དུས་རབས་གསར་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་བསམ་གཞིགས།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


གཅིག གཞི་རིམ་ཏང་རྩ་འཛུགས་ཀྱི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་ཟབ་མོ་བྱེད་དགོས།

བསྒྱུར་བཅོས་གོང་འཕེལ་གཏོང་བའི་དུས་བབ་གསར་པའི་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱིས་གཙོ་ཁྲིད་བྱས་པའི་ངོ་བོ་མི་འདྲ་བའི་འདུ་ཤེས་འཛིན་སྟངས་སྣ་ཚོགས་མཉམ་དུ་གནས་ཡོད་དེ། ཕྱོགས་གཅིག་ནས་མི་རྣམས་ཀྱི་འགྲན་རྩོད་ཀྱི་འདུ་ཤེས་དང་། དཔལ་འབྱོར་གྱི་འདུ་ཤེས། དམངས་གཙོ་ཁྲིམས་ལུགས་ཀྱི་འདུ་ཤེས། གསར་གཏོད་ཀྱི་སྙིང་སྟོབས་བཅས་མངོན་གསལ་དོད་དུ་ཕྱིན་ནས། གཞི་རིམ་གྱི་དཔལ་འབྱོར་བྱེད་སྒོ་ཁག་ལ་སྐུལ་འདེད་ལེགས་པོ་ཐེབས་ཡོད་ཅིང་། གང་ལ་དེ་འཚམ་གྱི་རང་བཞིན་དང་། གསར་གཏོད་རང་བཞིན་གྱིས་གོང་འཕེལ་ཡོང་བར་སྐུལ་འདེད་བྱུང་ཡོད། ཕྱོགས་གཞན་ཞིག་ནས་མི་རྣམས་ཀྱི་བསམ་བློའི་རང་ཚུགས་དང་འགྱུར་མང་རང་བཞིན། ཁྱད་པར་རང་བཞིན་དང་འདོད་རྔམ་རང་བཞིན་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ཚོང་རའི་དཔལ་འབྱོར་གྱི་ཁེ་ཕན་རང་བཞིན་གྱི་ཤུགས་རྐྱེན་ངན་པས་མི་རྣམས་ཀྱི་བསམ་བློ་དང་མི་དང་མིའི་བར་གྱི་འབྲེལ་བ་ཇེ་ངན་དུ་སོང་བའི་འདུ་ཤེས་དང་ལྟ་བ་གང་སར་མཆེད་དེ། ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྣང་ཆུང་གིས་མཐུན་སྒྲིལ་འཆམ་མཐུན་དང་ཧུར་བརྩོན་ཡར་ཐོན་བཅས་ཀྱི་ལས་ཀའི་ཁོར་ཡུག་ལས་ལྡོག་ནས། འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། དེར་བརྟེན་ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་རྩ་འཛུགས་གཟུགས་ཁམས་ཀྱི་ཕྲ་ཕུང་ཞིག་ཡིན་ལ། དེ་ཉིད་ལ་བདེ་ཐང་དང་སྐྱེས་སྟོབས་ཀྱི་གསོན་ཤུགས་ལྡན་ཚེ། ཏང་གི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བ་མ་ཟད་གཟི་བརྗིད་ཀྱི་དཔལ་འབར་ཐུབ་རྒྱུ་ཡིན་པས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་། གཞི་རིམ་གོང་སྤེལ་ལ་སྐུལ་འདེད་བཅས་ཐུབ་རྒྱུར་ནུས་པ་གལ་ཆེན་ཐོན་པ་བྱེད་དགོས།

གཉིས། ཀྲི་པུའི་འགོ་ཁྲིད་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

༡--ཕྱོགས་མང་པོའི་ཐད་ནས་ཀྲི་པུའི་འགོ་ཁྲིད་ཚན་པའི་ཁོངས་མི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། ཕྱོགས་མང་པོའི་ཐད་ནས་ཀྲི་པུའུ་ཚན་པའི་ཁོངས་མི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བར། ཐོག་མར་རྩ་འཛུགས་ཀྱིས་ཏང་དོན་སྒྲུབ་མཁན་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ནས། ཀྲི་པུའུ་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བསམ་བློ་ཀུན་སྤྱོད་ཀྱི་ལེགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་ལ། ད་དུང་ཏང་གི་ལས་དོན་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བར་མཐོང་ཆེན་བྱས་ནས། བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་བས་ལྷག་པ་འཕེལ་རྒྱུར་སྐུལ་འདེད་གཏོང་དགོས།

