ཀྲུང་གོའི་བུད་མེད་ཀྱི"སྤུས་ལེགས"འཚོ་བར་ལྟ་ཀློག་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཐག་ཇེ་རིང་དུ་སོང་བ།

        2015ལོར་རང་རྒྱལ་མི་གྲངས་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཐག་ལོ76.34ཡིན་པ་དེ།  2010ལོ་དང་བསྡུར་ན་ལོ1.51གིས་ཇེ་རིང་དུ་སོང་ཡོད། དེའི་ནང་གི་བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཐག་ལོ77.37ནས་ལོ79.43ལ་འཕར་ཡོད་པས2010ལོ་དང་བསྡུར་ན་ལོ2.06གིས་ཇེ་རིང་དུ་སོང་ཡོད།

སྦྲུམ་མ་དང་བང་མའི་ཤི་ཚད་ཇེ་ཉུང་དུ་སོང་བ་དང་སྐྱེ་འཕེལ་བདེ་ཐང་ཡོང་བའི་ཆུ་ཚད་ཇེ་མཐོར་སོང་བ།

        2015ལོར་རྒྱལ་ཡོངས་ཀྱི་སྦྲུམ་མ་དང་བང་མའི་ཤི་ཚད་ནི2010ལོའི་ཁྲི30/10ནས་ཁྲི20.1/10བར་ཇེ་ཉུང་དུ་སོང་བ་དེ། ཕལ་ཆེར་འབུམ་ཆའི་ཆ10ཇེ་ཉུང་དུ་སོང་ཡོད་པས། བུད་མེད་རྩ་གནད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་དེ་སྔ་སྣུར་གྱིས་མངོན་འགྱུར་བྱུང་། ཞིང་སྡེའི་ལོ་ཚད་ལོན་པའི་བུད་མེད་ཀྱི་མངལ་གྱི་ཁ་སྦུབས་ཀྱི་སྐྲན་དང་སྐྲན་སྔོན་ནད་འགྱུར་ལ་སྔ་མོ་ནས་བརྟག་དཔྱད་བྱེད་པ་དང་སྔ་མོ་ནས་ནད་བཅོས་བྱེད་པའི་ཚད2012ལོའི89.6%དང75.0%ནས2015ལོའི90.8%དང95.9%ལ་ཇེ་མཐོར་སོང་ཡོད་པ་དང་། ནུ་སྐྲན་དང་སྐྲན་སྔོན་ནད་འགྱུར་གསོ་བཅོས་བྱེད་པའི་ཚད2012ལོའི71.2%ནས2015ལོའི99.1%ཇེ་མཐོར་སོང་ཡོད།

རྒྱུན་དུ་རྩལ་སྦྱོང་ལ་ཞུགས་པའི་བུད་མེད་ཀྱི་མི་གྲངས་བསྡུར་ཚད་ཆེས་ཆེར་འཕར་བ།

        2014ལོའི་དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན།  རྒྱལ་ཡོངས་ཀྱི་ལོ20དང་དེའི་ཡན་གྱི་བུད་མེད་རྒྱུན་དུ་རྩལ་སྦྱོང་ལ་ཞུགས་ཚད2007ལོའི7.5%ནས15.1%འཕར་ཡོད།

མཐོ་རིམ་སློབ་གསོ་དང་ལེན་བྱས་པའི་བུད་མེད་ཀྱི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།

        2015ལོར་མཐོ་རིམ་སློབ་གསོར་ཞུགས་པའི་ཚད40%ཡིན་པ་དེ2010ལོ་དང་བསྡུར་ན་བརྒྱ་ཆའི་ཆ13.5འཕར་ཡོད། 2015ལོར་སློབ་གྲྭར་ཡོད་པའི་བུད་མེད་ཞིབ་འཇུག་སློབ་མས་ཞིབ་འཇུག་སློབ་མ་ཡོངས་ཀྱི49.7%ཟིན་ཡོད་པ་དང་། དེ2010ལོ་དང་བསྡུར་ན་བརྒྱ་ཆའི་ཆ1.8མཐོ་རུ་ཕྱིན་ཡོད། སྤྱིར་བཏང་གི་དངོས་གཞི་ཆེད་ཚན་བུད་མེད་སློབ་མ་ཁྲི1376ཡོད་པ་དེས་སློབ་གྲྭར་ཡོད་པའི་སློབ་མ་ཡོངས་ཀྱི52.42%ཟིན་པས།  2010ལོ་དང་བསྡུར་ན་བརྒྱ་ཆའི་ཆ1.56འཕར་ཡོད།

