སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་གཟི་འོད།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-27



        1978ལོར་སྒྱུར་བཅོས་སྒོ་འབྱེད་བྱས་རྗེས། རྔ་ཁུལ་གྱི་མི་རྣམས་ཀྱིས་མི་རབས་ནས་མི་རབས་སུ་ཕྱི་སྣོད་ཀྱི་བཀོད་པར་དང་དོད་ཆེན་པོ་བྱས་ཏེ། ད་སྔ་སྣོད་བཅུད་ཀྱི་འཇིག་རྟེན་ནི་རྔ་ཁུལ་དུ་རྒྱན་དུ་མངོན་ཡོད་ལ། དེ་མིན་སི་ཁྲོན་དང་ནུབ་རྒྱུད་ཀྱི་ཆུའི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད་པ་རེད།
        ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཐབས་ཇུས་དོན་འཁྱོལ་ཡོང་ཕྱིར། ཟླ་8པའི་ཚེས་29ཉིན། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་། 《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་དགོངས་དོན་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བསམ་བློའི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་བྱེད་པའི་གཏན་འབེབ།》དང་《སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་བསྐྲུན་བྱེད་པའི་གཏན་འབེབ།》གཉིས་ལ་གྲོས་འཆམ་བྱུང་སྟེ། སྐྱེ་ཁམས་མ་ལག་གི་འཛུགས་བསྐྲུན་དང་སྲུང་སྐྱོང་ཐད་ཀྱི་བྱ་བ་ལེགས་པོ་སྒྲུབ་དགོས་པ་དང་། སྐྱེ་ཁམས་དོ་མཉམ་དོ་འཕེལ་རྒྱས་ཡོངས་བར་ཤུགས་བསྣན།


སྡོང་གཏུབ་ཤིང་གཅོད་བྱེད་པ་ནས་སྡོང་འཛུགས་ནགས་བསྐྲུན་བྱེད་པ།
        སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་།རྔ་ཁུལ་གྱི་སྐྱེ་ཁམས་མ་ལག་ཐད་དུ་འགྱུར་བ་ཆེན་བྱུང་ཡོད་དེ། དེ་སྔོན་གྱི་སྡོང་གཏུབ་ཤིང་གཅོད་བྱེད་པའི་ངང་ཚུལ་ནས་ད་ལྟའི་སྡོང་འཛུགས་ནགས་བསྐྲུན་བྱེད་པར་འགྱུར་ཡོད་པ་དང་། དེ་མིན་རང་ཁུལ་གྱི་ནགས་ལས་ཐོན་ཁུངས་ཀྱང་འབོར་ཇེ་ཆེ་དང་། སྤུས་ཀ་ཇེ་ལེགས། སྒྲིག་གཞི་འཐུས་ཚང་དུ་སོང་ཡོད་པ་རེད།
        དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར། རང་ཁུལ་དུ་ནགས་ལས་ཐོན་སྐྱེད་བྱེད་པའི་ཚ་རླབས་ཤིག་འཕྱུར། ཧུང་ཡོན་རྫོང་གི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་ནི་ནགས་ལས་མིན་མོད། ཡིན་ནའང་། སྐབས་ཐོག་དེར་ནགས་ལས་ཐོན་འབབ་ཀྱིས་ཧུང་ཡོན་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཐད་དུ་ནུས་པ་མི་དམན་པ་བཏོན། 1979ལོ་ནས་1998ལོའི་བར་དུ། ཧུང་ཡོན་རྫོང་ནགས་ལས་ཅུས་ཀྱིས་ཤིང་སྨི་ལྷམ་པ་ཁྲི་2000ལྷག་ཐོན་སྐྱེད་བྱས་པ་དང་། ལོ་རེར་བུད་ཤིང་ཏུན་6000ལྷག་མཁོ་འདོན་བྱས་པས་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་ཡན་དུ་འཕར་ཞིང་དེ་རུ་དཔྱ་ཁྲལ་ཡང་སྒོར་ཁྲི་སྟོང་མང་བོ་བླངས། ཡིན་ནའང་སྐྱེ་ཁམས་མ་ལག་ཐད་དུ་གནོད་སྐྱོན་ཚབས་ཆེན་བཟོས་བས། 1998ལོར་ཧུང་ཡོན་རྫོང་གིས་ཏང་ཀྲུང་དབྱང་ལ་སྙན་ཞུ་ཕུལ་ཏེ། རང་བྱུང་གི་བུད་ཤིང་གཅོད་པར་སྔོན་འགོག་བྱེད་པའི་ལས་ཀ་སྤེལ་ནས་བུད་ཤིང་གཅོད་འཚམས་བཞག ལས་ཀ་འདིས་རང་ཁུལ་གྱི་སྐྱེ་ཁམས་དོ་མཉམ་དང་སྐྱེ་ཁམས་སླར་གསོའི་ཐད་དུ་བྱེད་ནུས་མི་དམན་པ་ཐོན།
        ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་མཛུབ་སྟོན་འོག རང་ཁུལ་གྱིས་སྣོད་བཅུད་ཀྱི་འཇིག་རྟེན་ལེགས་པར་བསྐྱང་ནས་ལྗང་མདོག་གིི་རྔ་ཡུལ་བསྐྲུན་པ་དང་སྣོད་བཅུད་ཀྱི་བཀོད་པ་ལེགས་པོས་དམངས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་བར་འབད་ཀྱིན་ཡོད་དོ། །


