དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        རྩོམ་སྒྲིག་པའི་སྦྲག་མཆན། ཟླ་9ཚེས་5ཉིན་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། འདིར་ཁོང་གི་གསུང་བཤད་གནད་བསྡུས་ཤིག་བཀོད་པ་གཤམ་གསལ།

        ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་གཙོ་གནད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་དང་ཡིན་མིན་ཆེན་པོ་དབྱེ་འབྱེད་བྱེད་པའི་ལངས་ཕྱོགས་ཀྱི་མདུན་དུ་རིག་པ་ཧ་ཅང་དྭངས་གསལ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ལྷག་པར་བློ་རྩ་བརྟན་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ལྷག་བསམ་ཟོལ་མེད་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་རྒྱལ་གཅེས་ལེགས་སྐྱེས་འབུལ་བ་དང་མཐའ་མཚམས་ལ་གཞི་ཚུགས་པའི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་གཅིག་སྡུད་ཧུར་ཐག་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

ཟླ་9ཚེས་5ཉིན་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བའི་གནས་ཚུལ་ཡིན་པ།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡུན་རིང་སྲིད་སྐྱོང་གི་ཆ་རྐྱེན་འོག་ཏང་ཇི་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་ཏང་འཛུགས་སྐྱོང་ཇི་ལྟར་བྱེད་དགོས་པའི”ཏང་འཛུགས་སྐྱོང་གི་རྩ་བའི་རང་བཞིན་གྱི་གནད་དོན་ལ་དམིགས་ནས་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་གྱི་སྒོ་ནས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་གནང་བ་བཅས་ལས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་རྩ་བའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ནས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ཆགས་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་པས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། འདི་ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་ཐོབ་པའི་ལག་ལེན་གྱི་གྲུབ་འབྲས་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་སྙིང་དོན་དང་ལག་ལེན་གྱི་བླང་བྱར་རྒྱས་བཤད་གཏིང་ཟབ་གནང་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་ཁ་ཕྱོགས་དམིགས་ཚད་དང་ལས་འགན་གལ་ཆེན་གསལ་སྟོན་གཏིང་ཟབ་གནང་བ་བཅས་ཡིན་པས་དེ་ནི་དུས་རབས་གསར་པར་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”རང་རྟོགས་ངང་བྱེད་ཐུབ་པ་དང་། ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་ཀར་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་རྒྱབ་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་རིག་པ་དང་ལམ་ལུགས་ཀྱི་རྒྱུ་རྐྱེན་སྔར་བས་གསལ་རྟོགས་ཐུབ་པ་བྱས་ནས། ཏང་དེ་བས་འགྱུར་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་འཕྲད་པའི་རྙོག་འཛིང་ཆེ་བའི་དུས་བབ་ལ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཏང་གི་རླབས་ཆེའི་རང་ངོས་གསར་བརྗེ་དཔྱིས་ཕྱིན་པ་བྱེད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་སྙིང་དོན་ལ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུར་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་པ། རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་གཙོ་གནད་དུ་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་ཏང་གིས་ཆབ་སྲིད་ལ་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་བྱེད་ནུས། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། རྒྱལ་གཅེས་ལེགས་སྐྱེས་འབུལ་བའི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་གཅིག་སྡུད་ཧུར་ཐག་བྱེད་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་རྒྱལ་གཅེས་ལེགས་སྐྱེས་འབུལ་རྒྱུའི་དམ་བཅའ་འཇོག་པ་དང་གསར་གཏོད་དང་གསར་སྐྲུན་བྱེད་ཕོད་པའི་ཕུལ་བྱུང་ཤེས་ལྡན་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་པ། ན་གཞོན་ལས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ན་གཞོན་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་པ། ཏང་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་ཏང་འཛུགས་སྐྱོང་གི་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ། རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ཏེ་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

        ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་གྲུབ་འབྲས་གསར་པ་ཕྱོགས་དྲུག་གི་ཐད་ནས་ཐོབ་ཡོད་པ་སྟེ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ། ལས་བྱེད་པའི་ལྟ་སྐུལ་དོ་དམ་དེ་བས་ནན་དུ་ཕྱིན་པ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྤྱི་ཡོངས་ལ་སྐུལ་འདེད་བཏང་བ། ཤེས་ལྡན་པའི་འཇུར་མིག་གི་ཚོད་འཛིན་རིམ་བཞིན་ལྷུག་ཏུ་ཕྱིན་པ། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཀྱི་ཕན་འབྲས་བཟང་བ་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བླང་བྱར་དཔེ་བསྡུར་བྱེད་པ་དང་དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལས་འགན་ལ་སྐུལ་འདེད་གཏོང་རིང་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་མངོན་གསལ་དོད་པའི་གནད་དོན་ཡང་གནས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བོད་ཀྱི་བྱ་གཞག་ཁག་ཀྱང་དུས་རབས་གསར་པར་སླེབས་ཡོད། དུས་རབས་གསར་པའི་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ཡག་པོ་སྒྲུབ་པར་སྤྱི་ཁྱབ་ཧྲུའུ་ཅིས་ཁ་གསལ་བཏོན་གནང་བའི་བོད་ཀྱི་ལས་དོན་གྱི་རྩ་གནད་དང་བླ་སྲོག་ཡིན་པའི་མཐའ་སྐྱོང་བོད་བརྟན་ལ་དམ་པོར་དམིགས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་གཞི་ཚུགས་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་མགྱོགས་མྱུར་སྐྲུན་རྒྱུར་དམིགས་པ། དད་སེམས་བརྟན་དུ་གཏོང་བ་དང་། རྩ་འཛུགས་སྟོབས་ཆེར་གཏོང་བ། དཔུང་ཁག་ཧུར་ཐག་གཏོད་པ། ཤེས་ལྡན་མི་སྣ་གཅིག་སྡུད། གནད་སྨིན་ཤུགས་འདོན། ཞན་ཆ་གསབ་པ་བཅས་མངོན་གསལ་དོད་དུ་གཏོང་དགོས་པ་སྟེ། གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་དམིགས་ཡུལ་རྨང་གཞིར་བྱས་ནས་བླ་སྲོག་བཏོད་དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས་པ་དང་། གཉིས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་བརྟན་དུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་འགན་ལེན་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ཉིད་གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་དགོས་པ། གསུམ་ནས“དམིགས་བསལ་གསུམ”ཚད་གཞིར་བྱས་ནས་དཔུང་ཁག་འཛུགས་སྐྱོང་དང་ལས་བྱེད་པར་ཁྲིད་སྟོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་ལས་འགན་གལ་ཆེན་དོན་འཁྱོལ་ལ་སྐུལ་འདེད་གཏོང་རིང་གི་སྲིད་འཛིན་འཇོན་ཐང་ཆེ་རུ་གཏོང་བ་དང་སྤྱོད་ལམ་དང་སྤྱོད་ཚུལ་ལེགས་སུ་གཏོང་དགོས་པ། བཞི་ནས་རྒྱལ་གཅེས་ལེགས་སྐྱེས་དང་མཐའ་མཚམས་ལ་གཞི་ཚུགས་རྒྱུ་སྟོན་ཕྱོགས་སུ་བྱས་ནས་ཤེས་ལྡན་མི་སྣ་གཅིག་སྡུད་ཀྱིས་བྱ་གཞག་ཁག་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

