གོའི་ཀྲུང་གོ་ལྕགས་ལམ་ཀོང་ཀྲོའུ་ཅུས་ཀྱི་ཚོགས་པས་སྐྲུན་འགན་འཁུར་བ་དང་། ཟམ་ཆེན་ནི་ལྕགས་དང་ཨར་ལས་ཀྱི་གཞི་དབྱིབས་དཀྱིལ་བཀོད་ཀྱི་རྣམ་པ་བེད་སྤྱོད་བྱས་པ་དང་སྤྱིའི་རིང་ཚད་སྨི་430ཡོད་པ་དང་། ཨར་འདམ་གཞུ་དབྱིབས་ཀྱི་མཐོ་ཚད་ལ་སྨི་112ཡོད་པ་རེད། ཡར་ཀླུང་གཙང་པོའི་གྲོག་རོང་དུ་འཕྲེད་ཉལ་བྱས་ཡོད། ཆུའི་གཏིང་ཚད་སྨི་66 དང་། ཡར་ཀླུང་གཙང་པོ་བརྒལ་བའི་ལྕགས་ལམ་གྱི་ཟམ་པ་ཐོག་མ་རེད། ད་ལྟ་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་འཁོར་ལམ་རིམ་སྒྲིག་དང་ཨར་དུམ་འཇོག་པའི་འགོ་བརྩམས། དེས་ལྷ་ཉིང་དུམ་བུའི་ལམ་ཐག་ཧྲིལ་པོར་ལྕགས་ལམ་འདིང་རིམ་དངོས་སུ་སླེབས་པ་མཚོན།
        རྒྱུས་ལོན་བྱས་པ་ལྟར་ན་ལྷ་ས་ནས་ཉིང་ཁྲི་བར་ནི་བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་ཡིན་པ་དང་། ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་435.48ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་366.76བཏང་ཡོད། ལམ་རྒྱུད་དུ་མེ་འཁོར་འབབ་ཚིགས་38 ཡོད་པ་དང་། དེའི་ནང་ལམ་ཐིག་ཧྲིལ་པོར་མེ་འཁོར་བབས་ཚུགས་34 གསར་སྐྲུན་དང་། ལྕགས་ལམ་ཧྲིལ་པོར་རིང་ཚད་སྤྱི་ལེ་402 གསར་འཛུགས་བྱས་པ་དང་། 2021ལོར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད་། ཆེས་གླེང་རིན་ཡོད་པ་ཞིག་ནི། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་བུ་དེ་ཡར་ཀླུང་གཙང་པོ་ཐེངས་16 བརྒལ་ཡོད་། ས་གནས་དེ་དག་ནི་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་རི་བོ་གནམ་ལྕགས་འབར་བ་དང་སྐད་གྲགས་ཆེ་བའི་བསམ་ཡས་གཙུག་ལག་ཁང་སོགས་ལམ་བརྒྱུད་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1