དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་གསར་གཏོད་བྱེད་དགོས།

ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། ལྷ་མོ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་པ་ནི་ང་ཚོས་ཐོག་མཐའ་བར་དུ་འགྱུར་པ་མེད་པའི་འབད་བརྩོན་བྱེད་པའི་དམིགས་འབེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། "དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ན། མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དམ་པོར་འཛིན་པ་དང་། གང་ཐུབ་ཅི་ཐུབ་བྱེད་དགོས་ལ་འཁོས་དཔག་ས་ལས་སྒྲུབ་ཀྱང་བྱེད་དགོས་ཤིང་། དོན་དག་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་བསྒྲུབ་དགོས་པ་དང་ལོ་རེ་ནས་ལོ་རེ་བཞིན་མཐུད་ནས་བསྒྲུབ་དགོས། "

        དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་ནི་མཚོ་སྔོན་བྱ་བ་ཡོད་ཚད་ཀྱི་གཞི་འཛིན་ས་དང་རྐང་འཛུགས་ས་ཞིག་ཡིན་པས། ངེས་པར་དུ་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་ནུས་པ་ཡོད་ཚད་བཏོན་ནས་ལེགས་སྒྲུབ་བྱེད་དགོས།

        དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ནས། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། ད་ལྟ་ནས2020ལོ་བར་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་དུས་རིམ་ཞིག་ཡིན་ལ། མཚོ་སྔོན་གྱི་དམངས་འཚོ་འཛུགས་སྐྲུན་བྱེད་པའི་གནད་འགག་དུས་སྐབས་ཤིག་ཀྱང་ཡིན། རང་ཞིང་གིས་ཞིང་ཆེན་གྱི་གནས་ཚུལ་ཟུང་འབྲེལ་བྱས་ནས་བཀོད་སྒྲིག་རབ་དང་རིམ་པ་ཞིག་གཏན་འཁེལ་བྱས་པས།  རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས་ཏེ། བློ་ཐག་རྦད་ཆོད་ཀྱིས་དབུལ་ཐར་འགག་སྒྲོལ་འཐབ་རྩོད་ཐད་རྒྱལ་ཁ་ལེན་དགོས་པ་དང་སྤྱི་པའི་ཞབས་ཕྱི་དང་མཉམ་འཛུགས་མཉམ་རོལ་བཅས་ཀྱི་ལས་གཞི་ལ་སྐུལ་འདེད་བྱེད་ཆེད་དང་། སློབ་གསོ་དམིགས་སུ་བཀར་ནས་སྔོན་ལ་སྤེལ་བའི་བྱ་སྤྱོད་དང་བདེ་ཐང་ཇེ་མགྱོགས་སུ་གཏོང་བའི་བྱ་འགུལ་ལག་ཏུ་བསྟར་བ། སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་གཏོང་བའི་འགུལ་སྐྱོད་བཅས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་གི་ཆ་རྐྱེན་རྩ་བ་ནས་ལེགས་བཅོས་བྱེད་དགོས་པ་དང་། མི་དམངས་ཀྱི་ཡོང་སྒོ་མང་པོ་འཕར་དུ་འཇུག་དགོས་ཤིང་། མཚོ་སྔོན་གྱིས་ཧུར་ཐག་གིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱའི་འབད་བརྩོན་དམིགས་འབེན་མངོན་དུ་འགྱུར་བའི་ཐད་བྱས་རྗེས་མང་པོ་འཇོག་དགོས།

        སྤྱི་ཚོགས་བཅོས་སྐྱོང་ཐད་ཤུགས་སྣོན་དང་གསར་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བའི་ཐད་གཏན་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང"མཉམ་སྐྲུན་མཉམ་བཅོས་མཉམ་རོལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲུབ་སྟངས་སྐྲུན་དགོས་པ"བཏོན། འདི་ནི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་འདུ་ཤེས་དང་གཞི་སྒྲོམ། བྱེད་སྟངས། དམིགས་ཡུལ་སོགས་ལག་བསྟར་བྱེད་པའི་འཆར་འགོད་གསར་བ་དང་འཆད་འགྲེལ་གསར་བ་ཞིག་ཡིན་པས། ངེས་པར་དུ་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སྣ་མང་ཅན་གྱི་མཉམ་ལས་བཅོས་སྐྱོང་གཙོ་བོ་གསོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། ཆེད་གཉེར་བཅོས་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་ཁུངས་ནས་བཅོས་སྐྱོང་བཅས་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་དང་མཐུན་པའི་བཅོས་སྐྱོང་ནང་རྐྱེན་དང་དམངས་ཡོངས་ཀྱིས་མཉམ་འཛུགས་མཉམ་བཅོས་མཉམ་རོལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྒྲུབ་སྟངས་འཛུགས་པ་དང་། "རིགས་གསུམ་དང་རིམ་པ་བཞིའི"མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དཔེ་དབྱིབས་ཀུན་ཏུ་ཁྱབ་སྤེལ་བྱས་ནས། མཚོ་སྔོན་སྔ་མོ་ནས"གོམ་མཚུངས་གཅིག་དང་ལྷག་པར་བཞིའི"འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་ཁག་ཐེག་བྱེད་ཆེད་ཀྱང་གཏན་འཇགས་དང་འཆམ་མཐུན་ཡིན་པའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1