བརྩོན་འགྲུས་བློ་སྐྱེད་ཀྱིས་མི་ཚེར་འོད་སྣང་འཕྲོ། བྱ་གཞག་གསར་གཏོད་ཀྱིས་ལས་དབང་འགྱུར་ལྡོག་བཏང་།

རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        པ་སངས་དོན་གྲུབ། ཕོ། བོད་རིགས། 1983ལོའི་ཟླ་4པར་འཁྲུངས། བོད་ལྗོངས་པ་སྣམ་རྫོང་གི་མི། 2007ལོའི་ཟླ་7པར་བོད་ལྗོངས་མི་རིགས་སློབ་གླིང(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན)ནས་སློབ་ཐོན་བྱས། བརྡ་ཁྱབ་རིག་པའི་ཆེད་ལས། དངོས་གཞིའི་སློབ་གཉེར་གྱི་བརྒྱུད་རིམ་བརྒྱུད་པ་དང་། རྩོམ་རིག་སློབ་རམས་པའི་སློབ་གནས་ཐོབཡོད།

        2008ལོར་བློ་མཐུན་པ་སངས་དོན་གྲུབ་ཀྱིས་བྱ་གཞག་གསར་གཏོད་བྱེད་འགོ་ཚུགས་ཤིང་། ད་ལྟ་བོད་ལྗོངས་ཇོ་རིའི་ཞིང་ལས་ཚན་རིག་གོང་འཕེལ་འགན་འཁྲི་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཇོ་མོ་གླང་མའི་མཉམ་གཏོད་ཞབས་ཞུའི་ཚད་ཡོད་ཀུང་སི།--གཞིས་རྩེ་ས་ཁུལ་དམངས་ཕྱུག་ས་ཁང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་སོགས་ཀུང་སི་དྲུག(བོད་ལྗོངས་དམངས་ཕྱུག་ཀུང་སི)གི་ཁྲིམས་བཀོད་འཐུས་ཚབ་མི་སྣ་དང་། དུང་ཧྲེ་ཀྲང་གི་གོ་གནས་བཞེས། བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྱི་ཨུ་ཡོན་དང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། གཞིས་རྩེ་གྲོང་ཁྱེར་གྱི་གཞོན་ནུའི་བྱ་གཞག་གསར་གཏོད་མཐུན་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་བཅས་ཡིན།

        བྱ་གཞག་གསར་གཏོད་བྱས་ཚུན། བློ་མཐུན་པ་སངས་དོན་གྲུབ་ལ་རྒྱལ་ཁབ་སློབ་གསོ་པུའུ་ནས་བདག་རྐྱེན་དུ་སྤྲད་པའི“རྒྱལ་ཡོངས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་ཞུགས་པ་གྲགས་ཅན”གྱི་མཚན་མིང་དང་། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྤྲད་གནང་བའི“བོད་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཨང་དང་པོ་བའི”མཚན་མིང་། པ་སྣམ་རྫོང་ཨུད་རྫོང་སྲིད་གཞུང་གིས་གནང་བའི“མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ”སོགས་ཀྱི་གཟི་བརྗིད་མཚན་སྙན་བཅས་ཐོབ་ཡོད།

གཅིག ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་། འདུ་ཤེས་བཞི་རྒྱུན་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་བ།

        པ་སངས་དོན་གྲུབ་ཀྱིས་བྱ་གཞག་གསར་གཏོད་བྱས་ཚུན། སྔ་ཕྱི་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་ཅིང་། རང་གི་རང་ལ་བླང་བྱ་ནན་པོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་ལག་ལེན་བྱས་ཏེ་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་མི་འཁྱོག་པ་དང་། ཆབ་སྲིད་ཀྱི་དད་མོས་མི་འགྱུར་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བྱེད་པ་བཅས་ཀྱིས་སྔ་བར་ཕྱི་གསུམ་དུ་སྤྱི་ཡོངས་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཁྱོན་ཡོངས་ལ་རང་རྟོགས་ཀྱིས་ཞབས་ཞུ་སྒྲུབ་པ། སྤྱི་ཡོངས་ལ་སྲུང་སྐྱོབ་མཐའ་ཅིག་ཏུ་བྱེད་པ་བཅས་ཀྱི་སྒོ་ནས་སྲོག་ཤིང་ལ་སྲུང་བརྩི་དང་། ཅི་གསུང་བཀའ་སྒྲུབ། སྲུང་སྐྱོབ་བཅས་མཐའ་ཅིག་ཏུ་བྱེད་པ། རྟག་ཏུ་མིག་དཔེ་ལྟ་བ་དང་། རང་འགུལ་གྱི་མིག་དཔེ་བལྟ་བ། ཕྱོགས་ཡོངས་ནས་མིག་དཔེ་བལྟ་བ་བཅས་བྱས་ཡོད། ཁོང་གིས་ཀུང་སིའི་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ་འཛུགས་སྐྱོང་དང་གོང་འཕེལ་ཐད་གཙོ་ཁྲིད་ཧུར་ཐག་བྱེད་པ་དང་སྦྲགས་གོང་རིམ་ཏང་རྩ་འཛུགས་ལ་རེ་ཞུ་ཧུར་ཐག་ཕུལ་ནས་ཁེ་ལས་ཀྱི་ཏང་རྩ་འཛུགས་བཙུགས་ཡོད།

