རྒྱུན་སྤྱོད་རྒྱ་བོད་ཡིག་སྒྱུར་བྱེད་ཐབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


རྒྱུན་སྤྱོད་རྒྱ་བོད་ཡིག་སྒྱུར་བྱེད་ཐབས་ནི་ཐད་སྒྱུར་དང་། དོན་སྒྱུར། སྒྲ་སྒྱུར། འགྲེལ་སྒྱུར། སྣོར་སྒྱུར། བཅོས་སྒྱུར། སྣོན་སྒྱུར། འཕྲི་སྒྱུར་སོགས་ཡོད་ཅིང་། དེ་དག་སོ་སོའི་གོ་དོན་དང་སྤྱོད་སྟངས་མདོར་བསྡུས་ཤིག་བཤད་ན།

1--ཐད་སྒྱུར་ནི་མ་ཡིག་གི་སྒྲ་དོན་འབྲེལ་བའམ་གོ་རིམ་ཇི་བཞིན་བོད་ཡིག་གིས་ཐད་ཀར་མཚོན་པ་ཞིག་ཡིན། དེར་མིང་དང་ཚིག་གི་ཐད་བསྒྱུར་གཉིས་སུ་དབྱེ་སྟེ། 祖国མེས་རྒྱལ།福田妙果བསོད་ནམས་ཞིང་གི་ངོ་མཚར་འབྲས་བུ་ཞེས་པ་ལྟ་བུར་བསྒྱུར་བ།

2--དོན་སྒྱུར་ནི་མ་ཡིག་གི་བརྗོད་དོན་གང་རུང་བོད་ཡིག་གི་ལུགས་ལྟར་མཚོན་པ་ཞིག་ཡིན། དེ་ལ་མིང་དང་། ཚིག གཏམ་དཔེ། ཚིག་རྒྱན་སོགས་ཀྱི་དོན་རྣམས་བོད་ཀྱི་སྐད་ལུགས་བཞིན་འབྲི་བ་སྟེ། 飞机གནམ་གྲུ། 揭不开锅བཟའ་རྒྱུ་མེད་པ། 喧宾夺主སྐེ་རྒས་ལས་སྣེ་འཛར་རིང་། 英明状中华,浩气传千秋。悲痛化巨澜。རབ་མཛངས་མཚན་གྱིས་མེས་རྒྱལ་མངོན་པར་བརྗིད། རབ་རྒྱས་མཐུ་སྟོབས་ཡུན་ནས་ཡུན་དུ་བརྟན། རབ་མནར་གདུང་བ་མཐུ་དང་སྟོབས་སུ་སྒྱུར། རབ་འཚེའི་སྲིན་འབུ་ཤུལ་མེད་མཐའ་རུ་སྤྱུགས། ཞེས་བསྒྱུར་བ།

3--སྒྲ་སྒྱུར་ནི་མ་ཡིག་གི་སྒྲ་དེ་ཉིད་བོད་སྐད་ལས་མཚོན་པ་ཞིག་ཡིན། དེ་ལ་མ་ཡིག་གི་སྒྲ་ཡོངས་དང་། ཕྱེད་ཀ སྤྱི་དོན་བཏགས་པའི་སྒྲ། སྒྲ་དོན་གཉིས་ལྡན་སོགས་ཡོད་དེ། དེ་དག་སོ་སོར་毛泽东མོའོ་ཙེ་ཏུང་། 主席ཀྲུའུ་ཞི། 唐朝ཐང་རྒྱལ་རབས། 唐僧ཐང་སིན་བླ་མ། 菜刀ཚལ་གཏུབ་ཞེས་པ་ལྟ་བུར་བསྒྱུར་བ།

4--འགྲེལ་སྒྱུར་ནི་མ་ཡིག་གི་ཚིག་གང་རུང་ལ་འགྲེལ་བ་བརྒྱབ་ནས་མཚོན་པ་ཞིག་ཡིན། 克隆ཁེ་ལུང་སྟེ་ཕོ་མོའི་འཁྲིག་པ་ལ་མི་བརྟེན་པའི་སྐྱེ་འཕེལ་ལག་རྩལ་ཞིག་ཅེས་བསྒྱུར་ཆོག་ཀྱང་། སྒྱུར་ཐབས་དེ་ནི་འུ་ཐུག་གི་ཐབས་སྡུག་ཤོས་དེ་ཡིན་པས་ལན་རེ་མ་གཏོགས་སྤྱོད་མི་ཉན།

