གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༠༧ཉིན།

༄༅།། ཉིན་རེར་སྒོ་ང་གཅིག་ རེ་ཟོས་ན་སྐྲ་ཤུད་པ་སྔོན་འགོག་བྱེད་ཐུབ།

        སྤུས་ལེགས་སྤྲི་དཀར་ཁ་གསབ་བྱེད་པ་དང་།དྲན་པ་ཇེ་གསལ་དུ་འགྲོ་བ།མིག་ཤུགས་ལ་སྲུང་སྐྱོབ་བྱེད་པ་སོགས་སྒོ་ངས་ང་ཚོར་སྦྱིན་པའི་བཟང་ཆ་ནི་བགྲང་ལས་འདས་པ་ཞིག་ཡོད།ཨ་མེ་རི་ཁའི《སྨན་སྤྱོད་ཟས་རིགས་དུས་དེབ》སྟེང་དུ་བཀོད་པའི་འཇར་པན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཉིན་རེར་སྒོ་ང་གཅིག་རེ་ཟོས་ན་སྐྲ་ཤུད་པ་སྔོན་འགོག་བྱེད་ཐུབ།
        ཚན་རིག་པས་མིའི་བ་སྤུ་བུ་ག་ཙི་གུའི་ལུས་སྟེང་དུ་འདེབས་པ་སོགས་ཀྱི་ཞིབ་འཇུག་རབས་དང་རིམ་པ་བརྒྱུད་དེ་ཤེས་པ་ལྟར་ན།སྒོང་སེར་གྱིས་བ་སྤུའི་ཕྲ་ཕུང་སྐྱེས་པར་ཕོག་ཐུག་བཏང་ནས།སྐྲ་ཤུད་པ་སྔོན་འགོག་བྱེད་ཐུབ།ཞིབ་འཇུག་པས་བསྟན་དོན།སྒོང་སེར་ནང་དུ་བ་སྤུའི་ཕྲ་ཕུང་སྐྱེས་པར་ཕོག་ཐུག་གཏོང་བའི་དངོས་པོ་ཞིག་འདུས་པ་དང་།དེ་ཕྱི་པགས་སྟེང་དུ་བྱུགས་པ་དང་ཡང་ན་འཐུང་ན་ཁྲག་རྩའི་ནང་པགས་འཚར་སྐྱེ་རྐྱེན་རྡུལ་ཞེས་པའི་སྤྲི་དཀར་ཞིག་འབྱུང་སྲིད་ལ།སྤྲི་དཀར་དེས་བ་སྤུའི་ཕྲ་ཕུང་སླར་གསོ་བྱེད་པ་དང་ཡང་ན་སྐྱེས་བར་ནུས་པ་གལ་ཆེན་འདོན་ཐུབ་པ་རེད།
        དེ་ལས་གཞན་ད་རུང་སྐྲའི་ནང་དུ་རྭའི་སྤྲི་དཀར་གྱིས70%ཟིན་ཡོད་ལ།སྒོ་ངའི་ནང་དུ་སྤྲི་དཀར་མང་པོ་འདུས་པ་རེད།དེའི་རྐྱེན་གྱིས་སྤྲི་དཀར་ཁ་གསབ་བྱེད་པའི་ཐད་ནས་བཤད་ན།སྒོ་ང་ཟོས་ན་སྐྲའི་གནོད་འཚེ་སླར་གསོ་དང་སྐྲ་ཕུད་པ་སྔོན་འགོག་བྱེད་ཐུབ་པ་ནི་ཚན་རིག་དང་མཐུན་པ་ཞིག་ཡིན་ནོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1