        པ་སངས་དོན་གྲུབ་ཀྱིས་རང་དཔེ་གཞན་སྟོན་གྱི་སྒོ་ནས་རྟག་ཏུ་ཀུང་སིའི་ལས་བཟོ་པར་ཁ་བྲལ་ལ་ངོ་རྒོལ་མཐའ་ཅིག་ཏུ་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་།--མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་བྱེད་དགོས་པའི་སློབ་གསོ་བཏང་སྟེ་ཁེ་ལས་ཀྱི་སྤྱི་ཚོགས་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་ཆེད་དུ་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་ཡོད། ཁོང་གིས་རྟག་ཏུ་ཀུང་སིའི་ལས་བཟོ་པའི་སྣེ་ཁྲིད་དེ་དམངས་ཕན་ཉེན་རྟོག་ས་ཚིགས་སུ་འཚམས་འདྲིར་བསྐྱོད་པ་དང་། གཞིས་རྩེའི་རྒྱང་རིང་ལུང་ཁུག་གི་ཤང་གྲོང་དུ་ཟབ་བསྐྱོད་ཀྱིས་གྲོང་ཚོའི་མང་ཚོགས་ལ་དགུན་ཁ་གྲང་ངར་འགོག་ཐུབ་པའི་གྱོན་ཆས་མཁོ་ཆས་དང་། འབྲུ་རིགས། ཟས་སྣུམ། དེ་བཞིན་རྒྱུན་ལྡན་ནོར་ལུག་གི་བལ་སྤུ་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱེད་ཐུབ་པའི་འཕྲུལ་འཁོར་སྒྲིག་ཆས་འཁྱེར་ཏེ་གྲོང་ཚོའི་མང་ཚོགས་ལ་སྟེར་ནས་ཕྱིར་འཚོང་གི་ཚོང་ལམ་རྒྱ་ཆེར་ཕྱེ་བ་དང་། ལས་གཉེར་གྱི་ཡོང་སྒོ་གསར་དུ་བཏོད་པ་རེད། ལས་གྲྭའི་འཐབ་ས་དང་པོའི་ལས་བཟོ་པ་དང་གཅིག་ཏུ་འདྲིས་ཤིང་། ནང་ས་ནས་བོད་དུ་ཨར་པོ་རྒྱུགས་པར་ཡོང་མཁན་གྱི་རྒྱ་རིགས་བཟོ་པའི་འཚོ་བ་དང་། ལས་ཀ། སློབ་སྦྱོང་བཅས་ཀྱི་ཐད་སེམས་ཁུར་ཡང་ལྷད་མེད་གནང་སྟེ་ཁོ་ཚོའི་དགོས་མཁོ་སྣ་ཚོགས་སྐོང་ཐབས་བྱེད་ཀྱི་ཡོད།

གཉིས།--བྱ་གཞག་གསར་གཏོད་ཀྱིས་ལས་དབང་འགྱུར་ལྡོག་བཏང་། སྐྱེས་ཁུངས་དབུལ་ཡང་བློ་སྟོབས་གོ་ཆ་བཙན། བློ་ཁེངས་ཡིད་ཚིམ་དང་ནི་དཀའ་བར་མི་སྐྲག་པ།