བུད་མེད་ཀྱི་ལས་སྐྲུན་དང་ལས་ཞུགས་པ་སྣ་མང་ཅན་དུ་གྱུར་པ།

        ཀུན་གྱིས་ལས་ཀ་སྐྲུན་པ་དང་ཚང་མས་གསར་སྐྲུན་བྱེད་པའི་ཁྲོད་བུད་མེད་ཀྱི་འཇོན་ཐང་འདོན་སྤེལ་གང་ལེགས་བྱས་ཡོད། འཕྲིན་སྦྲེལ་དྲ་བའི་ཁྱབ་ཁོངས་ཀྱི་ལས་སྐྲུན་མཁན་གྱི་ཁྲོད་བུད་མེད་ཀྱིས55%ཟིན། ལོ5ཡི་ནང་རྒྱལ་ཡོངས་སུ་རིམ་པ་མི་གཅིག་པའི་བུད་མེད་སློབ་གྲྭ་ཆེན་མོས་ལས་སྐྲུན་རྟེན་གཞི13000ལྷག་བསྐྲུན་ཡོད། བུད་མེད་སློབ་གྲྭ་ཆེན་མོ་པ་ཁྲི50ལྷག་ལ་ལས་ཞུགས་ལས་སྐྲུན་གྱི་ཞབས་ཞུ་ཐོབ་ཡོད། བུད་མེད་ཀྱི་ལག་ཤེས་འཐག་ལས་རྟེན་གཞི5000ལྷག་བསྐྲུན་ཡོད་པ་དང་བུད་མེད་ཁྲི330ལྷག་ལས་ཞུགས་བྱུང་བས། དེས་ལས་ཞུགས་དཀའ་ངལ་ཡོད་པའི་བུད་མེད་ཁྲི1000ལྷག་ལས་སུ་ཞུགས་པར་སྐུལ་ཁྲིད་བྱས།

ཞིང་སྡེའི་བུད་མེད་ཀྱི་ས་ཞིང་ཁེ་དབང་འགན་སྲུང་བྱེད་པར་ཤུགས་བསྣན་པ།

        2016ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22སུ་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་གཏན་འཁེལ་ཐོ་འགོད་བྱེད་པའི་ལས་སྒོ་སྤེལ་བ་དང་། ཞིང་ཆེན། (རང་སྐྱོང་ལྗོངས་དང་གྲོང་ཁྱེར)27གྱིས་ཆེད་དུ་ཡིག་ཆ་འགྲེམ་སྤེལ་བྱས་ཏེ་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་གཏན་འཁེལ་ཐོ་འགོད་དེབ་དང་གཉེར་དབང་ལག་ཁྱེར་ཐོག་བུད་མེད་ཚུད་པའི་ཁྱིམ་མི་ཡོངས་ཀྱི་མིང་ཐོ་འགོད་དགོས་པའི་བླང་བྱ་བཏོན་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཞིང་སྡེའི་བུད་མེད་ཀྱི་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་དང་ཁང་སའི་སྤྱོད་དབང་། ཐུན་མོང་ཁེ་ཕན་བགོ་བཤའ་རྒྱག་དབང་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱས་ཡོད། བུད་མེད་ཀྱི་ས་ཞིང་ཁེ་དབང་སྲུང་སྐྱོབ་ཐབས་ལམ་བཀག་མེད་ཡོང་བར་བྱས་ཡོད།

དབུལ་ཕོངས་བུད་མེད་ཀྱི་གནས་ཚུལ་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད།

        2015ལོའི་རྒྱལ་ཡོངས་ཞིང་སྡེའི་དབུལ་ཕོངས་མི་གྲངས་དེ2010ལོ་ལས་དུང་ཕྱུར1.1ཇེ་ཉུང་དུ་སོང་ཡོད་པ་དང་། དེའི་ནང་གི་ཕྱེད་ཀ་ལྷག་བུད་མེད་ཡིན། 2015ལོར་རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་ཞིང་སྡེའི་ཁྱད་དབུལ་མི་སྣའི་རོགས་སྐྱོར་ཐོབ་པའི་མི་གྲངས་ཁྲི7127ལྷག་ལ་སླེབས་པ་དང་། དེའི་ཁྲོད་དུ་བུད་མེད་ཁྲི2609ཡོད་པས། 36.6%ཟིན་ཡོད།

