༄༅། །མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་འགན་སྲུང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


          མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་སྒོས་འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ལ་སྟབས་བདེ་ཞིང་ཕན་ནུས་ལྡན་པའི་ཁྲིམས་ལུགས་རོགས་སྐྱོར་བྱས་ཏེ། ཁྲིམས་ལུགས་རོགས་སྐྱོར་གྱི་ཁེབས་རྒྱ་རིམ་གྱིས་ཇེ་མཐོ་དང་། ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས། འགན་སྲུང་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར། ཉིས་སྟོང་གསུམ་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཁྲིམས་ལུགས་རོགས་སྐྱོར་སྲོལ་ཡིག»འགྲེམ་སྤེལ་ལག་བསྟར་བྱས་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་ཀྱིས་ཁྲིམས་རྩོད་པ་དང་གཞུང་དཔང་པ། གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུ་བྱ་བ་སྒྲུབ་མཁན། དེ་མིན་སྤྱི་ཚོགས་རྩ་འཛུགས་མི་སྣ་དང་ཁྲིམས་ལུགས་རོགས་སྐྱོར་གྱི་དང་བླངས་པ་བཅས་རྩ་འཛུགས་བྱས་ཏེ། ཧུར་ཐག་གིས་ཞིང་བ་ཞོར་ལས་པ་དང་དབང་བོ་སྐྱོན་ཅན། བུད་མེད་དང་བྱིས་པ་སོགས་འཚོ་བར་དཀའ་ཁག་ཆེ་བའི་མི་ཚོགས་ལ་ཁྲིམས་ལུགས་ཀྱི་རོགས་སྐྱོར་བྱས་ནས། ཕན་ནུས་ལྡན་པའི་ངང་འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས། སྒྲུབ་བཞིན་པའི་ཁྲིམས་ལུགས་རོགས་སྐྱོར་གྱོད་དོན་ཆ་སྙོམས་ཀྱིས་ལོ་རེར་བརྒྱ་ཆའི་བརྒྱད་ཀྱི་འགྱུར་ཚད་ཀྱིས་རིམ་འཕར་བྱས་ཏེ། མི་ཐེངས་གྱོད་དོན་སྒྲུབ་པའི་བསྡུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲས་སུ་ཡོད།

           རང་ཞིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྲིམས་ལུགས་རོགས་སྐྱོར་ས་ཁུལ་རེ་རེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་འཆར་འགོད་ནང་འཇུག་པ་དང་། ཏང་དང་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ནང་རྐྱེན་ནང་འཇུག་པ། ཁྲིམས་ལུགས་རོགས་སྐྱོར་གྱི་གྲོན་དངུལ་དེ་རིམ་པ་མཉམ་པའི་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་གཏན་འཁེལ་གསལ་བོ་བྱས། “འཇུག་པ་གསུམ”དངོས་འབེབས་བྱས་པ་དེས། མཚོ་སྔོན་གྱི་ཁྲིམས་ལུགས་རོགས་སྐྱོར་བྱ་བ་དང་དཔལ་འབྱོར་སྤྱི་ཚོགས་གཉིས་མཐུན་སྦྱོར་འཕེལ་རྒྱས་སུ་འགྲོ་བར་འགན་ལེན་བྱས། ལོ་བཅུའི་ནང་ཞིང་ཆེན་སྲིད་གཞུང་གིས་སྔ་ཕྱི་ཐེངས་གཉིས་ལ་དག་སྒྲིག་བྱས་ཏེ་ཁྲིམས་ལུགས་རོགས་སྐྱོར་ཀྱི་གྲོན་དངུལ་འགན་སྲུང་ཚད་གཞི་མཐོ་རུ་བཏང་བ་དང་། ཉིས་སྟོང་གསུམ་ལོར་ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་དངོས་སུ་བཏོན་ཏེ། ཁྲིམས་ལུགས་རོགས་སྐྱོར་ཆེད་གཉེར་རྣམ་གྲངས་ཀྱི་གྲོན་དངུལ་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་སྒོར་ཟུར་གསུམ་སྐར་ལྔའི་ལྟར་དུ་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ནང་བཞག