ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་སྲུང་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་པ།

རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་དཀྱིལ་སྙིང་ཞག་སྡོད་སློབ་གྲྭ་པྨད་རིག་འཛིན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ན་ནིང་གི་ཟླ 12པའི་ཚེས 8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་།རང་ཞིང་གི་དྲ་འཕྲིན་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།སྤྱོད་ཚུལ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་སྲུང་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དྲ་བའི་ཆ་འཕྲིན་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གིས་དྲ་འཕྲིན་བྱ་བར་གནང་བའི་བཀོད་སྒྲིག་གལ་ཆེན་དག་བརྒྱུད་སྒྲོག་སློབ་སྦྱོང་བྱས།། དེ་ལས་བསྟན་དོན། 

        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་མཛུབ་ཁྲིད་དུ་འཛིན་དགོས་པ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས ་རིང་ལུགས་ཀྱི་དགོངས་པ་བཀོལ་ནས་ཀླད་པར་དྲག་ཆས་སྤྲ་དགོས་པ་དང་། "འདུ་ཤེས་བཞི"བརྟན་པོར་བཙུགས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་འདེགས་བཞིན།། ཆབ་སྲིད་ཀྱི་བླང་བྱ་གཟབ་ནན་་་བྱེད་པ་དང་། ཏང་ཨུ(ཏང་ཙུའུ)ཡི་དྲ་བའི་བདེ་འཇགས་བྱ་བའི་འགན་འཁྲི་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། འདུ་ཤེས་འཛིན་སྟངས་བྱ་བའི་རང་འགུལ་དབང་ཆ་དམ་པོར་ཁོང་དུ་ཆུད་དགོས།ཆབ་སྲིད་འཛུགས་སྐྲུན་འབུར་ཐོན་བྱས་་་་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་གཙང་སྒྲིག་་ནན་བྱེད་པ་དང་། དངོས་གནས་དྲ་རྒྱ་ཤེས་པ་དང་འགན་ལེན་ཕོད་པ། གསར་སྐྲུན་བྱེད་མཁས་པའི་ལས་བྱེད་པ་ལེགས་པར་བཀོལ་ཏེ།དངོས་གནས་དྲ་འཕྲིན་དཔུང་ཁག་བཀན་མོ་ཞིག་བསྐྲུན་དགོས། ཐོན་ཁུངས་ཧྲག་སྡེབ་བྱེད་པ་ལེགས་སྒྱུར་བྱས་ནས། ཚན་རྩལ་གྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང་།དྲ་རྒྱའི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས།ཉེན་ཁ་འགོག་ཟོན་ནུས་པ་མཐོར་འདེགས་ཅི་ཐུབ ་བྱེད་དགོས། ནན་ཏན་གྱིས་ཉམས་མྱོང་སྤྱི་སྡོམ་བྱས་ཏེ།། མིག་སྔའི་གནད་འགག་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས་ནས། སང་ལོའི་བྱ་བ་བློ་ཞིབ་མོས་ཇུས་འགོད་བྱེད་པ་དང་། རང་ཞིང་གི་དྲ་འཕྲིན་བྱ་གཞག་ལ་ཡར་རྒྱས་འབྱུང་བར་སྐུལ་འདེད་བྱེད་དགོས།རིམ་པ་སོ་སོའི་ཏང་ཨུས་དྲ་འཕྲིན་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་ནས། དྲང་ཕྱོགས་ཀྱི་དྲིལ་སྒྲོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། དབྱངས་རྟ་གཙོ་བོ་གྱེར་ནས། རང་འགུལ་འཐབ་འཛིང་ལེགས་པོར་བྱེད་པ་དང་།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་་་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།གྲོས་ཚོགས་ཀྱིས་ཀྲུང་གོའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་བྱས། 

