ཉིན་རེར་ཆང་རྒྱ་མ་གང་དང་ཕྱེད་ཀ་བཏུངས་ན་ནད་རིགས་ཉེར་བཞི་ཕོག་སླ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        དུས་ཡུན་རིང་བོར་ཨ་རག་བག་མེད་དུ་བཏུངས་པའི་རྐྱེན་གྱིས་ཧུའུ་ནན་ཀྲུའུ་ཀྲོའུ་ཡི་རུས་ཝང་ཅན་གྱི་ཕོ་གསར་ཞིག་ལ་ནད་རིགས24ཕོག་ནས། རྒྱུན་པར་སྨན་ཁང་ཆེ་ཤོས་ཁག་ལ་ནད་བཅོས་བྱེད་དུ་འགྲོ་བཞིན་ཡོད།   ཟླ1པའི་ཚེས21ཉིན།  རུས་ཝང་ཅན་གྱིས་ཆང་ཚད་ལས་བརྒལ་བ་བཏུངས་པའི་རྐྱེན་གྱིས་ཁྱིམ་མིས་སྨན་ཁང་དུ་བསྐྱལ་ནས་དེང་སྐབས་ད་རུང་སྨན་བཅོས་བྱེད་བཞིན་ཡོད།

        རུས་ཝང་ཅན་གྱི་ཕོ་གསར་དེ་ནི་ལོ་ན24ལ་སླེབས་པ་ཙམ་ཡིན་མོད།  འོན་ཀྱང་ལུས་པོ་བདེ་ཐང་གི་ཚད་ནི་ལོ་བཞི་བཅུའམ་ལྔ་བཅུ་ཅན་གྱི་མི་དང་འདྲ།   ཁོ་ནི་ལོ་བཅོ་ལྔའམ་བཅུ་དྲུག་གི་དུས་ནས་བཟུང་ཆང་འཐུང་རྒྱུར་དགའ་བ་དང་། ནམ་རྒྱུན་དུ་ཆང་ཁང་དང་རོལ་རྩེད་ཁང་དུ་ཉི་མ་གཏོང་གིན་ཡོད།  ན་ཚོད་ཇེ་ཆེར་སོང་བ་དང་བསྟུན་ནས་ཆང་འཐུང་ཚད་ཀྱང་ཇེ་ཆེར་སོང་སྟེ། ཐེངས་རེར་ཆང་རྒྱ་མ་གང་དང་ཕྱེད་ཀ་འཐུང་རྒྱུ་ནི་ཁོ་ལ་མཚོན་ན་དེ་འདྲའི་དཀའ་མོ་ཞིག་མ་རེད།   རིམ་བཞིན་རུས་ཝང་ཅན་གྱི་ཕོ་གསར་དེའི་ལུས་པོ་རྒྱུན་ལྡན་དང་མི་འདྲ་བར་དྲན་ཤེས་མི་གསལ་བ་དང་། རྒྱུན་པར་ནད་འདྲ་མིན་འབྱུང་གིན་ཡོད།  ཉེ་སྔོན།  ཆང་བཏུངས་རྗེས་ལུས་ལ་ཚ་རྒྱས་པ་དང་།  གསུས་ཁོག་ན་བ། རྒྱུན་པར་སྐྱུག་པ་ལངས་ཀྱིན་ཡོད་པས། སྨན་ཁང་དུ་བསྐྱལ་ནས་ཞིབ་བཤེར་བྱས་རྗེས།  གློ་བའི་གཡས་ཟུར་ལ་འགོ་ནད་བྱུང་བ་དང་།  ཆང་བཅུད་ལས་བྱུང་བའི་མཆིན་ཚད་དང་།  ཁྲག་དཀག་བྱེད་ནུས་རྒྱུན་ལྡན་དང་མི་འདྲ་བ་སོགས་ནད་རིགས24བྱུང་ཡོད་པ་ཤེས།  ནད་ལ་ཉེན་ཁ་རང་བཞིན་ཆེ་སྟབས་སྨན་ཁང་གི་ལས་བྱེད་མི་སྣས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་པ་བརྒྱུད།  རུས་ཝང་ཅན་གྱི་ཕོ་གསར་དེ་འཇིགས་ཉེན་ལས་ཐར་ནས་སླར་གསོ་བྱེད་བཞིན་པའི་སྒང་ཡིན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1