        པ་སངས་དོན་གྲུབ་ནི་མཛེས་ལྡན་གཞིས་རྩེ་གྲོང་ཁྱེར་གྱི་ལྟེ་བར་འཁྲུངས་ཤིང་། གངས་ལྗོངས་ས་མཐོའི་ཐོག་ཏུ་འཚར་ལོངས་བྱུང་། དབུལ་ཞིང་ཕོངས་པའི་ཁོར་ཡུག་གི་ཁྲོད་དུ་བྱིས་པའི་དུས་འདས། མི་ཚེའི་ཁ་ལོ་འགྱུར་བའི་འཕྲེང་ཐིག་དང་པོར་ཁོང་གིས་སློབ་ཆེན་གྱི་རིག་གནས་ཟབ་སྦྱོང་གནང་བ་དང་། བོད་ལྗོངས་མི་རིགས་སློབ་གླིང་དུ་སློབ་གཉེར་བྱེད་པའི་སྐབས་སུ་ཡང་། རང་ཉིད་ལ་“སྤྱོད་ཡོན་གཉིས་ལྡན་དང་རང་སྟོབས་རང་སྤེལ”བྱེད་པའི་བླང་བྱ་ནན་པོ་བཅོལ་བ་དང་། ལས་སློབ་གཉིས་བརྩོན(བོད་ཟས་ཁང་དང་གོས་འཁྲུ་ཁང་སོགས་ཀྱི་ཚོང་གཉེར་བྱས)གྱི་སྒོ་ནས་སློབ་ཡོན་དང་། འཚོ་བའི་མ་དངུལ་གྲབས་གསོག་བྱས་ཏེ་སློབ་གཉེར་ཡོངས་སུ་ལེགས་འགྲུབ་ཐུབ་པ་མ་ཟད། རང་ཉིད་ཀྱི་གཅུང་མོ་ཡང་སློབ་གྲྭ་ཆེ་མོར་གཏོང་བའི་འགན་འཁྲི་ཕྲག་པར་བླངས་ཡོད། ལོ་ཡི་ཉག་མ་བཞི་ཡི་རིང་། ཁོང་གི་ངོས་ནས་བཤད་ན་མི་ཚེའི་ཆེས་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཡིན་ཀྱང་། པ་སངས་དོན་གྲུབ་ཀྱི་ངོས་ནས་བརྗོད་ན་རིན་ཐང་བྲལ་བའི་མི་ཚེའི་མཆོག་ནོར་ལྟ་བུ་ཞིག་འཚོལ་བ་དང་ཁྱད་ཅི་ཡོད།

        2008ལོར་ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་།--སྲིད་གཞུང་གིས་སློབ་གྲྭ་ཆེ་མོ་བའི་རང་བརྟེན་བྱ་གཞག་གསར་གཏོད་བྱེད་པའི་འབོད་སྐུལ་དང་དུ་བླངས་ཏེ་ཕ་ཡུལ་གཞིས་རྩེའི་ཕྱོགས་ལ་ ལོག་རྗེས་བྱ་གཞག་གསར་གཏོད་ཀྱི་ལས་འགོ་གཞི་ནས་བརྩམས། ཐོག་མར་རྫབ་རླངས་ནུས་ཁུངས་གསར་སྤེལ་གྱིས་ལས་རིགས་ལག་རྩལ་ཟབ་སྦྱོང་དང་། དེ་ནས་ས་ཁང་ཐོན་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན། འཛུགས་སྐྲུན་ལས་གཞིའི་ཨར་ལས།--ཞིང་ལས་རྣམ་གྲངས་གསར་སྤེལ་སོགས་རིམ་པར་གཉེར་ཞིང་།--བྱ་གཞག་ཐོག་མར་གསར་གཏོད་ཀྱི་དངུལ་སྒོར་2000ཟིན་པ་ནས་དཀའ་སྡུག་ཚད་མེད་ཀྱི་བརྒྱུད་རིམ་མཐའ་དག་མྱོང་མཐར་དོན་དངོས་དང་མཐུན་པའི་ལས་བཏོད་ཀྱི་ལམ་བུ་ཞིག་འཚོལ་བསྙེགས་ཐུབ་ཡོད།

གསུམ། ཤང་གྲོང་དར་སྤེལ་གྱི་བྱ་གཞག་ལ་ཞུགས་ཏེ། ཞིང་ལས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ།