༢--ཀྲི་པུའུ་འགོ་ཁྲིད་ཚན་པའི་ནང་ཁུལ་དུ་འཆམ་མཐུན་ཡར་ཐོན་བརྩོན་ལེན་བྱེད་པའི་ལས་ཀའི་རྣམ་པ་ཆགས་པ་བྱེད་དགོས། ཏང་ཀྲི་པུའུ་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དབར་ཕན་ཚུན་མཐུན་སྒྲིལ་རོགས་རམ་དང་། མཐུན་སྒྲིལ་ནི་འཐབ་ནུས་ཡིན་པས་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་བཟོད་སྲན། ཕན་ཚུན་སྐྱོན་བརྗོད། རང་སྐྱོན་རང་བརྗོད་བཅས་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། སྤྱི་ཡོངས་ཀྱི་ནུས་ཤུགས་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཆགས་པ་བྱས་ནས། དཔུང་ཁག་ཡོངས་ཀྱི་ལག་བསྟར་བྱེད་ནུས་སོགས་གོང་མཐོར་གཏོང་དགོས།

༣--ཏང་ཀྲི་པུའུ་འགོ་ཁྲིད་ཚན་པའི་ཁོངས་མིས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས། ཏང་ཀྲི་པུའུ་འགོ་ཁྲིད་ཚན་པའི་ཁོངས་མིས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས། འཆམ་མཐུན་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་དང་། ཏང་ལ་བརྟེན་པ། ཏང་གི་རྗེས་སུ་འབྲངས་ཐུབ་པ་བཅས་བྱེད་དགོས་ན། ཚན་པའི་ཁོངས་མི་ཚོས་ངེས་པར་དུ་མང་ཚོགས་ཀྱི་ཉེ་འགྲམ་དུ་བཅར་ནས། མང་ཚོགས་ལ་ལས་དོན་ཆུང་ངུ་དག་བསྒྲུབ་རྒྱུ་ནས་འགོ་བཙུགས་ཏེ། མང་ཚོགས་ལ་སྙིང་ཉེ་བའི་ཚན་པའི་ཁོངས་མི་ཞིག་ཆགས་པ་བྱས་ནས་ཏང་སེམས་དང་དམངས་སེམས་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།

གསུམ། ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་དམ་འཛིན་བྱས་ནས་ཏང་ཡོན་ཡོངས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་གོང་མཐོར་གཏོང་དགོས།

༡--སློབ་སྦྱོང་གི་ནང་དོན་ཐད་ལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ནང་བྱུང་བའི་གནས་ཚུལ་གསར་པ་སྤྱད་དེ་ཏང་ཡོན་གྱི་སློབ་གསོའི་ལས་དོན་སྤེལ་དགོས། ཏང་ཡོན་གྱི་སློབ་སྦྱོང་དང་སློབ་གསོའི་ནང་དོན་བཀོད་སྒྲིག་བྱེད་སྐབས་ཏང་ཡོན་གྱི་སློབ་གསོ་དོ་དམ་གྱི་དམིགས་ཚད་ལ་གཞིགས་ཏེ། ལས་འགན་གསལ་རྟོགས་དང་། བཀོད་པ་ལུགས་མཐུན། སྣ་མང་རང་བཞིན་བཅས་མངོན་འགྱུར་ཡོང་བ་བྱས་ནས། ཏང་ཡོན་རིགས་མི་འདྲ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། ཆབ་སྲིད་གཞུང་ལུགས་ཀྱི་སློབ་གསོ་དང་ལས་ཀའི་ནུས་རྩལ་གྱི་སློབ་གསོ་གཉིས་ཟུང་འབྲེལ་བྱས་ཏེ། རྩ་བའི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས།--རྨང་གཞིའི་ཤེས་བྱ་བཅས་ཀྱི་སློབ་གསོ་གཙོ་གནད་དུ་འཛིན་པ་དང་སྦྲགས། ཁྲོམ་རའི་དཔལ་འབྱོར་གྱི་ཤེས་བྱ་དང་། དེང་རབས་ཚན་རིག་དང་རིག་གནས་ཤེས་བྱ། ལས་ཀའི་ཤེས་བྱ་བཅས་ཀྱི་སློབ་གསོར་མཐོང་ཆེན་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཤིང་། དུས་བབ་གསར་པར་དམིགས་ནས་ལས་འགན་གསར་པའི་བླང་བྱ་དང་། སློབ་གསོའི་ནང་དོན་དང་གཙོ་གནད་གཏན་འཁེལ་བྱས་ཐོག དགོས་མཁོ་ལྟར་དཔེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བགྱིས་ཏེ། དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས།

