ཏང་འཛུགས་དབུལ་སྐྱོར་གྱི་གནས་དེ་ཡང་དག་པའི་སྒོ་ནས་འཚོལ་དགོས།

རྟ་མགྲིན་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04



        དབུལ་ཐར་འགག་སྒྲོལ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནང་རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་གི་དོན་ཆེན་དང་དམངས་འཚོའི་བཟོ་སྐྲུན་ཨང་དང་པོ་ཡིན། གཞི་རིམ་ཏང་རྩ་འཛུགས་ནི་དབུལ་ཐར་འགག་སྒྲོལ་གྱི་ཁག་ཐེག་ཡིན་ལ།དབུལ་ཐར་འགག་སྒྲོལ་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའིགཙོ་གནད་ཅིག་ཀྱང་ཡིན། ཏང་འཛུགས་ལ་བརྟེན་ནས་དབུལ་ཐར་སྣེ་ཁྲིད་དང་། དབུལ་སྐྱོར་ལ་བརྟེན་ནས་ཏང་འཛུགས་ལ་སྐུལ་འདེད་གཏོང་བ་དེས་གཞི་རིམ་ཏང་འཛུགས་དང་གནད་ཁེལ་དབུལ་སྐྱོར་བྱ་བ་མཉམ་འདྲེས་སྒོས་གཏིང་ཟབ་ཏུ་གཏོང་བ་དང་། ཏང་འཛུགས་དབུལ་སྐྱོར་གྱིས་དབུལ་ཐར་འགག་སྒྲོལ་ཁྲོད་ནུས་པ་འདོན་དུ་འཇུག་ཐུབ།

        ཏང་ཨུས་གཅིག་འདོམས་བྱེད་ནུས་འདོན་པ ་དང་། དབུལ་ཐར་འགག་སྒྲོལ་ལ"འཁོར་རྒྱའི་རིང་་ཚད"གཏན་འབེབས་བྱས། དབུལ་སྐྱོར་གསར་སྤེལ་ལ་ཕྱོགས་མང་པོའི་སྟོབས་ཤུགས་མཉམ་ཞུགས་བྱེད་དགོས་ལ།དབུལ་སྐྱོར་ཐོན་ཁུངས་སྣེ་མང་ཞིང་ཁ་འཐོར་ཡིན་པ་ནས་གཅིག་སྡུད་གཅིག་གྱུར་གྱི་ཕྱོགས་སུ་བསྒྱུར་བ་ལ་ངེས་པར་དུ་ཏང་ཨུས་ཁྱོན་ཡོངས་གཅིག་འདོམས་ནུས་པ་འདོན་སྤེལ་བྱེད་པ་དང་། ཕྱོགས་སོ་སོའི་བྱེད་ནུས་གཙོ་བོ་མཐུན་སྦྱོར་བྱེད་པ། མཐོ་གནས་གཅིག་འདོམས་དང་། མ་ལག་འཆར་འགོད་བཟོས་ཏེ། དབུལ་སྐྱོར་ཐོན་ཁུངས"མཛུབ་ལྔ་ཁ་འཐོར"ནས"མཛུབ་མོ་ལྔ་བཅངས་ཁུ་ཚུར"དུ་བསྒྱུར་ཏེ། དབུལ་སྐྱོར་འགག་སྒྲོལ་གྱི་བསྡུས་ཤུགས་ཆགས་པར་བྱེད་དགོས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཟང་པོ་ཞིག་གིས་དཔུང་སྡེ་ཞིག་ལ་སྣེ་ཁྲིད་བྱེད་ཐུབ་ཚེ།ལས་དོན་བཟང་པོ་ཞིག་འཁྱོངས་ངེས་ལ་ས་ཕྱོགས  ཤིག་གི་དམངས་ལ་ཕན་བདེ་བསྐྲུན་ཐུབ་ངེས། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།"སློབ་གཉིས་བྱེད་གཅིག"གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དེ་དབུལ་ཐར་འགག་སྒྲོལ་དང་ཟུང་འབྲེལ་བྱས་ཏེ།གནད་དོན་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ་དང་ལག་ལེན་ཕན་འབྲས་ལ་དོ་སྣང་བྱེད་པ། 