        2016ལོར་པ་སངས་དོན་གྲུབ་ཀྱིས་ཧུར་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་ཤང་གྲོང་དར་སྤེལ་གྱི་འཐབ་ཇུས་དང་ཞིང་ལས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏོང་བའི་སྐོར་གྱི་མཛད་ཕྱོགས་ལ་དང་ལེན་ཞུས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཇོ་རིའི་ཐོན་ལས་ཀྱི་བཀོད་སྒྲིག་དང་པ་སྣམ་རྫོང་གི་གཙོ་གནད་ཐོན་ལས་ཀྱི་འཆར་བཀོད་ཁག་གཞི་རྟེན་དུ་བྱས་ཤིང་། ཐོ་བཀོད་མ་འཇོག་ལ་མ་དངུལ་སྒོར་ཁྲི་5000བཏང་ནས་བོད་ལྗོངས་ཇོ་རིའི་ཞིང་ལས་ཚན་རྩལ་གོང་འཕེལ་ཚད་ཡོད་འགན་འཁྲི་ཀུང་སི་གསར་དུ་བཙུགས་པ་དང་། བྱ་གཞག་གསར་གཏོད་ཀྱི་མ་དངུལ་གསོག་འཇོག་དང་དངུལ་ཁང་གི་ཡིད་རྟོན་བརྒྱུད་ནས་མ་དངུལ་གྲབས་གསོག་དང་མ་འཇོག་དངུལ་སྒོར་ཁྲི་3.36རྒྱབ་སྐྱོར་བྱས་པ། པ་སྣམ་རྫོང་མི་དམངས་སྲིད་གཞུང་དང་མཉམ་ལས་བྱས་ཏེ། “མུའུ་ཁྲི་ཡི་ཇོ་རིའི་སྐྱེ་ལྡན་སྔོ་ཚལ་པ་སྣམ་ཐོན་སྐྱེད་རྟེན་གཞི་སྟེ་གཞིས་རྩེ་གྲོང་ཁྱེར་གྱི་ཚལ་སླེའི་འཆར་གཞི་པ་ཚལ་ལྟེ་བའི་རྟེན་གཞིའི”རྣམ་གྲངས་འཛུགས་སྐྲུན་བྱས་ཡོད། རྣམ་གྲངས་དེའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུའུ་1087ཡོད་ཅིང་།--ཚལ་དང་ཤིང་ཏོག་རིགས་མི་འདྲ་བ་སྣ་ཚོགས་དང་དེ་བཞིན་ཞིང་ཞོར་ཐོན་རྫས་ཀྱང་གསོ་སྤེལ་དང་འདེབས་འཛུགས།--ཐོན་སྐྱེད་བཅས་བྱེད་ཀྱི་ཡོད།--སྔོན་རྩིས་ལྟར་ན་ལོ་རེར་སྤྱིའི་ཐོན་འབོར་ཏུན་ཁྲི་2ཟིན་པ་བྱས་ནས། གཞིས་རྩེ་གྲོང་ཁྱེར་གྱི་རྒྱུན་སྡོད་ཡུལ་མི་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི“འགན་ལེན་གསུམ”གཞན་ཡང་ཚོགས་པ་གཞན་བཅས་ཀྱི་རྒྱུན་ལྡན་སྔོ་ཚལ་གྱི་དགོས་མཁོ་དང་དུས་མིན་སྔོ་ཚལ་གྱི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད།

        པ་སངས་དོན་གྲུབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་ལག་བསྟར་གཏིང་ཟབ་བྱེད་པ་དང་།--སྔ་ཕྱི་བར་གསུམ་དུ“སྤུས་ཚད་ལ་བརྟེན་ནས་ཞིང་དར་དང་།--ལྗང་མདོག་ཞིང་དར”གྱི་གོང་འཕེལ་བསམ་གཞི་ཞིག་རྣམ་གྲངས་དེའི་ནང་བཅུག་ཅིང་།--སྔོ་ཚལ་སྐྱེ་ལྡན་གྱི་དཔང་དཔྱད་ཧུར་ཐག་འཚོལ་བསྙེགས་དང་རེ་ཞུ་བྱས་ཏེ།--“ཇོ་རིའི་སྐྱེ་ལྡན་ཞིང་ལས”ཀྱི་ཚོང་རྟགས་གོང་འཕེལ་བཏང་བ་བཅས་ཀྱི་སྒོ་ནས་རྣམ་གྲངས་ཀྱི་རྟེན་གཞི་དེ་དག“ཇོ་རིའི་སྐྱེ་ལྡན་འདེབས་གསོ་ལས་སྣོན་གྱི་གལ་ཆེའི་ཐེག་ནུས་ཁུལ་དང་། གཅིག་བསྡུས་ཁུལ། དཔེ་མཚོན་ཁུལ། སྣེ་ཁྲིད་ཁུལ”བཅས་དང་། “བོད་རང་སྐྱོང་ལྗོངས་ཀྱི་ཆེས་རྒྱ་ཆེ་བའི་སྐྱེ་ལྡན་སྔོ་ཚལ་ཐོན་སྐྱེད་ཀྱི་རྟེན་གཞི”“རྒྱལ་ཁབ་ཀྱི་སྐྱེ་ལྡན་དཔང་དཔྱད་དཔེ་མཚོན་རྫོང་གི་གཏོད་པའི་རྨང་གཞིའི་ལས་སྟེགས”“བོད་རང་སྐྱོང་ལྗོངས་ཀྱི་སྔོ་ཚལ་ལས་རིགས་ཀྱི་དཔེ་སྟོན་སྣེ་ཁྲིད་ལས་གཞི”དེ་བཞིན“སློབ་གྲྭ་ཆེ་མོ་བ་ཤང་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་པའི་དཔེ་མཚོན་རྟེན་གཞི”བཅས་སུ་གསར་སྐྲུན་བྱེད་རྒྱུར་འབད་བརྩོན་དོན་གཉེར་བྱེད་བཞིན་ཡོད།

