ཆར་བ་བབས་ཐལ།

རྣོ་ཟུར། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


དེ་རིང་གི་ཆར་བ་ཐག་རིང་ཞིག་ནས་བབས་བྱུང་།

ཧ་ཅང་བག་ལྷོད་ངང་ནས། ཆེས་ཡིད་ལ་སིམ་པའི་ཐག་རིང་ཞིག་ནས་བབས།

ཆར་བ་དེ་གནམ་ནས་ཐུར་དུ་བབས་པ་མ་ཡིན་པར།

བྱང་ནས་ལྷོ་རུ་ཐད་ཀར་བབས་པའི་ཆར་བ་ཞིག

ཆར་བ་དེ་ཤིན་ཏུ་སྲབ་ནའང་།

ཟིལ་ཐིགས་རེ་རེ་བཞིན་དུ་འོད་ཟེར་རེ་འཁྱུག་ལ།

འོད་ཟེར་དེ་ལས་གཏམ་རྒྱུད་རེ་ལ་སྣ་མི་འདྲ་བའི་ཁ་མདོག་རེ་སྣོན།

དེས་ཁྱོད་ལ་བྲིས་པའི་ཡིག་ཆུང་དག་ནི་ཟངས་ཏེ།

དེས་ཁྱོད་ལ་བསྐུར་བའི་ཐ་སྙད་རྣམས་ནི་གསེར།

ངས་ཁྱོད་ལ་ཁྱོད་མ་ཟེར་གོང་དུ་ཟིལ་བ་ང་ཡི་སེམས་ལ་ཟགས་ཡོད།

དེ་ནི་གཡུ་ཆུང་ལྟ་བུའི་གཡུ་ཕྲུག་ཅིག་གི་ཟིལ་བ་རེད།

ཆར་བ་དེ་འབབ་ཡུན་ཐུང་ནའང་།

ཆར་བ་དེས་གཏམ་རྒྱུད་མང་པོ་ཞིག་ཤེས་འདུག

ང་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག

ངས་ཆར་བ་མ་བབས་པའི་ལོ་ཟླ་སྔོན་མ་ཞིག་ཏུ་ཆར་བ་ལ་བསྒུག

ཆར་བ་ལ་བསྒུག་པའི་ལོ་ཟླའི་ཁྲོད་ནས་ལོ་ལོན།

ཆར་བ་དྲན་པའི་གདུང་བའི་ཁྲོད་ནས་ཐ་སྙད་བཟོས།

ཐ་སྙད་དེ་དག་ལྕགས་དང་ཟངས་ཀྱིས་མགར།

ནམ་མཁར་བཏགས། མདུན་དུ་བཏང་།

འོན་ཀྱང་ཆར་བ་དེ་རིང་བར་དུ་བབས་མ་སོང་།

ཆར་ཐིགས་གཅིག ཆར་ཐིགས་གཉིས།

ང་ཆེས་སྐོམ་གདུང་གི་ཁྲོད་དུ་བབས་དུས།

དེ་ནི་དངོས་གྲུབ་ཅིག་ཏུ་ཅི་ལ་མི་རྩི་ཨང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1