5--སྣོར་སྒྱུར་ནི་མ་ཡིག་གི་གོ་རིམ་སྔ་ཕྱི་དཀྲུག་ནས་མཚོན་པ་ཞིག་ཡིན། མིང་དང་ཚིག་གི་སྣོར་བའི་ཁྱད་པར་ཡོད་དེ།东西南北ཤར་ལྷོ་ནུབ་བྱང་། 春夏秋冬དབྱར་དགུན་སྟོན་དཔྱིད།手舞足蹈 རྐང་འཁྲབ་ལག་འཁྲབ།我们要学习人家的长处,即使我们的科技赶上了世界先进水平。ང་ཚོའི་ཚན་རྩལ་ཆུ་ཚད་འཛམ་གླིང་གི་སྔོན་ཐོན་གྲས་སུ་ཚུད་ནའང་གཞན་གྱི་ལེགས་ཆ་ལ་སློབ་སྦྱོང་བྱེད་དགོས། ཞེས་བསྒྱུར་ན་གོ་དོན་གསལ་ཞིང་བརྗོད་བདེ་བ་ཡོད།

6--བཅོས་སྒྱུར་ནི་མ་ཡིག་དང་ནང་དོན་ཁྱད་པར་ཆེ་བའི་ཐ་སྙད་ཅིག་ལ་བཅོས་ནས་མཚོན་པ་ཞིག་ཡིན། 中国梦ཀྲུང་གོའི་ཕུགས་འདུན། 梦རྨི་ལམ་ཞེས་བསྒྱུར་ན་བོད་རིགས་ཀྱིས་རྨི་ལམ་ནི་སྟོང་བསམ་ལ་གོ་ཡི་ཡོད་པས་མི་འགྲིགས།

7--སྣོན་སྒྱུར་ནི་མ་ཡིག་གི་ཚིག་སྟེང་དུ་ཚིག་གྲོགས་ལྟ་བུ་སྣོན་ནས་མཚོན་པ་ཞིག་ཡིན། དེར་བསྟན་དོན་ཇེ་གསལ་དང་། ཚིག་བར་གྱི་གོང་འོག་འབྲེལ་བ་ཁ་གསལ་གཏོང་བ་སྟེ། 在这种情况下,就是不要割断历史。གནས་ཚུལ་དེ་ལྟ་བུའི་འོག་ཏུ་ལོ་རྒྱུས་ཀྱི་རྒྱུན་གཅོད་མི་རུང་། 至于策略之所以错误,全在未曾把统治阶级政权暂时稳定的时期和破裂的时期这两个不同的时期分别清朝。འཐབ་ཇུས་ལ་ནོར་འཁྲུལ་བྱུང་བའི་རྒྱུ་མཚན་ནི་དབང་སྒྱུར་གྲལ་རིམ་གྱི་སྲིད་དབང་གནས་སྐབས་བརྟན་ཙམ་ཡོད་པའི་དུས་སྐབས་དང་འཐོར་ཞིག་གི་དུས་སྐབས་གཉིས་མི་འདྲ་བའི་དབྱེ་བ་གསལ་པོར་འབྱེད་མི་ཐུབ་པ་དེ་རང་གི་རྐྱེན་གྱིས་ཡིན།

8--འཕྲི་སྒྱུར་ནི་མ་ཡིག་ཇི་ལྟར་ཕབ་ན་ཚིག་ལྷག་ཧ་ཅང་མང་བས་དེ་རྣམས་མེད་པ་བཟོས་ནས་མཚོན་པ་ཞིག་ཡིན། དེར་ཚིག་ལྷག་མེད་པ་དང་ཟློས་སྐྱོན་སེལ་ཆེད་དུ་ཡིན་པ་སྟེ། 那里的人们没有柴烧,没有房子住。ས་དེའི་མི་རྣམས་ལ་བུད་ཤིང་དང་སྡོད་ཁང་མེད། 老中青三代人都要互相尊重、互相学习、互相帮助。རྒན་དར་གཞོན་གསུམ་གྱིས་ཕན་ཚུན་ལ་བརྩི་བཀུར་དང་། སློབ་སྦྱོང་། རོགས་རམ་བཅས་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1