སློབ་ཤེས་ཤིང་གོ་བ་ལེན་པ། དངོས་སྒྲུབ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གོང་བུར་གྲིལ་བ་བྱེད་དགོས། --ཞིང་ཆེན་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བྱེད་པའི་རིགས་པའི་གཞུང་ལུགས་བཞུགས་མོལ་ཚོགས་འདུ་ཐོག་གི་གཏམ་བཤད་གནད་བསྡུས་སུ་བཀོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


རྩོམ་སྒྲིག་པའི་དཔྱད་གཏམ།

        མིག་སྔར་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན《ཏང་གི་འཚོ་བ》དུས་དེབ་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བྱེད་པའི་རིགས་པའི་གཞུང་ལུགས་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་འདུར་ཞུགས་པའི་སྡེ་ཚན་གྱི་བློ་མཐུན་འགན་ཁུར་པ་དང་ཆེད་མཁས་པ། མཁས་པ་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་དམ་པོར་དམིགས་ནས་སོ་སོར་རིགས་པའི་གཞུང་ལུགས་དང་ལག་ལེན་དང་། ལོ་རྒྱུས་དང་དངོས་ཡོད། དེང་སྐབས་དང་མ་འོངས་པ་བཅས་སུ་བརྗེ་རེས་དང་བརྟག་དཔྱད་ཞིབ་འཇུག་བྱས། ཚང་མར་རོགས་རམ་བྱས་ནས་སྔར་ལས་བཟང་བོའི་གོ་བ་ལེན་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་བྱེད་ཆེད། བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད་ཁ་ཤས་གནད་བསྡུས་སུ་བཀོད་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སྔར་ལས་བཟང་བོས་ཡིད་ལ་བརྟན་པོར་འཛིན་པ་དང་སློབ་སྦྱོང་བྱེད་པའི་ཚ་རླབས་རྒྱུན་མཐུད་དང་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། སློབ་སྦྱོང་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་བསྒྱུར་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དེ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་འབུད་པའི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གོང་བུར་གྲིལ་བ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1