ཁེ་ལས་དོ་དམ་ལ་ཞུགས་པའི་བུད་མེད་ཀྱི་བསྡུར་ཚད་བརྟན་བརླིང་སྒོས་འཕར་བ།

        2015ལོར་ཁེ་ལས་ནང་དུ་བུད་མེད་ལས་འཛིན་པ་དང་ལྟ་ཞིབ་པ་སོ་སོར22.5%དང་26.3%ཡོད་པ་དེ།  2010ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཆ5.4དང3.8འཕར་ཡོད། ཁེ་ལས་ནང་དུ་བུད་མེད་ལས་འཛིན་པས་ལས་འཛིན་པ་ཡོངས་ཀྱི་ཟིན་ཚད་དང་བུད་མེད་ལྟ་ཞིབ་པས་ལྟ་ཞིབ་པ་ཡོངས་ཀྱི་ཟིན་ཚད་སོ་སོ་ནི38.4%དང38.9%ཡིན་པས།  སོ་སོར2010ལོ་དང་བསྡུར་ན་བརྒྱ་ཆའི་ཆ5.7དང3.7འཕར་ཡོད།

བུད་མེད་ཀྱི་དབང་སྲུང་འདུ་ཤེས་དང་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་སོང་བ།

        2015ལོར"ཁྱིམ་ཚང་ཁྲི་སྟོང་སྦྲེལ་ནས་ཁྲིམས་ལུགས་ཁྱིམ་ཚང་དུ་སྐྱེལ་བ་དང་ཁྱིམ་ནས་བྱ་འགུལ་སྤེལ་བ"ཞེས་པ་བརྗོད་གཞི་བྱས་ནས་ཁྲིམས་ཁྱབ་འཆད་ཁྲིད་དང་ཡུལ་དངོས་བློ་འདྲི། ཁྲིམས་སྐྱོང་རིག་གནས་སོགས་ཀྱི་བྱ་འགུལ་ཐེངས་ཁྲི65ལྷག་སྤེལ་བ་དང་། ཞབས་ཞུ་ལ་ཞུགས་མཁན་གྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོ། ཁྲིམས་རྩོད་པ་སོགས་ཀྱི་དབང་སྲུང་དང་བླངས་པ་མི་ཁྲི96ལྷག་ཡོད་པས།  བུད་མེད་མང་ཚོགས་ཁྲི8300ལྷག་ལ་ཁེབས་ཡོད། ཁྱིམ་ཚང་ཁྲི་སྟོང་མང་པོར་བྱེད་སྒོ་སྤེལ་བ་དང་བཅའ་ཁྲིམས་ཁྱིམ་ཚང་དུ་བསྐྱལ་པས་བུད་མེད་ཁྱིམ་ཚང་ཁྲི32.82སུ་སླེབས་པ་དང་བུད་མེད་ཁྲི2580སྣེ་ཁྲིད་བྱས་ཏེ་ཁྲིམས་ལུགས་བརྩི་སྲུང་དང་ཁྲིམས་ལུགས་སྦྱོང་བ། ཁྲིམས་ལུགས་སྲུང་བ་བཅས་བྱས།

བུད་མེད་ལ་ཐབས་ལམ་སྣ་མང་སྟེང་ནས་ཁྲིམས་ལུགས་ཀྱི་རོགས་སྐྱོར་དང་ཁྲིམས་འཛིན་གྱི་སྐྱོབ་རོགས་ཐོབ་པ།

        2015ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྲིད་གཞུང་གིས་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས3739བཙུགས་པས།  2010ལོ་ལས166ཇེ་མང་དུ་སོང་ཡོད། ལོ5ཡི་ནང་རིམ་བསགས་སྒོས་བུད་མེད་ཁྲི153ཙམ་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཡོད། 2015ལོར་རྒྱལ་ཡོངས་ཀྱི་འགེབས་སྲུང་ལས་ཁུངས2009ཡིས་ཁྱིམ་ཚང་ནང་གི་དྲག་ཤུགས་ཐེབས་པའི་བུད་མེད་དང་བྱིས་པ9147ལ་རོགས་སྐྱོར་བྱས།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1