        ཏང་གི་བྱ་བ་ཡོད་ཚད་ཀྲི་པུའུ་རུ་དངོས་འབེབས་བྱེད་པ། སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་བཟང་བོ་བཀོད་སྒྲིག་བྱས་ནས་གཞི་རིམ་ཏང་རྩ་་འཛུགས་དེ་དབུལ་ཐར་འགག་སྒྲོལ་བྱེད་པའི་འཐབ་འཛིང་བཙན་རྫོང་དུ་བསྒྱུར་དགོས།ཀྲི་པུའུ་ཡི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ།དབུལ་ཐར་འགག་སྒྲོལ་ལ"སྟོབས་ཤུགས་གཅིག་སྒྲིལ"བྱེད་དགོས། དབུལ་ཐར་འགག་སྒྲོལ་ལས་རྒྱལ་དགོས་ན། རྒྱ་ཆེའི་ཏང་ཡོན་གྱིས"དབྱངས་རྟ་གཙོ་བོ་གྱེར་མཁན་དང་། སྔོན་སྐྱོད་པ། མིག་དཔེ་བཅས་བྱེད་དགོས།ཏང་ཡོན་ལས་བྱེད་པས་དབུལ་ཕོངས་མང་ཚོགས་རང་གི་གཉེན་ཉེའི་ཚད་དུ་འཇོག་དགོས་ཤིང་། མང་ཚོགས་ཀྱི་དབུལ་ཐར་བྱ་བ་རང་ཁྱིམ་གྱི་བྱ་བར་བརྩི་དགོས།"ཧྲུའུ་ཅི་དང་པོ"དང་སྡེ་སྡོད་ལས་བྱེད་པ"སྡེ་བའི་ནང་དངོས་སུ་སྡོད་པ་དང་།དངོས་སུ་དབུལ་སྐྱོར"བྱས་ཏེ། རང་གིས་སྣེ་ཁྲིད་དེ་སྲིད་ཇུས་ལག་ལེན་དང་།ཕྱུག་སྒྱུར་གོང་དུ་སྤེལ་བ། ཆ་སྒྲིག་རོགས་སྐྱོར་འགན་འཁྲི་ལག་ཏུ་བསྟར་ཏེ། དབུལ་ཐར་འགག་སྒྲོལ་གྱི་དྲང་ནུས་བརྒྱུད་སྤེལ་བྱེད་དགོས། ཕྱུག་སྒྱུར་ལ་སྣེ་ཁྲིད་དང་མང་ཚོགས་ཕྱུག་སྒྱུར་གྱི་ལམ་ལ་བསྐྱོད་དུ་འཇུག་ཐུབ་པའི་སྡེ་བའི་ནང་གི་ནུས་པ་འཛོམས་པའི་ཏང་ཡོན་རྣམས་གཅིག་བསྡུ་བྱས་ཏེ། སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་དང་།གནད་ཁེལ་དབུལ་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་དངོས་སུ་མཐོར་འདེགས་གཏོང་དགོས། 

        ཏང་ཡོན་གྱིས་དབུལ་སྐྱོར་འགག་སྒྲོལ་ཁྲོད་མིག་དཔེ་སྟོན་པ་དང་། ནུས་རྩལ་བཏོན་ཏེ་དབུལ་སྐྱོར་གནད་ཁེལ་གྱི་ཚད་མཐོར་འདེགས་གཏོང་ཐུབ་ཚེ། ད་གཟོད་དབུལ་སྐྱོར་བྱེད་པའི་འཐབ་ཕྱོགས་དང་པོའི་སྟེང་བརྟན་པོར་འགྲེང་ཐུབ་ལ། དབུལ་ཕོངས་ཀྱི་རྩ་བ་དབྱུང་སྟེ། གནད་ཁེལ་དབུལ་སྐྱོར་དང་ཁྱོན ་ཡོངས་དབུལ་ཐར་ལ་སྣེ་ཁྲིད་བཟང་པོ་དང་ལམ་སྟོན་ཡག་པོ་བྱེད་ཐུབ།ཏང་ཡོན་གྱིས་དཔེ་སྟོན་ནུས་པ་བཏོན་ཏེ།དབུལ་ཐར་འགག་སྒྲོལ་ཐད"ཁྱོན་ཡོངས་གྲུབ་འབྲས"ལེན་དགོས། ཏང་ཡོན་རེ་རེ་ནི་ཏང་དར་རེ་རེ་ཡིན།ཏང་ཡོན་རྣམས་ཀྱིས་མཉམ་གཅིག་ཏུ་ཕྱོགས་གཅིག་གིས་ཕྱོགས་མང་པོར་སྣེ་ཁྲིད་བྱས་ཚེ་དཔེ་སྟོན་ཕན་ནུས་ཆེན་པོ་འབྱུང་ཐུབ། ཚད་ཆེ་ཤོས་ཀྱིས་དབུལ་སྐྱོར་འགག་སྒྲོལ་གྱི་དྲང་ནུས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ།གནས་གཅིག་ནས་མེ་ཏོག་བཞད་ན་ངོས་ཡོངས་ནས་འབྲས་བུ་མངོན་པར་བྱེད་དགོས། ལས་རྐང་འཛུགས་པ་དང་འགན་ཁུར་འཇོག་པ་དང་། དམ་བཅའ་ལག་བསྟར།དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཁོ་ཚོ་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོའི་སྟེང་འགྲེང་དུ་བཅུག་སྟེ།ཕྱུག་སྒྱུར་ལ་སྣེ་ཁྲིད་དང་། མང་ཚོགས་ཕྱུག་སྒྱུར་གྱི་ལམ་དུ་ཁྲིད་དེ། དབུལ་ཐར་འགག་སྒྲོལ་གྱི་སྣེ་ཁྲིད་པ་དང་སྲོག་ཤིང་ལྟ་བུར་འགྱུར་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1