དཀར་མཛེས་ཁུལ་གྱི་དགུན་དུས་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་བ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-15



     2019ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་རིམ་གྱིས་བསགས་ན་དཀར་མཛེས་ཁུལ་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་བདུན་དང་སྟོང་གསུམ་ལྷག་ཡོང་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་7355.26ལ་ཟིན་ཅིང་།དུས་མཉམ་དང་བསྡུར་ན་བརྒྱ་ཆ་ལྔ་དང་གྲངས་ཆུང་གཅིག་ལྔ་དང་བརྒྱ་ཆ་ལྔ་དང་གྲངས་ཆུང་གཅིག་བཞི་འཕར་སྣོན་བྱུང་ཡོད། གུང་གསེང་རིང་། དཀར་མཛེས་ཁུལ་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་རིགས་ཧུར་ཐག་གིས་ ཡུལ་སྐོར་བདེ་འཇགས་འགན་སྲུང་དང་འཕྲལ་སྡོམ་ལས་རེས་བརྟན་སྲུང་ལས་ཀ་ཡག་པོ་བསྒྲུབས་ཏེ། བབ་བསྟུན་ཐག་གཅོད་དུས་ཐོག་ཏུ་འབྱོར་བ་དང་ཡུལ་སྐོར་བར་གནོད་སྐྱོབ་དང་རོགས་རམ་ཐེངས་ཉི་ཤུ་བྱས་པ། རིགས་སོ་སོའི་ཡུལ་སྐོར་བློ་འདྲི་བྱེད་པའི་མིའི་ཐེངས་གྲངས་སྟོང་གཅིག་དང་ལྔ་བརྒྱ་ལ་ཟིན་པ། ཞབས་ཞུ་སྤུས་ལེགས་དང་དོ་དམ་ཚད་ལྡན་ཡིན་པའི་རྐྱེན་གྱི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་དཀར་མཛེས་ཁུལ་ཡོངས་སུ་ཡུལ་སྐོར་ཞུ་གཏུག་བྱེད་པའི་གནས་ཚུལ་གཅིག་ཡང་བྱུང་མེད་པ་རེད།
        ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན་། དཀར་མཛེས་ཁུལ་གྱིས 2019 ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་ཡུལ་སྐོར་བརྟན་པོའི་ངང་འཕར་བ། གཙོ་བོ་ནི་དཀར་མཛེས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཚོང་རར་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་རྒྱ་བསྐྱེད་པ་། ཁུལ་ཡོངས་ཀྱི་ཕྱོགས་བསྡུས་ཡུལ་སྐོར་སྣེ་ལེན་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་། གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་གནམ་ལོ་གསར་ཚེས་འཆར་ལ་ཉེ་བའི་སྐབས་སུ་དཀར་མཛེས་ཁུལ་གྱི་ཁྲེང་ཏུའུ་རུ་ དགུན་དུས་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་སྤེལ་བ་བཅས་ཕྱོགས་གང་ཅིའི་ཐད་ནས་རག་ལས་པ་ཡིན། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་། དཀར་མཛེས་ཁུལ་གྱི་ཡུལ་སྐོར་སྣེ་ལེན་ཐད་མང་དྲགས་པའི་གནས་ཚུལ་བྱུང་མེད་པ་དང་། གནམ་གཤིས་གློ་བུར་དུ་གྲང་ངར་ཆེ་བ་སོང་བས་དཀར་མཛེས་ཁུལ་མངའ་ཁོངས་ཀྱི་ས་ཁུལ་མང་ཆེ་བར་འགྲོ་ལམ་ཐོག་གངས་འཁྱག་ཐེབས་པ་དང་དར་རྩེ་མདོའི་གནམ་ཐང་ཡང་གནམ་གཤིས་ཀྱིས་རྐྱེན་གྱི་ཉིན་གཉིས་གཏོང་མཚམས་འཇོག་ཡོད། མདོར་ན། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་དཀར་མཛེས་ཁུལ་ཡོངས་སུ་ཡུལ་སྐོར་སྣེ་ལེན་བརྟན་པོའི་ངང་འཕར་བ་དང་། ཡུལ་སྐོར་གྱི་ཁོར་ཡུག་བདེ་འཇགས་ལྡན་པ་དང་གོ་རིམ་ལྡན་པས་ 2019ལོའི་དཔྱིད་དུས་ཡུལ་སྐོར་ཐད་འགོ་ཡག་པོ་ཞིག་བརྩམས་ཡོད་ཟེར།    དཔྱིད་གསར་དུས་ཆེན་སྐབས་སུ་དཀར་མཛེས་ཁུལ་གྱི་ས་གནས་སོ་སོས་རྣམ་པ་སྣ་ཚོགས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུ་ཡིན་པ། ཟླ་བ་དང་པོའི་ཚེས་གཉིས་ཉིན་ནས་ཟླ་བ་བཞི་པའི་ཚེས་ཉི་ཤུ་ཉིན་གྱི་བར་དཀར་མཛེས་ཁུལ་གྱིས་ད་དུང་སྒོ་འཛིན་། འགྲིམ་འགྲུལ།མགྲོན་ཁང་སོགས་ཐད་ནས་ཕན་བདེ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།དེར་བརྟེན་2019 ལོའི་དཔྱིད་དུས་སུ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་མདུན་ལྗོངས་ཡག་པོ་ཞིག་ཡིན་སྲིད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1