ཉི་འོད་ཀྱིས་ངོ་འཁྲུད་པ།

འཇོ་མདའ་དྲང་འགྲོ།(དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


ཉི་འོད་ཁྱོར་བ་གང་རེ་གདོང་ལ་བྱུག་བཞིན།།

ལག་པའི་ཕྱི་ནང་ཀུན་པོར་ཤུགས་ཀྱིས་བྱིལ་ཡང་།།

སེམས་ཀྱི་ལུང་བར་འཁྲུངས་པའི་ཁ་བའི་རི་བོ།།

ལག་ཏུ་འཁྱིལ་བའི་ཉི་མས་བཞུ་བར་མ་ནུས།།

ལམ་འགྲམ་བཞད་པའི་ཡིད་འོང་ལྷ་སའི་མེ་ཏོག །

མིག་གི་ཟེར་མས་ལན་གྲངས་དུ་མར་འཐུང་ཡང་།།

མགྲིན་པའི་སྐོམ་གདུང་སེལ་བ་ཐག་རིང་ཐག་ཉེ།།

བྲང་གཞུང་མཚོ་མོའི་ཚུལ་གྱིས་འཁྱིལ་བར་མ་ནུས།།

རྟ་ཁྱུའི་རྔོག་ཆུང་གཡོ་བའི་མེ་ལོང་ནང་གི།

ཉིད་ཀྱི་ལན་བུས་སྤྲུལ་པའི་བརྩེ་བའི་མེ་ཏོག །

ང་ཡི་ཁ་རླངས་འཇམ་པོས་བསྒུལ་བར་མ་ནུས།།

ཁོག་པའི་ཉིན་སྲིབ་ཟེར་ཡ་འཁྱག་སོབ་གང་རེད།།

སེམས་ཀྱི་རི་མོ་འབུར་བའི་ཟླ་བའི་ཞལ་རས།།

ཞི་བདེའི་རྒྱ་མཚོའི་མཁའ་ནས་གཅེས་དགོད་གནང་དུས།།

གསེར་ཉར་སྤྲུལ་ཏེ་འོ་ཆུང་གྲངས་མེད་བྱིན་ཡོད།།


རྩོམ་ཡིག་སྔོན་མ།
གཡག་རྒྱབ་ཀྱི་ལོ་ཟླ།
རྩོམ་ཡིག་རྗེས་མ།
རྨི་ལམ་ནང་གི་ཨ་ཡིག་ནག་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1