བོད་ཤར་གྱི་མུ་ཏིག་གྲོང་ཁྱེར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-24


    2012ལོར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་རྙིང་བསྒྱུར་བཀོད་ཀྱི་ལས་ཀ་འགོ་ཚུགས་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས"སྲིད་གཞུང་གི་སྣེ་ཁྲིད་དང་། ཁྲོམ་རའི་འཁོར་སྐྱོད"ཀྱི་རྣམ་པར་བརྟེན་ནས། རྒྱལ་ཁབ་ཀྱི་མ་རྩ་དང་བོད་སྐྱོར་གྱི་མ་རྩ་སོགས་སྙོམས་བསྒྲིགས་བྱས་པ་ཁྱོན་སྒོར་དུང་ཕྱུར་70ཡོད་པ་ལས། གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས། ཆབ་མདོའི་དམངས་སྲོལ་འཇུགས་སྐྲུན་དང་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་ལ་མཚོན་རྟགས་བཀོད་ནས་གདམ་གསེས་བྱས་པ། གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་ཆས་བསྒྱུར་བཀོད་བྱས་ནས་ལེགས་སུ་གཏོང་བའི་ལས་གྲྭ་ལག་ལེན་བསྟར་བས། ཆབ་མདོ་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་པ་དང་། གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཇེ་ཆེར་ཕྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1