        པ་སངས་དོན་གྲུབ་ཀྱིས་རྣམ་གྲངས་དེ་དག་ད་དུང་ལས་སྟེགས་སུ་བྱས་ཏེ།--ཚན་རྩལ་ཞིབ་འཇུག་མི་སྣ་ནང་འདྲེན་གྱིས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་རྣམ་གྲངས་ཀྱི་འགག་གནད་སྒྲོལ་རྒྱུར་སྐུལ་འདེད་བཏང་བ་དང་། སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་རྣམ་གྲངས་1དང་། གཞིས་རྩེ་གྲོང་ཁྱེར་གྱི་ཚན་རྩལ་རྣམ་གྲངས་1ཡིག་ཐོག་སྙན་ཞུ་ཕུལ་ནས་ལས་གཞི་བཙུགས་ཏེ། ས་བབ་མཐོ་བ་དང་ས་མཐོའི་ཁུལ་དུ་སྐྱེ་ལྡན་སྔོ་ཚལ་གསོ་སྤེལ་དང་། འདེབས་འཛུགས། དེ་བཞིན་གཞི་ལྡན་ཐོན་སྐྱེད་བྱེད་རྒྱུར་ཚན་རིག་ལག་རྩལ་གྱི་ཞིབ་འཇུག་དང་རྒྱབ་སྐྱོར་མཁོ་འདོན་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བར་ལས་སྟེགས་ཀྱི་རྒྱབ་སྐྱོར་ཞིག་མཁོ་འདོན་བྱས་ཡོད།

བཞི། གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་ནང་ཞུགས་ཏེ། ཐོན་ལས་ཀྱི་ཐོག་ནས་གོང་འཕེལ་འགན་སྲུང་དང་དམངས་འཚོ་ལེགས་བཅོས་བྱས་པ།

        པ་སངས་དོན་གྲུབ་ནི་ཞིང་འབྲོག་ཁུལ་ནས་ཡོང་བའི་གཞི་རིམ་གྱི་ཁེ་ལས་མཁས་པ་ཞིག་ཡིན་པས། རྒྱང་རིང་ལུང་ཁུག་གི་ཞིང་འབྲོག་པའི་འཚོ་བ་དང་ཐོན་སྐྱེད་ཐད་དཀའ་ངལ་གང་འདྲ་ཡོད་མིན་སེམས་ནང་མྱོང་ཚོར་དྲག་པོ་ཡོད་ལ།--བྱ་གཞག་གསར་གཏོད་བྱས་ཚུན།--ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ཏེ་རང་འགུལ་ངང་རེ་ཞུ་བྱས་ནས་གཞིས་རྩེ་གྲོང་ཁྱེར་དང་པ་སྣམ་རྫོང་གི་གནད་སྨིན་དབུལ་སྐྱོར་དང་།--གནད་སྨིན་དབུལ་སྒྲོལ་གྱི་བྱ་གཞག་ནང་ཞུགས་བཞིན་མཆིས།