        དེ་ལས་བསྟན་དོན། རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དེ་སྒུལ་ཤུགས་སྟོབས་ཆེན་དུ་བརྩིས་ནས།གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་དགོས་པ་དང་། མཐོང་རྒྱ་བསྐྱེད་ཅིང་།བསམ་གཞིག་གསར་སྐྲུན་བྱས་ཏེ། སྔར་ལས་ལྷག་པར་བྱ་བའི་རང་འགུལ་རང་བཞིན་དང་གསར་གཏོད་ང་བཞིན། སྒོ་འབྱེད་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁེ་ལས་པའི་སློབ་གསོ་གསོ་སྦྱོང་ཤུགས་ཚད་ཆེ་རུ་གཏོང་དགོས་པ་དང་བརྗེ་རེས་འགྲོ་འོང་མཉམ་འདྲེས་བྱེད་་་པའི་ཁྲོད་ཁེ་ལས་པའི་སྤྱི་ཡོངས་བྱང་ཚད་མཐོ་རུ་འདེགས་དགོས། ཆ་ཚང་བའི་ལམ་ལུགས་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། "བརྩེ""གཙང"སྲིད་ཚོང་གི་འབྲེལ་བ་ཧུར་ཐག་གིས་འཛུགས་དགོས།"ཏན་ཏན་ཏིག་ཏིག་བཞི"དངོས་འབེབས་བྱེད་པ་དང"བསྒྱུར་བ་བཞི"ལ་སྐུལ་འདེད་བྱེད་པའི་དཀྱིལ་སྙིང་དེ་ལ་དམིགས་ནས། སྔ་མོ་ནས་སང་ལོའི་བྱ་བ་ལ་ཇུས་འགོད་ལེགས་པོ་བྱེད་དགོས་ཤིང་། མགོ་་རྩོམ་ས་གསར་པའི་སྟེང་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བྱ་བའི་རྣམ་པ་གསར་བ་ཧུར་བརྩོན་གྱིས་གསར་འབྱེད་བྱེད་དགོས།གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་བྱེད་ཐབས》ལ་གྲོས་ཞིབ་བྱས་པ་མ་ཟད་གཞི་རྩའི་སྟེང་གྲོས་འཆམ་བྱུང་།

        དེ་ལས་བསྟན་དོན། ལམ་ལུགས་ཀྱི་སྲོག་རྩ་ནི་ལག་བསྟར་ཁྲོད་དུ་ཡོད། ང་ཚོས་ཏང་ཀྲུང་དབྱང་ལ་མིག་གཏད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ལ་མིག་གཏད་དེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་སྤྱོད་གཙང་སྒྲིག་ནན་ལ་རྒྱུན་འཁྱོངས་ལྷོད་མེད་བྱེད་པར་བཟོས་པའི་བཀོད་སྒྲིག་གསར་བ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་བློ་མཐུན་གྱིས་གོང་ནས་འོག་ལ་མ་དཔེ་སྟོན་པ་དང་། ལག་བསྟར ་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་ལག་བསྟར་ཞིབ་སྲོལ་དང་ཞིང་ཆེན་ཏང་ཨུའི《ལག ་བསྟར་བྱེད་ཐབས》དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག ་ནན་མོ་བྱ་དགོས།གྲོས་ཚོགས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་བཟོ་འགོད་འཆར་གཞི་སྐབས་གཉིས་པ་འཛུགས་སྐྲུན་ལག་བསྟར་བྱེད་པའི་བར་སྐབས་ཀྱི་ཞིང་ཆེན་རིམ་པའི་རང་བཤེར་དཔྱད་དཔག་སྐོར་གྱི་གནས་ཚུལ་སྙན་ཞུ་ལ་མཉན། དེ་ལས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལས་བརྒལ་ཏེ་རྨ་་་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ལྟ ་དགོས་པ་དང་། བསམ་གཞིག་བྱེད་སྟངས་དང་ལས་ཀ་སྒྲུབ་སྟངས་བསྒྱུར་བ། བཟོ་འགོད་ལས་གཞི་འཛུགས་སྐྲུན་བྱེད་པའི་དཔེ་དབྱིབས་གསར་གཏོད་བྱེད་པ་བཅས་ཀྱི་སྒོ་ནས། སྔར་ལས་ཡངས་པའི་རིགས་ལམ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་ལས་གཞི་ཆེན་མོ་འདི་ཉིད་ལེགས་པོར་བསྒྲུབ་དགོས། ནན་ཏན་སྒོས་ཉམས་མྱོང་བཟང་པོ་དང་སྒྲུབ་ཐབས་བཟང་པོར་སྤྱི་སྡོམ་བྱེད་པ་དང་།དྲིལ་སྒྲོག་འོས་སྦྱོར་གྱི་ཤུགས་ཚད་ཆེ་རུ་གཏོང་བའི་སྒོ་ནས། ཧུར་ཐག་གིས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བྱེད་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1