དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ལ་གོ་བ་ཟབ་མོ་ལེན་དགོས།

ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། ཀྲང་ཧེ་ལིན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། "ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་གུང་ཁྲན་ཏང་མི་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཡིན།"ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་དྲིལ་བསྒྲགས་བཟང་བོ། ལག་ལེན་མཐར་ཕྱིན་བཟང་བོ་བྱེད་དགོས་ན། ངེས་པར་དུ་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ལ་གོ་བ་ཟབ་མོ་ལེན་དགོས།

        ཀྲུང་གོ་གུང་ཁྲན་ཏང་ནི་སྲིད་འཛིན་ཏང་ཡིན་པ་མ་ཟད། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཁུར་བའི་སྲིད་འཛིན་ཏང་དེ་ལས་ཀྱང་ཡིན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་མངོན་དུ་འགྱུར་བ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་ཆེ་བའི་ཕུགས་འདུན་ཞིག་ཡིན་པ་དང་། རླབས་ཆེན་ཕུགས་འདུན་འདི་མངོན་དུ་འགྱུར་བ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་ཕྲག་ཏུ་ཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ད་ལྟ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་བརྒྱུད་ནས་ང་ཚོས་ལོ་རྒྱུས་ཐོག་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཡུལ་མངོན་འགྱུར་དང་ཐག་ཉེ་བ་དང་། དུས་སྐབས་གང་ཞིག་ལས་ཀྱང་ཡིད་ཆེས་ཡོད་པ། དུས་སྐབས་གང་ཞིག་ལས་ཀྱང་ནུས་པ་སྔར་ལས་ཆེན་པོས་ཁེངས་ཡོད། ལེ་དབར་བརྒྱ་བསྐྱོད་དགུ་བཅུ་ལམ་ཕྱེད་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་བདེ་བདེ་ལྷོད་ལྷོད་དང་ཕྱི་ཚུལ་གྱི་རྣམ་འགྱུར་བརྟན་པོ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མི་ཡིན་པས། ང་ཚོས་ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེན་པོ་དང་དཀའ་སྡུག་སྔར་ལས་ཆེ་བའི་འབད་བརྩོན་བྱེད་པར་གྲ་སྒྲིག་བྱེད་དགོས།

        དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ལ་གོ་བ་ཟབ་མོ་ལེན་དགོས་ན། ངེས་པར་དུ་དུས་རབས་གསར་བར་རླབས་ཆེན་གྱི་ཕུགས་འདུན་མངོན་དུ་འགྱུར་བར་བྱེད་པ་དང་རླབས་ཆེན་གྱི་འཐབ་རྩོད་བྱེད་པ། རླབས་ཆེན་གྱི་ལས་གཞི་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བར་གྱི་ནང་ཡོད་འབྲེལ་བ་གསལ་བོར་ཤེས་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་རླབས་ཆེན་གྱི་ཕུགས་འདུན་མངོན་དུ་འགྱུར་བར་བྱེད་ན། ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་རླབས་ཆེན་གྱི་ལས་གཞི་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕུན་སུམ་ཚོགས་པའི་ནང་དོན་བཅས་ལ་རྒྱས་བཤད་ཟབ་མོ་བྱེད་དགོས།

        རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་ལས་དོན།རླབས་ཆེན་གྱི་ཕུགས་འདུན་བཅས་ཟུང་འབྲེལ་དམ་པོ་ཡིན་པ་དང་ཕན་ཚུན་གཅིག་འདྲེས་དང་ཕན་ཚུན་ནུས་ཐོན་བཅས་བྱུང་ཡོད།དེའི་ཁྲོད་དུ་ཐག་ཆོད་རང་བཞིན་གྱི་ནུས་པ་ནི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་ལས་གཞི་གསར་བ་དེ་ཡིན།བློ་བརྟན་འགྱུར་མེད་ཀྱིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་ཏང་སྔར་བས་ཞུམ་མེད་སྟོབས་ལྡན་དུ་འཛུགས་སྐྲུན་བྱས་ཙ་ན།ང་ཚོའི་ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་རྟེན་གཞིར་འགྱུར་བ། ཐོག་མཐའ་བར་གསུམ་དུ་མགོ་ཁྲིད་བརྟན་པོར་འགྱུར་བར་ཁག་ཐེག་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་གསར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཐུབ་ངེས་ཡིན་པ་དང་། རྒྱུན་ཆད་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་ནས་གོང་དུ་བསྐུལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་རླབས་ཆེན་ལོ་རྒྱུས་ཀྱི་བྱས་རྗེས་གསར་བ་འཇོག་དགོས།

        འགན་འཁྲིས་འགན་ཁུར་ལ་སྐུལ་བརྡ་གཏོང་བ་དང་འགན་འཁྲིས་མ་འོངས་པར་སྣེ་ཁྲིད་བྱེད་བཞིན་ཡོད།ང་ཚོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་སྣེ་ཁྲིད་འོག  རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་དང་།རང་རྟོགས་བསམ་བློ་དང་ཆབ་སྲིད།བྱ་སྤྱོད་བཅས་ཐོག་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ།དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་སྒྲུབ་པ།ཏང་གི་མི་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་བརྟན་པོར་འདིང་བ། མཚོ་སྔོན་ལ་སྔར་ལས་བཟང་བའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་སྐྲུན་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1