ཆུའི་སྐྱེ་ཁམས་མ་ལག་གི་འགྱུར་བ།


        ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐྱེ་ཁམས་མ་ལག་གིས་ནུས་པ་གལ་ཆེན་འདོན། ང་ཚོས་རང་གི་མིག་ལ་གཅེས་པ་ལྟར་སྐྱེ་ཁམས་མ་ལག་སྲུབ་སྐྱོང་བྱ་དགོས་ཟེར། རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱ་ཕྱིར། ཉེ་བའི་ལོ་འདི་དག་ཏུ། རང་ཁུལ་གྱིས་ཐན་སྐམ་དང་ཐན་སྐམ་ཕྱེད་པའི་གཙང་ཁུལ་ལེགས་བཅོས་དང་། ལྗང་མདོག་གི་རྔ་ཁུལ་བསྐྲུན་པ། རྨིན་ཅང་གཙང་བོ་འབབ་ཡུལ་གྱི་ཆུ་ཁུངས་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ།
        དུས་རབས་སྔོན་མའི་དྲུག་ཅུ་དང་བདུན་ཅུ་བར། མཛོད་དགེ་མི་དམངས་ཀྱིས་ཕྱུགས་ཟོག་འཚོ་བར་སྟབས་བདེ་བཟོ་བ་དང་། ན་འདམ་རྩྭ་ཐང་ཅན་དུ་བསྒྱུར་བ་སོགས་ཀྱི་ལས་ཀ་སྤེལ་ནས། ན་འདམ་ཁུལ་གྱི་ཆུ་འབོར་ཆེན་ཕྱིར་བཏང་བས་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཏེ། རྩྭ་ས་ཐང་རྒོད་ཅན་དང་བྱེ་ཐང་ཅན་དུ་འགྱུར་བར་བྱས།
        1993ལོ་བཟུང་རང་ཁུལ་གྱིས་བྱེ་འགོག་ལས་ཀ་སྤེལ་ཏེ། རྩྭ་ས་ལེགས་བཅོས་ཀྱི་ལམ་དུ་ཞུགས། གཞི་གྲངས་ལས་མངོན་པར། མིག་སྔར། མཛོད་དགེའི་རྩྭ་ས་བྱེ་འགྱུར་གྱི་ཚད་དེ། 2009ལོའི་བརྒྱ་ཆའི་10.39ནས་5.32སུ་མར་བཅག་ཡོད་པ་དང་། རྩྭ་ས་སྤྱི་ཆིང་ཁྲི་3.1ལྷག་སླར་གསོ་བྱུང་ཡོད། འདི་ལས་རང་ཁུལ་གྱི་སྐྱེ་ཁམས་མ་ལག་ཉིན་རེ་ཞག་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མངོན་ཐུབ་བོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1