༢--ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཁྲོད་ཚན་རིག་དང་མཐུན་ཞིང་སྣ་མང་གི་སློབ་གསོའི་བྱ་ཐབས་དང་བྱེད་སྟངས་གང་ལེགས་སྤྱད་དེ་ཏང་ཡོན་གྱི་འགན་འཁྲི་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཏང་ཡོན་གྱི་སློབ་གསོའི་བྱེད་སྒོ་ནུས་ལྡན་ངང་སྤེལ་ཆེད། ཀྲི་པུའུ་ཡིས་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་གི་བྱེད་སྒོ་རྒྱུན་འཁྱོངས་སྤེལ་བའི་རྨང་གཞིའི་ཐོག་ཏང་ཡོན་གྱི་འགན་འཁྲིའི་རིག་གནས་ཤུགས་ཆེན་སྤེལ་ནས་ལག་ལེན་བྱེད་དགོས་པ་མ་ཟད་། ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་ལང་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་ལམ་བུ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་འགུལ་ངང་བརྩི་སྲུང་ཞུས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་དང་རང་འགུལ་ངང་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

བཞི། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་ཏང་སྐྱོང་ལས་ཀའི་འགན་སྲུང་ལམ་ལུགས་བརྟན་པོའི་ངང་སྤེལ་བ།

༡--ཏང་གཤིས་ཆེ་རུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས་ཏང་ཡོན་གྱི་རྒྱུན་གཏན་དོ་དམ་ལམ་ལུགས་འཛུགས་པའམ་འཐུས་ཚང་དུ་གཏོང་བ་དང་། ཀྲི་པུའུ་ཡི་ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་ལས་ཀའི་ལམ་ལུགས་ཁག་འཐུས་ཚང་བཟོ་དགོས། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། ཏང་ཡོན་དམིགས་ཚད་དོ་དམ་དང་། ཏང་ཡོན་གྱི་དམངས་གཙོའི་དཔྱད་མོལ་དང་ཏང་ཡོན་དང་སྙིང་གཏམ་ཤོད་རེས་སོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག དུས་བཀག་ལྟར་ཏང་གི་སློབ་ཚན་འཁྲིད་པ་དང་། ཏང་གི་རྩ་འཛུགས་འཚོ་བ། ཏང་ཡོན་གྱི་བྱེད་སྒོའི་ཉིན་མོ། ཏང་ཡོན་རྗེས་སྙེགས་བཅར་འདྲི་སོགས་ཀྱི་ལམ་ལུགས་འཐུས་ཚང་དང་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་རྒྱག་དགོས།

༢--ཏང་ཀྲི་པུའི་དམིགས་ཚད་དོ་དམ་དང་ཚད་འབེབས་དཔྱད་ཞིབ་མུ་མཐུད་གཏིང་ཟབ་སྤེལ་ནས། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་དགོས། ཏང་འཛུགས་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་གི་ཚད་གཞི་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་དམིགས་ཚད་དཔྱད་ཞིབ་མ་ལག་ནང་བཞག་ནས། ཏང་འཛུགས་སྐྱོང་ལས་དོན་དང་ཐོན་སྐྱེད་གཉེར་སྐྱོང་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཞི་གཅིག་ཏུ་འགྱུར་ཐུབ་པ་བྱེད་དགོས། ཐོན་སྐྱེད་གཉེར་སྐྱོང་ལས་འགན་བཀོད་སྒྲིག་བྱེད་པ་དང་དུས་མཚུངས་བསམ་བློ་ཆབ་སྲིད་ཀྱི་ལས་ཀ་བཀོད་སྒྲིག་བྱེད་དགོས། ཐོན་སྐྱེད་གཉེར་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པ་དང་དུས་མཚུངས་སུ་བསམ་བློ་ཆབ་སྲིད་ཀྱི་ལས་ཀ་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་དགོས་ལ། བསམ་བློ་དམ་འཛིན་བྱེད་རྒྱུ་དེ་ཐོན་སྐྱེད་ནས་འགོ་བརྩམས་པ་དང་། ཐོན་སྐྱེད་དམ་འཛིན་བྱེད་རྒྱུ་བསམ་བློ་ནས་འགོ་བརྩམས་པའི་དངོས་གནས་དྲང་གནས་ཀྱི་ལས་ཀའི་ནང་དོན་དེར་ཤུགས་སྣོན་རྒྱག་དགོས།

