དུ་བ་གཅོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        ཉིན་ཞིག སྐྱེས་པ་ཞིག་གིས་རང་དང་ན་མཉམ་གྱི་གྲོགས་པོ་འགའ་ཁྱིམ་དུ་བསུས་ནས་ཇ་ཆང་ལ་རོལ།  སྐྱེས་པས་ཆང་འཐུང་ཞོར་དུ་བ་གཅིག་འཐེན་གཉིས་འཐེན་བྱེད་སྐབས།  ཁོའི་ཆུང་མ་འཛུམ་དང་བཅས་ཡར་ལངས་ནས་སྐད་ཆ་ཅི་ཡང་མི་བཤད་པར་སྒེའུ་ཁུང་ཡངས་མོར་ཕྱེ་བྱུང་།

        འགྲམ་གྱི་གྲོགས་པོ་ཞིག་གིས་ཆུང་མར་ཁྱོད་ཀྱིས་རང་གི་སྐྱེས་པར་དུ་བ་གཅོད་དུ་བཅུག་ན་མི་ཆོག་གམ།  དུ་བ་འཐེན་ན་ལུས་པོའི་བདེ་ཐང་ལ་གནོད་པ་རེད་ཅེས་ཁ་རོག་གེར་དེ་ལྟར་བཤད་པ་ན།  ཆུང་མའི་གདོང་ལ་ཡང་བསྐྱར་འཛུམ་ཞིག་ལངས་ནས་བཤད་རྒྱུར།  ཁོ་ལ་མཚོན་ན་དུ་བ་འཐེན་པ་ནི་དགའ་མགུ་སྐྱིད་སྣང་ཞིག་ཏུ་རྩི་བཞིན་ཡོད། གལ་ཏེ་ཁོ་རང་ལོ་བརྒྱད་ཅུ་བར་གསོན་ཐུབ་པའི་དབང་དུ་བཏང་ན།  ངས་ཁོ་ལ་དགའ་མགུ་སྐྱིད་སྣང་ངང་ལོ་དྲུག་ཅུ་ལ་འཚོ་བ་རོལ་དུ་འཇུག་པ་ལས། སྐྱིད་སྣང་མེད་པར་ལོ་ཉི་ཤུ་ཡི་ཚེ་ཐག་ཇེ་རིང་དུ་གཏོང་མི་འདོད་ཟེར།

        སྐྱེས་པས་སྐད་ཆ་དེ་གོ་རྗེས་མི་ཚེ་གང་བོར་དུ་བ་མི་འཐེན་པའི་དམ་བཅས་པ་རེད།  རྗེས་སུ་གྲོགས་པོ་ཞིག་གིས་ཁོ་ལ་ཁྱོད་ཀྱིས་ལས་སླ་མོ་ངང་དུ་བ་གཅོད་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པ་ན། སྐྱེས་པས་ང་རང་ལ་འདི་ལྟ་བུའི་ཆུང་མ་བཟང་མོ་ཞིག་ཡོད་པས།  ལོ་ཉི་ཤུ་ཡི་ཚེ་ཐག་ཇེ་ཉུང་དུ་གཏོང་དགོས་དོན་མེད་ཅེས་བཤད།

        དགའ་བ་དང་དུང་བ་ནི་སེམས་དང་སེམས་ཀྱིས་རོལ་མྱོང་བྱེད་པ་ལས།  སྐད་ཆ་མང་པོ་བཤད་དེ་ར་སྤྲོད་བྱེད་ཐུབ་པ་ཞིག་མིན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1