ཉིས་སྟོང་བདུན་ལོར་ཡང་བསྐྱར་ཁྲིམས་ལུགས་རོགས་སྐྱོར་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་བཏང་ནས། ཁྲིམས་ལུགས་རོགས་སྐྱོར་གྲོན་དངུལ་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་སྒོར་ཟུར་བརྒྱད་ནོར་སྲིད་སྔོན་རྩིས་ནང་བཞག ཉིས་སྟོང་བཅུ་གཉིས་ལོའི་ལོ་མཇུག་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་རོགས་སྐྱོར་ཆེད་གཉེར་རྣམ་གྲངས་ཀྱི་གྲོན་དངུལ་ས་ཡ་དགུ་དང་འབུམ་གཅིག་ལ་བུད་པ་དང་། ཉིས་སྟོང་གསུམ་ལོའི་ལྡབ་སོ་དྲུག་རེད། རང་ཞིང་གི་ཁྲིམས་ལུགས་རོགས་སྐྱོར་ཆེད་གཉེར་རྣམ་གྲངས་གྲོན་དངུལ་མི་རེའི་ཆ་སྙོམས་ཀྱིས་སྒོར་གཅིག་ཟུར་དྲུག་ལ་བུད་པ་དང་། རྒྱལ་ཡོངས་མི་རེའི་ཆ་སྙོམས་ཁྲིམས་ལུགས་རོགས་སྐྱོར་གྲོན་དངུལ་གྱི་བསྡུར་ཚད་ཅུང་མཐོ་བའི་ཞིང་ཆེན་གཅིག་པུར་གྱུར།

           འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ལ་དུས་ཐོག་ཏུ་ཕན་ནུས་ལྡན་པའི་ཁྲིམས་ལུགས་རོགས་སྐྱོར་ཞིག་འཐོབ་ཆེད་དུ། མཚོ་སྔོན་ཞིང་ཆེན་གྱིས་སོ་སོར་ཉིས་སྟོང་བདུན་དང་ཉིས་སྟོང་བཅུ་གཅིག་ལོར་དཔལ་འབྱོར་དཀའ་ཁག་ཆེ་བར་ཁྲིམས་ལུགས་རོགས་སྐྱོར་གྱིས་རེ་ཞུ་བྱེད་པའི་ཚད་གཞི་ལ་དག་སྒྲིག་བྱས་ཏེ། ཆེས་དམའ་བའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་བཞིན་པའི་མཁར་གྲོང་སྡོད་དམངས་དང་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་དག་སྒྲིག་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཟླ་རེའི་ཡོང་འབབ་སྒོར་སུམ་བརྒྱ་དྲུག་ཅུ་ལས་དམའ་བ། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཟླ་རེའི་ཡོང་འབབ་སྒོར་སྟོང་གཉིས་སུམ་བརྒྱ་ལས་དམའ་བ་དང་། སྔར་ལས་ཚད་ཇེ་དམའ་རུ་བཏང་བའི་དུས་མཚུངས་སུ་། ཞིང་བ་ཞོར་ལས་པ་དང་། ལས་གནས་ཤོར་བའི་མི་སྣ། བདག་སྐྱོང་བྱེད་མི་མེད་པའི་རྒན་པ་སོགས་དམིགས་བསལ་མང་ཚོགས་རོགས་སྐྱོར་གྱི་ཁྱབ་ཁོངས་ནང་བཞག་པ་རེད། ཉིས་སྟོང་བཅུ་ལོར། ས་བསྡུ་བཤིག་སྤོ་དང་། ངལ་རྩོལ་པའི་རྩོད་གཞི། ཟས་རིགས་སྨན་རྫས་བདེ་འཇགས། སློབ་གསོ་སྨན་བཅོས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྲིམས་ལུགས་རོགས་སྐྱོར་གྱི་ཁ་གསབ་ཁྱབ་ཁོངས་ནང་བཞག