༣ ཀྲི་པུའུ་འགོ་ཁྲིད་ཚན་པའི་ཁོངས་མིའི་དཔྱད་ཞིབ་བརྩོན་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཀྲི་པུའུ་ཧྲུའུ་ཅི་དང་ཀྲི་པུའུ་འགོ་ཁྲིད་ཚན་ཁག་ཁོངས་མིའི་ལས་ཀའི་དམིགས་ཚད་ལེགས་སྒྲུབ་བྱས་པའི་གནས་ཚུལ་ལ་དཔྱད་ཞིབ་དང་། རྩ་འཛུགས་དང་མང་ཚོགས་ཀྱི་ལྟ་སྐུལ་མཐོང་སར་བཞག་ནས་བྱ་དགའ་ཆད་གཅོད་ཟུང་འབྲེལ་མངོན་འགྱུར་བྱེད་པ་མཐའ་འཁྱོངས་བྱེད་དགོས། དེ་ལྟར་བྱས་ན་གནོན་ཤུགས་ཡོད་ལ་འགུལ་ཤུགས་ཡང་ཡོད་པས་རང་ཉིད་ཀྱི་ལས་གནས་གསལ་པོར་རྟོགས་པ་མ་ཟད། དཔྱད་ཞིབ་བརྩོན་སྐུལ་ལམ་སྲོལ་གྱིས་ཀྲི་པུའུ་ཚན་པའི་ཁོངས་མིའི་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབ་ཐུབ་པ་དང་། ཀྲི་པུའུ་བླང་བྱ་ལས་བཟོ་པ་མང་ཚོགས་ཀྱིས་ཀྲི་པུའུ་ཚན་ཁག་གི་ཁོངས་མིའི་ལས་དོན་དང་། ཞབས་ཞུའི་བྱས་ཚུལ་ལ་ལྟ་སྐུལ་དང་དཔྱད་ཞིབ་བྱས་ནས། ཀྲི་པུའུ་ཡིས་ཟླ་རེའི་ཚད་འབེབས་དཔྱད་ཞིབ་རེའུ་མིག་ཁྲོད་སྐར་མ་རྒྱག་རྒྱུ་དང་། དཔྱད་ཞིབ་སྐར་འབྲས་དེ་ཐད་ཀར་གླ་ཕོགས་དང་སྦྲེལ་དགོས། བྱ་ཐབས་ཁག་ལག་བསྟར་བརྒྱུད་ནས་ཀྲི་པུའུ་ཁོངས་མིའི་ལས་ཀའི་བརྩོན་སེམས་སྐུལ་སློང་དང་། གསར་གཏོད་གསར་སྐྲུན་འདུ་ཤེས་སྔར་བས་མཐོར་འདེགས་བྱེད་ཐུབ་པ་མ་ཟད། ལས་དོན་ཁག་ལ་སྔར་བའི་གོང་འཕེལ་ཡོང་བ་མངོན་འགྱུར་བྱེད་ཐུབ།

གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་དེང་སྐབས་དང་མ་འོངས་པའི་ལས་ཀའི་ནང་གི་གཙོ་གནད་ལས་ཀ་ཞིག་ཡིན་པས་ང་ཚོས་དུས་བབ་འཕེལ་རྒྱས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་བཞིན་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེའི་ཕུགས་འདུན་སྒྲུབ་པ་བཅས་ཀྱི་བརྒྱུད་རིམ་ནང་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་པར་འབད་འཐབ་བྱས་ནས་འཆམ་མཐུན་སྤྱི་ཚོགས་དང་མང་ཚོགས་གོང་འཕེལ་གཏོང་བའི་དགོས་ངེས་ཀྱི་འགན་སྲུང་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1