སྔར་ལས་མང་ཞིང་སྤུས་ཚད་བཟང་བོའི་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱས་ནས། མི་དམངས་ཀྱི་ཉིན་བཞིན་འཕར་བའི་སྐྱེ་ཁམས་ཁོར་ཡུག་བཟང་བོའི་དགོས་མཁོ་ཐད་ཡིད་ཚིམ་པར་བྱེད་དགོས།

ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན། ཝང་ཡུན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང"མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པ"དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བྱེད་པའི་གཞི་རྩའི་ཐབས་ཇུས་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཆར་གཞི་གཏན་འཁེལ་བྱས་ཡོད་པས། ཏང་གིས་མིའི་རིགས་དཔལ་ཡོན་འཕེལ་རྒྱས་བྱེད་པའི་ཆོས་ཉིད་ཐད་ངོས་འཛིན་ཟབ་མོ་བྱས་ཡོད་པ་མཚོན་ཏེ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ། སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པ་བཅས་བཞིར་སྤྱི་ཡོངས་ཀྱི་བཀོད་སྒྲིག་བྱས་ཡོད་པ་རེད།

        མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང"ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག"ཡིན་པས། རང་རྒྱལ་གྱི་ཆེས་གལ་ཆེ་བའི་སྐྱེ་ཁམས་ལྕགས་རི་ལྟ་བུ་ཡིན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་འཐབ་ཇུས་ཀྱི་གོ་གནས་ལྡན་པ་རེད། སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་རྩ་ཆེན་ཐོན་ཁུངས་དང་ཆེས་ཡིད་དུ་འོང་བའི་མིང་བྱང་ཡིན་ལ། རྗེས་འཕེལ་སྙེག་བརྒལ་བྱེད་པའི་ཆེས་ཆེ་བའི་སྦས་ཤུགས་ལྡན་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར། གཅིག་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བྱེད་པ། འཕེལ་རྒྱས་དང་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། དཔལ་འབྱོར་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ། ལྗང་མདོག་འཕེལ་རྒྱས་བྱེད་སྟངས་དང་འཚོ་བ་བྱེད་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས། གཉིས་ནས་སྐྱེ་ཁམས་བྱེད་ནུས་པགོང་དུ་འཕར་བའི་བྱ་སྤྱོད་ཐེག་བྱེད་བྱས་ཏེ། "སྐྱེ་ཁམས་ཆེན་པོ་ལྔའི"སྐྱེ་ཁམས་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་བརྟེན་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་མ་ལག་གཅིག་གྱུར་ཐོག་བཅོས་སྒྱུར་འཆར་གཞི་བཀོད་དེ། སྐྱེ་ཁམས་མ་ལག་འཁོར་རྒྱུག་གི་ནུས་པ་ཤུགས་ཆེར་གཏོང་བ། སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱེད་དགོས། གསུམ་ནས་ཆེས་ནན་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་བཟང་བོ་བྱེད་དགོས་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་དང་སྐྱེ་ཁམས་ཁ་གསབ། ཐོན་ཁུངས་རིན་དོད་ཡོད་པའི་བེད་སྤྱོད། སྐྱེ་ཁམས་དཔལ་ཡོན་གདེང་འཇོག་དཔྱད་ཞིབ་སོགས་ལམ་ལུགས་འཛུགས་སྐྲུན་ཇེ་ཆེར་བཏང་ནས། ཐོན་ཁུངས་ཀྱི་ཟད་གྲོན་དང་ཁོར་ཡུག་གནོད་སྐྱོན། སྐྱེ་ཁམས་ཕན་འབྲས་དེ་དག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱེད་པའི་གདེང་འཇོག་མ་ལག་ནང་དུ་འཇོག་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བླང་བྱ་མཚོན་པའི་དམིགས་འབེན་མ་ལག་དང་དཔྱད་ཞིབ་བྱེད་ཐབས། བྱ་དགའ་གནང་བ་དང་ཆད་པ་གཅོད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ལམ་ལུགས་ལ་བརྟེན་ནས་རི་སྔོ་ཆུ་དྭངས་སྲུང་སྐྱོང་བཟང་བོ་བྱེད་དགོས། བཞི་ནས་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི"སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་སྐྲུན་བཟང་བོ་དང་བེད་སྤྱོད་བཟང་བོ་བྱེད་དགོས་པའི"མཛུབ་སྟོན་ལྟར། "ཁྱོན་ཡོངས་ནས་ས་ཚིགས་འཛུགས་པ་དང་ཞིང་ཆེན་ཡོངས་སུ་དྲ་སྦྲེལ། རང་འགུལ་གྱིས་སྔོན་ཚུད་ཉེན་བརྡ་གཏོང་བ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱེད་པའི"སྤྱི་ཡོངས་ཀྱི་བླང་བྱར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་སྐྲུན་ཐད་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་ཁག་ཐེག་བཟང་བོ་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཁོར་ཡུག་མ་ལག་གིས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛུབ་སྟོན་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་དུ་བརྟན་པོར་འཛིན་པ། མིག་ལ་གཅེས་པ་ལྟ་བུར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར"ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག"ལ་སྲུང་སྐྱོང་བཟང་བོ་བྱས་ནས། སྔར་ལས་མང་ཞིང་སྤུས་ཚད་བཟང་བའི་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱས་ནས་མི་དམངས་ཀྱི་ཉིན་བཞིན་འཕར་བའི་སྐྱེ་ཁམས་ཁོར་ཡུག་བཟང་བོའི་དགོས་མཁོ་ལ་ཡིད་ཚིམ་བྱེད་དགོས་ཤིང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བའི་རེ་འདུན་མངོན་དུ་འགྱུར་བ་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1