        2016ལོ་ནས་ད་བར།--ཁོང་གིས་ཐོན་ལས་ཐོག་ནས་དབུལ་སྐྱོར་དང་།--སློབ་གསོས་དབུལ་སྐྱོར།--དངོས་རྫས་ཀྱིས་དབུལ་སྐྱོར་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ། ཁྱོན་བསྡོམས་ཞལ་འདེབས་སྒོར་ཁྲི་300བརྒྱབ་པ་དང་། ཁ་གཏད་རོགས་སྐྱོར་བྱེད་ཡུལ་པ་སྣམ་རྫོང་བཀྲ་ཤར་ཤང་སྣ་སྟོད་གྲོང་ཚོ་ལ་འཕྲུལ་འཁོར་སྒྲིག་ཆས་ཆ་ཚང་2ཞལ་འདེབས་སུ་བརྒྱབ་ནས་གྲོང་ཚོའི་མང་ཚོགས་ལ་བལ་སྤུ་ལས་སྣོན་བཟོ་གྲྭ་གསར་བཙུགས་བྱས་ཤིང་། དབུལ་པོའི་སློབ་མ་25ཡི་སློབ་འབྲིང་དང་སློབ་ཆེན་དུས་མཚམས་ཀྱི་སློབ་ཡོན་དང་འཚོ་བའི་མ་དངུལ་ཐག་གཅོད་བྱས་པ། གྲོང་ཚོ་ཡོངས་ཀྱི་རྒན་འཁོགས་ལ་ཐུན་མོང་ཐོག་དུས་ཆེན་གྱི་འཚམ་འདྲིའི་དངུལ་དང་རྒྱུན་ལྡན་གྱི་འཚོ་བའི་མཁོ་ཆས་ཀྱང་སྤྲད་ཡོད།--ཁ་གཏད་དབུལ་སྐྱོར་གྱི་བྱེད་སྒོ་སྤེལ་བའི་རིང་། མི་གྲངས་33ཙམ་ལས་ཞུགས་ཡོང་རྒྱུར་སྐུལ་ཁྲིད་བྱས་པས་ལོ་རེར་མི་རེ་ལ་ཡོང་འབབ་འཕར་མ་སྒོར་5000ཡན་ཟིན་པ་དང་། དུད་ཚང་རེར་ཡོང་འབབ་འཕར་མ་སྒོར་30000ཡན་ཟིན་གྱི་ཡོད།

        2017ལོ་ནས་ད་བར། ཁོང་གིས་མུའུ་ཁྲི་ཡི་ཇོ་རིའི་སྐྱེ་ལྡན་སྔོ་ཚལ་གྱི་པ་སྣམ་ཐོན་སྐྱེད་རྟེན་གཞི་སྟེ་གཞིས་རྩེ་གྲོང་ཁྱེར་གྱི“ཚལ་སླེའི”འཆར་གཞི་དཔའ་རྩལ་ལྟེ་བའི་ཁུལ་གྱི་རྣམ་གྲངས་ལས་སྟེགས་སུ་བྱས་ཏེ་པ་སྣམ་རྫོང་གི་དཔའ་རྩལ་ཤང་ན་དཀར་གྲོང་ཚོ་དང་ཁྲ་འབྲོང་གྲོང་ཚོ། དེ་བཞིན་ཉེ་འཁོར་གྱི་གྲོང་ཚོ་བཅས་ལ་ལས་སྒུག་བྱེད་བཞིན་པའི་ཞིང་འབྲོག་པ་མི་གྲངས་ཁྱོན་བསྡོམས་400ཡན་ལས་ཞུགས་དང་། བྱ་གཞག་གསར་གཏོད་བྱས་ནས་དངོས་སུ་ངལ་ནུས་གླ་ཆ་སྒོར་ཁྲི་4000དོན་འཁྱོལ་བྱས་ཡོད། རྣམ་གྲངས་དེ་བེད་སྤྱོད་བྱེད་འགོ་བརྩམས་རྗེས། “སྐྱེ་ཁམས་གནས་སྤོས”“གནད་སྨིན་དབུལ་སྐྱོར”དང་འབྲེལ་བའི་དབུལ་པོ་མི་གྲངས་2100(དེའི་ནང་མི་གྲངས་1200ནི་ཡིག་ཚགས་དང་ཁཱ་བཟོས་པའི་དབུལ་སྐྱོར་ཐེམ་དུད་ཡིན)ཡི་ལས་ཞུགས་དང་། རྒྱུན་ལྡན་འཚོ་བ། ལག་རྩལ། སློབ་སྦྱོང་སོགས་གང་ཅིའི་ཐད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཐུབ་པ་དང་། ཁོ་ཚོར་རང་སྟོབས་རང་སྤེལ་ཡོང་རྒྱུར་རོགས་རམ་བྱས་པ་བཅས་ཐད་ཀར་མ་ཡིན་པའི་ཡོང་འབབ་འཕར་མ་སྒོར་ཁྲི་1000ཡན་ཟིན་ཐུབ་ཡོད།

ལྔ། མཉམ་གཏོད་བར་སྟོང་གསར་བཙུགས་དང་གསོ་སྤེལ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དང་།--ཐོན་ལས་རིམ་སྤར་ལ་སྐུལ་འདེད་བཏང་བ།