        གཙོ་གནད་ལས་དོན་མངོན་གསལ་དོད་དུ་བཏང་ནས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་སྟེ། གཅིག་ནས་རྩ་འཛུགས་མ་ལག་འཛུགས་སྐྱོང་གཙོ་གནད་དུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མངོན་གསལ་དོད་དུ་གཏོང་བ། བསམ་བློའི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ། རིམ་ཁག་ཏང་རྩ་འཛུགས་ཉིད་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་ལ་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་པ། ཏང་ཡོན་ལས་བྱེད་པའི་ཏང་གི་ཆོས་ལུགས་ཤེས་བྱའི་སློབ་གསོར་ཤུགས་སྣོན། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་ཡོན་ལས་བྱེད་པས་མཆོག་ཏུ་འཛིན་པའི་བརྗོད་དོན་གཙོ་བོ་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དུ་འགྱུར་བར་བྱེད་དགོས་པ་དང་། གཉིས་ནས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་མངོན་གསལ་དོད་དུ་གཏོང་བ་དང་། བྱང་ཚད་གསོ་སྐྱོང་གི་འགག་རྩ་དེར་དམ་འཛིན་ཡག་པོ་བྱེད་པ། མི་སྣ་འདེམས་སྤྱོད་ཀྱི་ཆབ་སྲིད་འགག་སྒོ་ནན་པོ་སྲུང་བ། བྱ་གཞག་གོང་དུ་བཀུར་ནས་མི་སྣ་འདེམས་སྤྱོད་མཐའ་འཁྱོངས་བྱེད་པ། དོ་དམ་ཡུན་རིང་དང་ཡུན་རིང་ནན་པོ་བྱེད་པའི་ལྟ་སྐུལ་ལམ་སྲོལ་གཏོད་པ། ལས་བྱེད་པར་འགན་འཁུར་བ་དང་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་གཏོང་བ། “དམིགས་བསལ་གསུམ”གྱི་བླང་བྱ་དང་འཚམ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གཏོད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་གྱིས་དྲིན་ཚོར་འབད་འབུངས་བྱེད་པ། ལུས་ཤ་ཤོར་བ་དང་གདོང་ལྤགས་བཞུད་པར་མི་སྐྲག་པའི་ལས་ཀའི་ངར་ཤུགས་ཤིག་འཕེལ་བར་བྱེད་པ། “གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་དགོས་པ”དང“བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པ་དང་བྱས་རྗེས་འཇོག་པར་རང་ཉིད་ངེས་པར་དུ་ཡོད་དགོས་པའི”བསམ་བློའི་འཁྱེར་སོར་བརྟེན་ནས་གོ་སྐབས་ལ་དམ་འཛིན་དང་། སྤྱོད་ཚུལ་སྒྱུར་བ། དངོས་འཛིན་དངོས་སྒྲུབ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་མཐའ་སྐྱོང་བོད་བརྟན་གྱི་ལས་འགན་ཁག་ཡག་པོ་སྒྲུབ་པ། ལྷག་དོན་དུ་བརྩེ་སེམས་ཀྱིས་ཕྱུག་པའི་སྒོ་ནས་ལས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་དང་གནད་འཁེལ་ངང་དོན་འཁྱོལ་ཡག་པོ་བྱེད་པ། ལས་བྱེད་པར་ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ། སྲིད་ཇུས་ཁག་སྔར་བས་འཐུས་ཚང་དང་དོན་འཁྱོལ་བཅས་བྱས་ནས་ལས་བྱེད་པའི་གཟི་བརྗིད་ཚོར་སེམས་དང་། གཏོགས་སེམས། ཐོབ་ཚོར་བཅས་ཟབ་ཏུ་རུ་གཏོང་དགོས་པ། གསུམ་ནས་ཤེས་ལྡན་མི་སྣར་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་མངོན་གསལ་དོད་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། གསོ་སྐྱོང་དང་ཁྲིད་སྟོན་ཐབས་གཉིས་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཏང་ལ་ལྷག་བསམ་རྣམ་དག་དང་། ལས་འགན་ལྕི་པོ་འཁུར་ཕོད་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་སྐྱེད་སྲིང་དང་གདམ་གསེས་བྱེད་པ། རྒྱལ་གཅེས་ལེགས་སྐྱེས་དང་མཐའ་མཚམས་ལ་གཞི་ཚུགས་པའི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་གཅིག་སྡུད་དང་ལྷག་དོན་དུ་གཞོན་ནུ་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་གཅེས་སྐྱོང་བྱེད་རྒྱུ་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་དང་མཐའ་སྐྱོང་བོད་བརྟན་དང་ཡུན་རིང་བོད་སྐྲུན་གྱི་ལོ་བརྒྱའི་འཆར་གཞི་ཆེ་མོར་བརྩིས་ནས་དམ་འཛིན་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་དང་། ལས་འགན་ལྕི་པོ་འཁུར་ཕོད་པ། སྤྱོད་ཚུལ་བཟང་བ་སོགས་ཀྱི་བླང་བྱ་མངོན་གསལ་དོད་དུ་གཏོང་བ། གཞོན་ནུ་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་བྱུང་གཞོན་ནུ་ལས་བྱེད་པ་དུས་བསྟུན་བེད་སྤྱོད་ཡག་པོ་བཅས་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣས་འཇོན་ཐང་ངོམ་པ་དང་བོད་ལ་ཞབས་འདེགས་ཞུ་རུ་འཇུག་དགོས།

        རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བོད་ས་བབ་མཐོ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚད་གཞི་དེ་བས་མཐོ་བའི་བསམ་བློ་བརྟན་པོར་འཛུགས་པ་དང་། བོད་ཀྱི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དམིགས་བསལ་ཡིན་ནའང་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོར་འཛུགས་པ། བོད་དུ་གསོ་རླུང་དཀོན་པ་དང་རླུང་གི་གནོན་ཤུགས་དམའ་པོ་ཡོད་ཀྱང་ཕུགས་བསམ་དང་དད་སེམས་བརྟན་པོ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཚད་གཞི་དམའ་རུ་གཏན་ནས་གཏོང་མི་རུང་བའི་བསམ་བློ་བརྟན་པོར་འཛུགས་པ། འགན་འཁྲི་གཙོ་བོ་འཁུར་བ་དང་། ལས་སྒོ་གཙོ་བོར་དམ་འཛིན་ཡག་པོ་བྱེད་པ། མི་སྣ་གཙོ་བོ་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་འཐབ་ཕྱོགས་ཁག་དང་། ཁྱབ་ཁོངས་ཁག ལྷུ་ཚིགས་ཁག་བཅས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་གཏིང་ཟབ་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

《བོད་ལྗོངས་ཉིན་རེའི་ཚགས་པར》ལས་བཏུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1