འཛམ་གླིང་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཀྱི་ཕྱེད་ཀ་ལྷག་ནོ་ཀྲུང་གོས་བཟོས་པ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


         ཀྲུང་གོ་ནི་འཛམ་གླིང་གི་བཟོ་གྲྭར་གྲགས་མོད། འོན་ཀྱང་ཀྲུང་གོས་འཕྲུལ་ཆས་ཅི་ཙམ་ལས་ཡོད་ཅེ་ན། ཁོ་རེ་ཡ་ལྟོ་མའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་ཁང་གིས་ན་ནིང་གི་ཟླ10པའི་ཚེས5ཉིན་སྤེལ་བའི་གསར་འགྱུར་ཞིག་ཏུ་འཛམ་གླིང་ཡོངས་ཀྱི་འཚོ་བའི་ཁྱིམ་སྤྱོད་གློག་ཆས་ཀྱི་ཕྱེད་ཀ་ལྷག་ནི་ཀྲུང་གོས་བཟོས་པར་གསལ།

        ཁོ་རེ་ཡ་ལྟོ་མའི་རྒྱལ་ཁབ་ཀྱི་གློག་རྡུལ་ཆ་འཕྲིན་དང་འཕྲིན་ཡིག་ཐོན་ལས་དར་རྒྱས་ཚོགས་པས་ཁྱབ་སྤེལ་བྱས་པའི《ཁྱིམ་སྤྱོད་གློག་ཆས་ཐོན་ལས་ཀྱི་ད་ཡོད་གནས་ཚུལ་དང་རྒྱང་ལྟའི་སྙན་ཞུ》ལྟར་ན། ད་ལོར་འཛམ་གླིང་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་ཀྱི་ཐོན་སྐྱེད་ཚད་ནི་ཁྲི75284ཡིན་ལ། སྔོན་རྩིས་ལྟར་ན2016ལོ་ལས1.7%འཕར་རྒྱུ་རེད། དེ་ལས། ཀྲུང་གོས་བཟོས་པའི་ཐོན་རྫས་ནི་ཁྲི42318ལ་སླེབས་པས56.2%ཟིན། ལྷག་པར་མཁའ་རླུང་གཙང་བཟོ་འཕྲུལ་ཆས་ནང་ཀྲུང་གོས་ཁྲི2390བཟོས་ཡོད་པས། ཚོང་རའི་ཟིན་ཚད་ནི96.7%ཡིན། གཞན་ཁྱིམ་སྤྱོད་ཐོན་རྫས་གཙོ་བོའི་ཚོང་རའི་གཞི་ཁྱོན་ལས་ཆེས་ཆེ་བ་ཡང་ཀྲུང་གོ་ཡིན་པས། འཛམ་གླིང་ཡོངས་ཀྱི42.2%ཟིན་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1