གློག་འཐེན་ནས་བོད་ཁུལ་གྱི་ཁྱིམ་ཚང་མང་པོར་དྲོད་ཁོལ་བསྐྱལ།

རྩོམ་སྒྲིག་པ།ཡོང་ཁུངས།ྲརྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 12-24


        2012ལོ་ནས་བཟུང་། སྔོན་ཆད་ཡོད་མ་མྱོང་པའི་གློག་ཤུགས་འཐེན་པའི་ཚོགས་ཆེན་ཞིག་དཀར་མཛེས་ཁུལ་ནས་འཚོགས་ཡོད། མཛེས་ལྗོངས་ལྟ་ན་སྡུག་པའི་ར་རྔ་མཁར་ནས་ཆ་སྙོམས་མཚོ་འཕགས་སྨི་བཞི་སྟོང་ལས་བརྒལ་བའི་སེར་ཤུལ་རྫོང་ལ། གློག་སྡོང་མཐོན་པོས་གངས་རི་དང་རྩྭ་ཐང་བརྒལ་ནས། གློག་མེད་ས་ཆ་ཡོངས་ལ་གློག་སྐུད་འཐེན་ཡོད་ལ། སི་ཁྲོན་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་ལ་རྣམ་པ་གསར་པ་སྐྲུན་ཡོད།

        གློག་མི་འདང་བ་དང་གློག་མེད་པའི་གནད་དོན་རྩ་བ་ནས་སེལ་ཆེད།  2012ལོར་མ་དངུལ་སྒོར་དུང་ཕྱུར་སོ་གཉིས་བྱེ་བ་གཅིག་ས་ཡ་ལྔ་བཏང་ནས་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་ལམ་འབྲེལ་དྲྭའི་ལས་གཞི་འཛུགས་སྐྲུན་བཟོ་པ་ཚོའི་དཀའ་ལས་བརྒྱབ་ནས་ལོ་གཅིག་ནང་གྲུབ་པ་མ་ཚད་བེད་སྤྱོད་གཏོང་བཞིན་ཡོད། ལས་གཞི་འཛུགས་སྐྲུན་མགྱོགས་མྱུར་དང་སྤུས་དག་བྱུང་ཆེད་ཁོ་ཚོས་དཀའ་ལས་གང་མང་བསལ་ཡོད།  

        དེང་སང་ར་རྔ་ཁ་དང་དཀར་མཛེས། སེར་ཤུལ་བར་གྱི་གློག་དྲྭ་འབྲེལ་དྲྭ་ལས་གཞི་དང་། ཁྲོན་བོད་དྲྭ་འབྲེལ་ལས་གཞི་ཡིས་སི་ཁྲོན་བོད་ཁུལ་ལ་གློག་འདོན་བཞིན་པ་དང་དཀར་མཛེས་རྫོང་ལ་ཚོང་འགུགས་དངུལ་ལེན་གྱི་གོ་སྐབས་སྐྲུན། དེའི་ནང་དུ་ཁམས་པ་ལགས་འབག་མེད་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་ནི་ཉེ་བའི་ལོ་ཁ་ཤས་ཀྱི་རིང་ལ་དཀར་མཛེས་རྫོང་གིས་ནང་འགུགས་བྱས་པའི་ཁེ་ལས་ཤིག་རེད། དཀར་མཛེས་རྫོང་ཉེ་འགྲམ་དུ་ཟོག་མང་པོ་ཡོད་པ་མ་ཟད། གློག་འདང་ངེས་ཡོད་པ་དེའང་ཁམས་པ་ལགས་སྤྱི་གཉེར་ཁང་གནས་དེར་གཞིས་ཆགས་པའི་རྒྱུ་མཚན་གཙོ་བོ་རེད། 
        ལྕགས་སྡོང་མང་པོ་རི་ཀླུང་དུ་བཙུགས། གློག་འདོན་གློག་སྐུད་མང་པོ་ཨ་སྔོན་དབྱིངས་སུ་ལྷག་པར་མཛེས། གློག་ཤུགས་འདང་ངེས་ཡོད་པས་མཐོ་སྒང་དུ་འོད་སྣང་དང་དྲོད་སྐྱིད་ལྡན། དེ་མ་ཟད་མ་འོངས་པར་མཐོ་སྒང་འཕེལ་རྒྱས་བྱུང་བར་ཟད་པ་མེད་པའི་སྟོབས་ཤུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1