ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ བསྐྱོད་པའི་ནང་དོན་ཟབ་མོར་ཤེས་རྟོགས་དང་ཁོང་དུ་ཚུད་པར་བྱེད་དགོས།

མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ། མ་ཁྲོན་ཧྥང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་ཚོགས་ཆེན་ཐེངས་དགུ་བའི་སྙན་ཞུའི་ནང་བསྟན་དོན། "དུས་ཡུན་རིང་བོར་འབད་བརྩོན་བྱས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པ་རེད།"འདི་ནི་རང་རེའི་ཏང་གིས་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་བ་དང་བླང་བྱ་གསར་བ་ལྟར་ཆབ་སྲིད་ཀྱི་བརྡར་ཤ་བཅད་པ་གལ་ཆེན་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བཏོན་པའི་གཞི་འཛིན་ས་གལ་ཆེན་ཡང་ཡིན།

        དུས་རབས་གསར་བའི་ཕྱི་ཡུལ་གྱི་གཞི་འཛིན་ས་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། བཅོས་སྒྱུར་སྒོ་འབྱེད་ཚུན་དུ་ཀྲུང་གོའི་སྤྱི་ཚོགས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ནང་སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ5ནང་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་དང་འགན་འཁྲི་ཁུར་སེམས་ཆེན་པོ་བཅངས་ཏེ། ཡུན་རིང་ཐག་གཅོད་འདོད་ཀྱང་ཐག་གཅོད་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་སྙམ་ཡང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཟིན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱུང་བ་དེ་བྱས་རྗེས་ཆེན་པོ་འདི་དང་སྔ་ན་མེད་པའི་འབྱུང་ལྡོག་ལ་བརྟེན་པ་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པ་རེད།

        དུས་རབས་གསར་བའི་མཚོན་རྟགས་གལ་ཆེན་ནི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང"རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་འཕར་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་བར་གྱི་འགལ་བར་འགྱུར་བའི"ཆོད་གཏམ་བཏོན། དེ་ནི་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་གནས་ཚུལ་དང་མཐུན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་ཀྱི་གསར་སྐྲུན་གལ་ཆེན་ཞིག་ཀྱང་རེད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བ་དེས་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་གཙོ་གནད་གསལ་བོར་བསྟན་པས། རང་རྒྱལ་གྱིས་སྲིད་ཇུས་སྣ་ཚོགས་གཏན་འཁེལ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་གྱུར་ཡོད་པ་རེད།

        དུས་རབས་གསར་བར་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་ཁུར་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པས། ཀྲུང་གོ་གུང་ཁྲན་ཏང་ལ་བླང་བྱ་གསར་བ་དང་འགན་འཁྲི་གསར་བ་བཏོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང"རླབས་ཆེན་བཞི"བཀོལ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་མགོ་བརྩམས་ས་གསར་བའི་ཐོག་ནས་ལངས་ཏེ་མ་འོངས་པ་ཁ་གཏད་ཀྱི་འགན་འཁྲི་གསར་བར་ཞིབ་བཤད་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མངགས་བཅོལ་སྟོང་ཟད་དུ་གཏན་ནས་མི་རུང་བ་དང་། ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་གཤགས་མདུན་སྐྱོད་ཀྱིས་རྒྱལ་ཁའི་ངང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས།

        དུས་རབས་གསར་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་མགོ་བརྩམས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུས་ཏང་དང་རྒྱལ་ཁབ་ལས་དོན་རྒྱང་རིང་འཕེལ་རྒྱས་ལ་དམིགས་ཏེ། 2020ལོ་བར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པ་ནས2025ལོ་བར་གྱི་ལོ30ནང་གི་འཐབ་ཇུས་འཆར་འགོད་གསར་བ་གཏན་འཁེལ་བྱས་པ་དང་། དུས་ཚོད་རེའུ་མིག་དང་ལམ་ཐིག་ས་བཀྲ་གཏན་འཁེལ་བྱས། དེ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཡིན་པས། དུས་རབས་གསར་བ་འཕེལ་རྒྱས་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་བ་མགོ་བརྩམས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1