བསམ་བློ་གསར་བས་ན་གཞོན་གསར་བར་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་བར་བྱས་རྗེས་གསར་བ་འཇོག་དགོས།

གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མ་ཁྲོན་ཧྥང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ལེན་པའི་མདུན་དུ་སྐྱོད་པའི་དུང་བརྡ་བུས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བའི་ཐད་ཚན་རིག་དང་མཐུན་པའི་མཛུབ་སྟོན་འདོན་སྤྲོད་བྱས། གུང་གཞོན་ཚོགས་པས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཚད་དང་མཐུན་པའི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལག་བསྟར་ནན་ཏན་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བཏོན་པའི"འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་གཏམ་བརྗོད་དབང་ཆ་ཁོང་དུ་ཆུད་པ་དང་། དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྲུན་ཤུགས་ཆེར་གཏོང་བ། དྲ་བ་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་བཙུགས་ཏེ་དྭངས་གཙང་གི་དྲ་སྦྲེལ་བར་སྟོང་གཏོད་དགོས་པ"དེ་རྩ་བའི་བྱ་བའི་བསྲུང་བྱར་བཞག་ནས། ཧུར་ཐག་གིས་དྲ་སྦྲེལ་སྨྱན་བྱེད་གསར་བའི་ལག་རྩལ་མྱུར་དུ་འཕེལ་རྒྱས་དང་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་རྒྱུ་དེ་དེང་དུས་དུས་རབས་ཀྱི་ཁྱད་ཆོས་གཙོ་བོ་དང་འཚམ་པར་བྱས་ཏེ། འཕྲིན་སྦྲེལ་དྲ་བའི་འདུ་ཤེས་བཙུགས་ནས། ཞི་ཅིན་ཕེན་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དྲག་ཆས་སྤྲས་པ་དང་ན་གཞོན་ལ་སློབ་གསོ་བྱེད་པའི་ལས་འགན་གལ་ཆེན་འདི་བཀོལ་རྒྱུ་ཁོང་དུ་ཆུད་པར་བྱེད་དགོས། སྲོལ་རྒྱུན་གྱི་བྱ་བ་དང་དྲ་སྦྲེལ་སྨྱན་བྱེད་བྱ་བ་གཉིས་ཟུང་འབྲེལ་བྱས་ཏེ།"དྲ་ཐོག་གི་གུང་གཞོན་ཚོགས་པས་ན་གཞོན་སྣེ་ཁྲིད་དང་ན་གཞོན་བྱ་བར་ཞབས་འདེགས་ཞུ་བའི་རྣམ་པ་གསར་བ་གསར་གཏོད་བྱས་ནས། དྲ་སྦྲེལ་གྱི་དྲང་ནུས་ཀྱིས་ཏང་གི་ལས་དོན་འཕེལ་རྒྱས་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གོང་བུར་འགྲིལ་བར་བྱེད་དགོས།

གུང་གཞོན་ཚོགས་པས་དེང་རབས་ཀྱི་ན་གཞོན་གྱི་ཁྱད་ཆོས་ལྟར་ཤུགས་འདོན་དགོས་པ་དང་། སྨྱན་བྱེད་གསར་བའི་གཡུལ་ས་འཛུགས་སྐྲུན་དང"ན་གཞོན་གྱི་འབོད་སྒྲའི"སྤྱི་ཚོགས་འབྲེལ་རེས་གླེང་སྟེགས་སོགས་དང་འབྲེལ་ཡོད་ཆེད་བསྒྲིགས་ལེ་ཚན་དང་། དྲ་བའི་བརྗོད་བྱ་གཙོ་བོའི་བྱ་འགུལ་སྤེལ་ནས་མིག་དཔེ་འདེམ་པ་སོགས་ན་གཞོན་གྱི་བསམ་པ་དང་མཐུན་པའི་ཆོས་ཉིད་ངོས་འཛིན་དང་གཏམ་བརྗོད་མ་ལག་གི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རིགས་སྣ་ཚོགས་སྨྱན་བྱེད་གསར་བའི་སྟེགས་བུ། ལག་རྩལ་གསར་བ་བྱེད་སྤྱོད་བྱེད་ཐབས་བཅས་སྤྱད་ནས། ཉེ་འགྲམ་གྱི་མི་དང་དོན་བཀོལ་ནས་ན་གཞོན་ལ་སྐུལ་སློང་བྱེད་དགོས། དེ་མིན་སློབ་སྦྱོང་དང་དྲིལ་སྒྲོག  སྣེ་ཁྲིད་བཅས་ཀྱི་དམིགས་སའི་རང་བཞིན་དང་རང་འགུལ་རང་བཞིན། བསམ་བློའི་རང་བཞིན་ཤུགས་ཆེ་རུ་བཏང་ནས། ན་གཞོན་གྱི་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཏེ་སྣེ་ཁྲིད་ཀྱི་དངོས་ཕན་རང་བཞིན་དང་ཤུགས་རྐྱེན་རང་བཞིན་ཇེ་ཆེ་རུ་གཏོང་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1