སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འགྱུར་བའི"འགག་རྩ"འདི་དམ་པོར་འཛིན་དགོས།

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ལིས་ཆོང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། "རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་འཕར་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་བར་གྱི་འགལ་བར་འགྱུར་ཡོད། " གཏམ་བརྗོད་འདིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་བླངས་པ་ཡིན་ལ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་པས་ཐོབ་པའི་སྡོམ་ཚིག་ཅིག་ཀྱང་ཡིན།

        དང་པོ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་ནི་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱིས་བརྡར་ཤ་བཅད་པ་གལ་ཆེན་རེད། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་དེ་འགལ་བའི་ལས་འགུལ་གྱི་ཆོས་ཉིད་དང་མཐུན་པ་རེད། "དངོས་པོའི་རིག་གནས་ཀྱི་དགོས་མཁོ"ནས"མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ"ནི་ནང་གནས་གོང་དུ་འཕར་བའི་རིགས་ཤིག་ཡིན་པ་དང་། "རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད"ནས"དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་འཕེལ་རྒྱས"ནི་གྱི་ནང་གནས་གོང་དུ་འཕར་བའི་རིགས་ཤིག་ཀྱང་ཡིན་པས། དགོས་མཁོ་ནས་མཁོ་སྤྲོད་བར་གྱི་འགྱུར་ལྡོག་ཚང་མ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏན་ཚིགས་དང་མཐུན་པ་རེད། 2012ལོར་བསྡུས་པའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཐོག་བཏོན་པའི"འགྱུར་མེད་པ་གསུམ"ནང་འགལ་བ་གཙོ་བོ་"འགྱུར་མེད་པ"ཁོངས་སུ་གཏོགས། 2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་བཙུགས་ནས་ལོ་ངོ95འཁོར་བའི་ཚོགས་ཆེན་ཐོག་གི་གསུང་བཤད་ནང་དུ་སྔར་བཞིན་འདི་འདྲའི་བརྡར་ཤ་བཅད་པ་རྒྱུན་སྲུང་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་བགུ་བའི་ཐོག་བཏོན་པའི་བརྡར་ཤ་བཅད་པ་གསར་བ་ནི་བསམ་གཞིགས་གཟབ་ནན་བཏང་བའི་མཐའ་འབྲས་ཡིན། ཐེངས་སྔོན་མར་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་བརྡར་ཤ་བཅད་པའི1981ལོའི་ཚུན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུས་པའི2017ལོ་བར་ནི་རང་རྒྱལ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན་པས། དངོས་གནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སྐྱོད་པའི་དགོས་མཁོ་དང་མཐུན་པས་ན། རང་རེའི་ཏང་གིས་སྐབས་འཁེལ་གྱིས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འགྱུར་བའི་ཆོད་གཏམ་བཞག

        གཉིས་པ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བའི་གལ་ཆེའི་དོན་སྙིང་། "མི་དམངས་ཀྱི་ཉིན་བཞིན་འཕར་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ"བརྡར་ཤ་གཅོད་པ་ནི་དོན་སྙིང་གལ་ཆེན་ལྡན། དེའི་ནང་དུ"ཉིན་བཞིན་འཕར་བའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ"ཚུད་པ་མ་ཟད། དེའི་རྨང་གཞི་ཐོག་བྱུང་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་། ལ་རྒྱ། ཁེ་དབང་། རང་ཁྱིམ་རང་བདག་སོགས་ཕྱི་ཡུལ་གྱི"མཉེན་པའི་དགོས་མཁོ"ཡང་ཚུད་པ་རེད། སྔོན་ཆད་ཀྱི"མཁྲེགས་པའི་དགོས་མཁོ"མེད་པར་གྱུར་མེད་ལ་རིམ་སྤར་བྱུང་བའི་གནས་ཚུལ་ཡང་ཡོད། གསར་དུ་བྱུང་བའི"མཉེན་པའི་དགོས་མཁོ"ནི་སྣ་མང་ཅན་དང་རིམ་པ་མང་བའི་ཁྱད་ཆོས་ལྡན་པས། དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་ཀྱི་བརྡར་ཤ་བཅད་པ་ནི་གསལ་ཞིང་ཟབ་མོ་ཡིན། རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དེ་ཁྱབ་ཁོངས་དོ་མི་མཉམ་པ་དང་ས་ཁོངས་མི་མཉམ་པ། ཁྱུ་ཚོགས་དོ་མི་མཉམ་པ་བཅས་མཚོན་ཡོད། གནད་དོན་དེ་དག་ཐག་གཅོད་བྱེད་ན་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་ནན་ཏན་བྱེད་པ་དང་།  འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བྱེད་དགོས། འཕེལ་རྒྱས་བྱེད་པའི་ནང་སྤྱི་ཚོགས་ཀྱི་དྲང་གཞག་ལ་དོ་སྣང་བྱེད་པ། མུ་མཐུད་དུ་ས་ཁུལ་དང་ས་ཁུལ་བར་གྱི་ཧེ་བག་དང་ཡོང་སྒོའི་ཧེ་བག  གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་ཇེ་ཉུང་དུ་བཏང་ནས། མི་དམངས་ཚང་མར་བཅོས་སྒྱུར་སྒོ་འབྱེད་དང་འཕེལ་རྒྱས་བྱས་པའི་གྲུབ་འབྲས་རོལ་ཏུ་འཇུག་དགོས།

        སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བ་དེས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱེད་པར་སྔར་ལས་བཟང་བའི་གོ་སྐབས་ཁྱེར་ཡོང་བ་རེད། ཞིང་ཆེན་གོང་འོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི"ཏན་ཏན་ཏིག་ཏིག་བཞིའི"བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། "བསྒྱུར་བ་བཞི"སྐུལ་འདེད་གཏོང་བ། སེམས་མཐུན་སྟོབས་སྒྲིལ་དང་མཐུན་སྒྲིལ་མདུན་སྐྱོད་སྒོས། སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པ་བཅས་ཡིན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1