ཏང་གི་ཚོགས་ཆེན་ཆེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གོ་བ་ཟབ་མོ་ལེན་དགོས།

མཚོ་སྔོན་སློབ་གྲྭ་ཆེན་མོ། ལིས་ཧྲོང་ཡོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ནང་བསྟན་དོན།"ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་གསར་གཏོད་ལྡན་པའི་གྲུབ་འབྲས་ཡིན་ལ། ལོ་ལྔའི་རིང་གི་འཕོ་འགྱུར་ནི་གཏིང་ཟབ་དང་རྩ་བའི་རང་བཞིན་ལྡན་པའང་ཡིན། "ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གོ་བ་ཟབ་མོ་ལེན་དགོས་ན་གཤམ་གསལ་གྱི་ཕྱོགས་གསུམ་ནས་ཁོང་དུ་ཆུད་དགོས་པ་འདི་ལྟར་ཏེ།

        གྲུབ་འབྲས་ནི་སྤྱི་ཡོངས་དང་གསར་གཏོད་ཡིན། ལོ་ལྔའི་རིང་དུ་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་ཏུ་སྤེལ་བར་འགག་སྒྲོལ་ཆེན་པོ་བྱུང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གོམ་སྟབས་ཆེན་པོས་སྤོས་པ། བསམ་བློ་དང་རིག་གནས་འཛུགས་སྐྲུན་བྱེད་པར་ཡར་རྒྱས་ཆེན་པོ་བྱུང་བ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ཇེ་བཟང་དུ་གྱུར་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ཕན་འབྲས་མངོན་གསལ་ཐོབ་པ། དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་བྱེད་པའི་རྣམ་པ་གསར་བ་བསྐྲུན། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་གསུམ་གྱི་བྱ་བར་གྲུབ་འབྲས་གསར་བ་ཐོབ། ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་རྣམ་པ་གཏིང་ཟབ་ཏུ་བཏང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཕན་འབྲས་མང་པོ་ཐོབ་ཡོད། ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པས་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་འབྱོར་ཕྱུག་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་མཆོང་སྐྱོད་བསུ་ཡོང་བ་རེད།

        འཕོ་འགྱུར་ནི་གཏིང་ཟབ་ལ་རྩ་བའི་རང་བཞིན་ལྡན་པ་ཡིན། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་གསར་གཏོད་ལྡན་པའི་གྲུབ་འབྲས་ཡིན་ལ། ལོ་ལྔའི་རིང་གི་འཕོ་འགྱུར་ཡིན། ལོ་ལྔའི་རིང་དུ་ང་ཚོའི་ཏང་གིས་ཆབ་སྲིད་ཀྱི་བློ་གཤོག་ཤིན་ཏུ་ཆེན་པོ་དང་འགན་འཁྲི་ཁུར་སེམས་ཆེན་པོ་བཅངས་ཏེ། འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པ་བཏོན་པ་དང་། ཡུན་རིང་ཐག་གཅོད་འདོད་ཀྱང་ཐག་གཅོད་ཐུབ་མེད་པའི་དཀའ་གནད་མང་པོ་ཐག་བཅད། སྔོན་ཆད་བསྒྲུབ་སྙམ་ཡང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་། འཕོ་འགྱུར་དེ་དག་ནི་རྒྱ་ཁྱབ་དང་བྱེད་ཤུགས་ཆེ་བ། ཕན་འབྲས་མངོན་གསལ་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སུ་གསར་གཏོད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན།

        ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་འོག་ཐོབ་པའི་གྲུབ་འབྲས་ཡིན། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་ཀྲུང་དབྱང་གིས་བཏོན་པའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པའི་མཚོན་དངོས་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་དགའ་བསུ་ཐོབ་འདུག  དེའི་ནང་གི་ཆེས་རྩ་བའི་ཁག་ཐེག་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་མཛུབ་སྟོན་ཡོད་པ་རེད།

        མགོ་རྩོམ་ས་གསར་བའི་ཐོག་ཏུ"ཏན་ཏན་ཏིག་ཏིག་བཞིའི"བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། "བསྒྱུར་བ་བཞི"མངོན་དུ་འགྱུར་བར་སྐུལ་འདེད་གཏོང་ན། ངེས་པར་དུ"འདུ་ཤེས་བཞི"ཤུགས་ཆེར་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས། རང་རྟོགས་སྒོས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་བླངས་ནས། བྱ་བ་དངོས་སུ་དངོས་འབེབས་བྱེད་དགོས་པ་དང་གཅིག  ཞིང་ཆེན་ཏང་ཨུའི་ཐབས་ཇུས་གལ་ཆེན་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་ཕྱིན་ཆད་ཀྱི་ལོ་ལྔའི་རིང་གི་འཕེལ་རྒྱས་འཆར་འགོད་གཏན་འཁེལ་བྱས་ཤིང་། ལམ་ཐིག་ས་བཀྲ་དང་དུས་ཚོད་རེའུ་མི་གཏན་འཁེལ་བྱས་པས། ང་ཚོས་སེམས་ནུས་གཅིག་སྒྲིལ་བྱེད་པ་དང་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱེད་པ། ཧུར་ཐག་རང་འགུལ་གྱིས"བསྒྱུར་བ་བཞི"སྐུལ་འདེད་བཏང་བས་ན། མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་ཐུབ་ངེས་ཡིན།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1