        2016ལོར་པ་སངས་དོན་གྲུབ་ཀྱིས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག“ཇོ་རིའི་མཉམ་གཏོད་བར་སྟོང་”གསར་བཙུགས་ལེགས་གྲུབ་ཐུབ་ནས་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་དང་། སྤྱི་ཚོགས་ཀྱི་ལས་གཏོད་མཁན་གཞོན་ནུ། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་མི་སྣ་སོགས་ཀྱི་མཉམ་སྡེབ་བཅས་ལ་ལས་ཆོད་ཆེ་བ་དང་། ཕྱོགས་མཐའ་ཀུན། སྤྱོད་སྒོ་མང་བ་བཅས་ཀྱི་ལས་ཞུགས་ཀྱི་མཐུན་རྐྱེན་འཛོམས་པའི་ལས་སྟེགས་ཤིག་གསར་དུ་བསྐྲུན་ཡོད།

        པ་སངས་དོན་གྲུབ་ཀྱིས་དབུ་ཞུགས་སློབ་དཔོན་བྱས་པའི་ཚོགས་པ་དག་གིས“ཇོ་རིའི་མཉམ་གཏོད་བར་སྟོང་”གཏོད་ཆེད་ཁེ་ལས་སུ་ཁོངས་ཞུགས་བྱས་ཏེ་བཟོ་ཚོང་ཐོ་བཀོད་ཚབ་སྒྲུབ་དང་། ཤེས་རིག་ཐོན་དབང་ཞབས་ཞུ། ཚན་རྩལ་དཔྱད་ཡིག་ཆ་འཕྲིན་ཞབས་ཞུ། ཁྲིམས་ལུགས་བློ་འདྲིའི་ཞབས་ཞུ།--དེ་བཞིན་སྲིད་ཇུས་གསལ་འགྲེལ་དང་། ལས་གཏོད་གསོ་སྦྱོང་། མ་རྩ་སྡུད་གཏོང་འབྲེལ་མཐུད་སོགས་ཀྱི་ཞབས་ཞུ་བཅས་མཁོ་འདོན་བྱས་ནས་རྒྱ་ཆེའི་གཞོན་ནུ་ལས་གཏོད་ཚོགས་པར་རོགས་རམ་གྱིས་ལས་ཞུགས་ཀྱི་མ་གནས་ཉུང་དུ་བཏང་བ་དང་། གྲུབ་འབྲས་ཀྱི་ཉོ་ཚོང་ལེགས་བཅོས་གཏོང་བ།གཞི་གྲངས་ཀྱི་འདྲི་རྩད་མངོན་འགྱུར་ཐུབ་པ་བཅས་བྱུང་ཡོད། “ཇོ་རིའི་མཉམ་གཏོད་བར་སྟོང་”དེ་ནི་སྲིད་གཞུང་ནས་རྒྱབ་སྐྱོར་དང་། ཁྲོམ་རྭས་གཙོ་ཁྲིད། ཚན་རྩལ་གྱིས་ཁྲིད་སྟོན། ཐོན་ཁུངས་རུབ་བསྡུས་བཅས་བྱས་པའི་འོག གསར་གཏོད་དང་ལས་གཏོད་ཀྱི་འབྱུང་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་སུ་བཏང་སྟེ་ཚན་རྩལ་གསར་གཏོད་ཀྱི“ཆུ་རྩ”དེ་དཔལ་འབྱོར་གྱི“འཐབ་ས”གཙོ་བོར་བསྒྱུར་ཐུབ་པ་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        “ཇོ་རིའི་མཉམ་གཏོད་བར་སྟོང་”ལས་གཉེར་བྱས་ཚུན། ཁོངས་གཏོགས་ཁེ་ལས་40ལྷག་ཙམ་བདག་གཉེར་རེ་ཞུ་བྱས་པ་དང་།--དངོས་སུ་ཁོངས་གཏོགས་ཁེ་ལས་17ཟིན་ཡོད།(དེའི་ཁྲོད་ནང་གྲུབ་ཁེ་ལས་16དང་ཕྱི་གྲུབ་ཁེ་ལས་1ཚུད་ཡོད)ཁོངས་གཏོགས་ལས་གཏོད་རྣམ་གྲངས་ནང་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་དང་། གློག་རྡུལ་ཚོང་དོན། གཉེན་ཆས་གསར་སྤེལ། ཞིང་ཞོར་ཐོན་རྫས།--འབྲོག་ཟོག་སོགས་ཚུད་ཡོད་ཅིང་།--མཐུན་འཛོམས་ལེགས་གྲུབ་ཐུབ་པའི་ཁེ་ལས་4ཡོད་པ་སྟེ།--བོད་ལྗོངས་ནོར་ལྷ་མི་རིགས་རིག་གནས་བརྒྱུད་བསྒྲགས་འགན་འཁྲི་ཚད་ཡོད་ཀུང་སི་དང་། བོད་ལྗོངས་གཞིས་ཀ་བསམ་གྲུབ་ཀྱི་ཞིང་ཞོར་ཐོན་རྫས་གསར་སྤེལ་འགན་ཁྲི་ཚད་ཡོད་ཀུང་སི། བོད་ལྗོངས་ཇོ་མོ་ལྷ་རིའི་བཟོ་ཚོང་ཚད་ཡོད་ཀུང་སི། བོད་ལྗོངས་ཨ་མ་རྒན་མོའི་མི་རིགས་རིག་གནས་ལག་ཤེས་བཟོ་ལས་གོང་འཕེལ་ཚད་ཡོད་ཀུང་སི་བཅས་ཡོད། པ་སངས་དོན་གྲུབ་ཀྱིས“ཇོ་རིའི་མཉམ་གཏོད་བར་སྟོང་”ལ་གཙོ་ཁྲིད་བྱས་ཏེ། ཉེ་བའི་ལོ་གཅིག་རིང་གི་ཁྲོམ་རར་བརྟག་དཔྱད་དང་ལག་རྩལ་འབྲེལ་མཐུད་བྱས་པ་བརྒྱུད། “ཇོ་རིའི་ཁྱབ་སྤེལ་ཀུང་སི”ཡི་རྣམ་གྲངས་གསར་དུ་བཙུགས་པ་དང་། རྣམ་གྲངས་གཉེར་འགོ་ཚུགས་རྗེས། སྔོན་རྩིས་ལྟར་ན་ལས་ཞུགས་ཐུབ་པའི་སློབ་ཆེན་སློབ་མ་མི་གྲངས་200ཡན་ཟིན་གྱི་ཡོད།