ཉིས་སྟོང་བཅུ་གཉིས་ལོར། གཞིས་སྲུང་བྱིས་པ། བདག་སྐྱོང་བྱེད་མི་མེད་པའི་ལོ་ལོན། དྭ་ཕྲུག་སོགས་ཁྲིམས་ལུགས་རོགས་སྐྱོར་བྱེད་ཡུལ་ནང་བཞགཉིས་སྟོང་བཅུ་གསུམ་ལོར། ཧུར་ཐག་གིས་གསར་དུ་བཅོས་སྒྲིག་བྱས་པའི«ཉེས་དོན་གཏུགས་བཤེར་བཅའ་ཁྲིམས»ལས། ཉེས་དོན་ཁྲིམས་ལུགས་རོགས་སྐྱོར་སྤྱོད་བདེ་བའི་དུས་རིམ་དེ་ཡར་སྔོན་གྱི་དུས་བཀག་སྔོན་གྱི་འདྲི་གཅོད་དུས་རིམ་ནས་མྱུལ་ཞིབ་དང་རྟོག་ཞིབ་གཏུགས་བཤེར་དུས་རིམ་དང་། ཁྲིམས་ལུགས་རོགས་སྐྱོར་གྱི་རོགས་སྐྱོར་ཐོབ་པའི་ཚད་སྔར་ལས་ཇེ་མཐོར་སོང་།

           ཚད་ལྡན་རིམ་ཅན་གྱི་བྱ་བའི་ནང་རྐྱེན་འཛུགས་སྐྲུན་བྱ་ཆེད། སྔ་གཞུག་ཏུ«མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་རོགས་སྐྱོར་ལས་དོན་སྒྲུབ་པའི་སྒྲིག་སྲོལ» «མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཁྲིམས་ལུགས་རོགས་སྐྱོར་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཚད་གཞིའི་མཛུབ་སྟོན་བསམ་འཆར»སོགས་སྲིད་ཇུས་ལམ་ལུགས་སུམ་ཅུ་ལྷག་གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། ཁྲིམས་ལུགས་རོགས་སྐྱོར་གྱི་དང་ལེན་བྱེད་པ་དང་ཞིབ་བཤེར་ཆོག་མཆན། མངག་གཏོང་། སྒྲུབ་འགན་ཁས་ལེན་སོགས་རིམ་པ་རེ་རེའི་བྱ་བའི་གོ་རིམ་དང་བྱ་བའི་ལམ་ལུགས་ཞབས་ཞུ་ཚད་གཞི་འཐུས་ཚང་དུ་བཏང་། སྤྱི་བདེ་དང་ཞིབ་དཔྱོད་ཁྲིམས་འཛིན་ལས་ཁུངས་མཉམ་འབྲེལ་གྱིས་ཚད་ལྡན་ཅན་གྱི་ཡིག་ཆ་གཏན་འབེབས་བྱས་ཏེ། དམངས་དོན་གཏུགས་བཤེར་ཁྲིམས་ལུགས་རོགས་སྐྱོར་སྒྲིག་གཞི་དང་ཁྲིམས་འཛིན་རོགས་སྐྱོར་གཉིས་འབྲེལ་མཐུད་ནང་རྐྱེན་འཛུགས་སྐྲུན་བྱས་པ་དང་། ཉེས་དོན་གཏུགས་བཤེར་ཁྲིམས་ལུགས་རོགས་སྐྱོར་ཁྲོད་སྤྱི་དཔྱོད་ཁྲིམས་གསུམ་ལས་ཁུངས་ཀྱི་ནང་རྐྱེན་འབྲེལ་མཐུད་དང་གཞོགས་འདེགས་ནང་རྐྱེན་ཆགས་པ་རེད། ཤུགས་ཆེན་པོས་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་རིགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་དང་། རྫོང་རིམ་པ་ཡན་གྱི་ཁྲིམས་ལུགས་རོགས་སྐྱོར་སྒྲིག་གཞིའི་སྣེ་ལེན་ཚོམས་ཆེན་ཞེ་གཉིས་བཙུགས་པ་དང་། རིགས་སོ་སོའི་དམངས་ལ་སྟབས་བདེ་བསྐྲུན་པའི་བྱེད་ཐབས་ཁྱབ་སྤེལ་གཏན་འབེབས་བྱས་ཏེ། ཁྲིམས་ལུགས་རོགས་སྐྱོར་སྒྲིག་གཞི་ཡི་སྒོ་བྱང་གཅིག་གྱུར་བྱེད་པ། དབང་བོ་སྐྱོན་ཅན་ལ་བར་གཅོད་མེད་པའི་བརྒྱུད་ལམ་དང་ཞིང་བ་ཞོར་ལས་པའི་ཁྲིམས་ལུགས་རོགས་སྐྱོར་གྱི་གེགས་མེད་ལམ་ཡངས་གསར་འཛུགས་བྱེད་པ། སྣེ་ལེན་ཚོམས་ཆེན་དེ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་ཁྲིམས་ལུགས་རོགས་སྐྱོར་སྒྲིག་གཞི་ཡིས་མང་ཚོགས་དང་འབྲེལ་བ་དང་། མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་སྟེགས་བུ་ཆེན་པོ་ཞིག་ཏུ་གྱུར་ཡོད།

           རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལུགས་རོགས་སྐྱོར་སྒྲིག་གཞི་དང་དཔུང་སྡེ་འཛུགས་སྐྲུན་ཁྲིམས་ལྟར་སྐུལ་འདེད་བཏང་། ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་ཁྲིམས་ལུགས་རོགས་སྐྱོར་སྒྲིག་གཞི་ང་བདུན་དང་། ཁྲིམས་ལུགས་རོགས་སྐྱོར་བྱ་བའི་ས་ཚིགས་བརྒྱད་བརྒྱ་ཉི་ཤུ། དེའི་ཁྲོད་བཟོ་བ་དང་། བུད་མེད། ན་ཆུང་བྱིས་པ། དབང་བོ་སྐྱོན་ཅན། ལོ་ན་བགྲེས་པའི་ཨུ་ཡོན་དང་། རུ་ཁག་སོགས་ཚོགས་པ་རྩ་འཛུགས་དང་ཞང་གི་ཁྲིམས་འཛིན་ལ་ཁྲིམས་ལུགས་རོགས་སྐྱོར་བྱ་བའི་ས་ཚིགས་བདུན་བརྒྱ་བཅུ་བདུན་བཙུགས། བཙོན་ཁང་དང་ལྟ་སྲུང་ཁང་དུ་ཁྲིམས་ལུགས་རོགས་སྐྱོར་བྱ་བའི་ས་ཚིགས་ཉེར་གཉིས་བཙུགས་པ་དང་། སྡེ་བ་དང་སྲང་ལམ་དུ་ཁྲིམས་ལུགས་རོགས་སྐྱོར་འབྲེལ་གཏུགས་བྱེད་ས་དྲུག་བཅུ་རེ་གཅིག་བཙུགས་ཡོད། དེ་དང་མཉམ་དུ། སྡེ་བ་དང་ཧྲེ་ནས་ཁྲིམས་ལུགས་རོགས་སྐྱོར་འབྲེལ་གཏུགས་མི་སྣའི་ལམ་ལུགས་བཙུགས། མིག་སྔར་ཞིང་ཆེན་ཡོངས་སུ་གཞུང་དུ་གཏིང་ལ་ཐུག་པ་དང་། འཕྲེད་དུ་མཐའ་ལ་ཐུག་པ། ཞིང་ཆེན་ཡོངས་སུ་ཁྱབ་པའི་ཁྲིམས་ལུགས་རོགས་སྐྱོར་བྱ་བའི་སྒྲིག་གཞི་དང་ཞབས་ཞུ་དྲ་རྒྱའི་མ་ལག་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་རོགས་སྐྱོར་དཔུང་སྡེ་དེ་ཉིས་སྟོང་གསུམ་ལོའི་མི་སུམ་ཅུ་འཕར་སྣོན་བྱུང་སྟེ་ད་ལྟ་མི་བརྒྱད་བརྒྱ་སུམ་ཅུ་ལ་བུད་པ་དང་། ཁྲིམས་ལུགས་རོགས་སྐྱོར་བྱ་བ་བསྒྲུབ་མཁན་གཙོ་བོ་དང་། ཁྲིམས་དཔོན། གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུ་སྒྲུབ་པའི་ལས་བྱེད་པ། བདེན་དཔང་མཁན། ཚོགས་པའི་ཁྲིམས་ལུགས་རོགས་སྐྱོར་བྱ་བ་སྒྲུབ་མཁན། དང་བླངས་པ་ཁྱབ་རྒྱ་ཆེ་བའི་ངང་ཁྲིམས་ལུགས་རོགས་སྐྱོར་རུ་ཁག་ནང་ཞུགས་པའི་རྣམ་པ་ཞིག་ཆགས་ཡོད།

          རྒྱུས་ལོན་པ་ལྟར་ན། རང་ཞིང་གི་རྒྱ་ཆེ་བའི་ཁྲིམས་ལུགས་རོགས་སྐྱོར་བྱ་བ་སྒྲུབ་མཁན་དག་ལས་གནས་བརྟན་སྲུང་ལ་བློ་དཀར་བ་དང་། སྒེར་སེམས་མེད་པར་ཡོད་ཚད་ཕུལ་བ། ནུས་ཤུགས་ཡོད་རྒུ་བཏོན་ཏེ་འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ལ་ཞབས་འདེགས་ཞུས་ནས། ཕྱོགས་སོ་སོའི་གདེང་འཇོག་བཟང་བོ་ཐོབ། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ལ་བསྟུད་མར་སྐབས་གསུམ་ལ་ཁྲིམས་འཛིན་པུའུ་ཡིས“ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་རོགས་སྐྱོར་སྔོན་ཐོན་ཚོགས་པར”བདམས་པ་དང་། གཞི་རིམ་གྱི་ཁྲིམས་ལུགས་རོགས་སྐྱོར་སྒྲིག་གཞི་བཅུ་དང་མི་ཉི་ཤུ་ལ་སྔ་རྗེས་སུ་ཁྲིམས་འཛིན་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་རོགས་སྐྱོར་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྣའི་མཚན་སྙན་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1