        པ་སངས་དོན་གྲུབ་ཀྱི་སྣེ་ཁྲིད་འོག “ཇོ་རིའི་མཉམ་བཏོད་བར་སྟོང་”དེ་གཞིས་རྩེ་གྲོང་ཁྱེར་གྱི“གཉིས་གཏོད”ལས་ཀའི་སྣེ་ཁྲིད་མཁན་དང་ལག་ལེན་བསྟར་མཁན་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། ཚན་རྩལ་གསར་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་གྱིས་སྲོལ་རྒྱུན་ཐོན་ལས་ལེགས་འགྱུར་རིམ་སྤར་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ།--གཞིས་རྩེ་གྲོང་ཁྱེར་གྱི་ལས་གཏོད་བྱེད་མཁན་སྣ་ཚོགས་ལ་ཕྱར་བ་གྲུ་འདེགས་དང་། “ལས་ཞུགས་གཙང་སྟོང་”གི་བྱེད་སྒོར་འགན་སྲུང་ནུས་ལྡན་ཞིག་མཁོ་འདོན་བྱས་ཡོད།

        དུས་རབས་གསར་པར་འགུལ་ཤུགས་གསར་པ་ཞིག་ཡོད་དགོས་པ་ལྟར། པ་སངས་དོན་གྲུབ་ཀྱི་སྣེ་ཁྲོད་འོག ཀུང་སི་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།--“གནད་སྨིན་དབུལ་སྐྱོར་”དང་“གཉིས་གཏོད”ཀྱི་ཇུས་གཞིའི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག གཞིས་རྩེ་གྲོང་ཁྱེར་དང་སྲིད་གཞུང་གི“6677”ལས་ཀའི་བསམ་ཕྱོགས་དང་།--“ཇོ་རིའི་ཐོན་ལས་ཆེ་མོ་བདུན”གྱི་འཐབ་ཇུས་སྣེ་ཁྲིད་འོག “ས་ཁང་ཐོན་ལས་གསར་སྤེལ”དང་“ལས་གཞི་འཛུགས་སྐྲུན”གྱི་མ་དངུལ་གསོག་འཇོག་དང་གཞི་ཁྱོན་ལྡན་པའི་རྒྱ་སྐྱེད་བཅས་ཀྱི་ཐབས་ལམ་གཙོ་བོ་བརྒྱུད། “ཇོ་རིའི་ཞིང་ལས”དང་“ཇོ་རིའི་མཉམ་གཏོད”ཀྱི་འབད་འཐབ་དམིགས་ཡུལ་དང་ལས་གཏོད་ཀྱི་ཁ་ཕྱོགས་གཙོ་བོར་བཟུང་ནས།--“གནད་སྨིན་དབུལ་སྐྱོར”དང་“གཉིས་གཏོད”ཀྱི་ལས་ཀ་དེ་བཞིན་བྱ་གཞག་གཞན་བཅས་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་དང་།--སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་རང་ཉིད་དང་ཁེ་ལས་ཀྱི་ནུས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།

གུང་ཐང་བསྟན་འཛིན་ནོར་བུས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1