སྐད་ཅིག་མའི་བརྩེ་དུང་གི་བསླུ་བྲིད།

དུར་སྲི། (ལན་གྲུ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


གྲོང་འདིའི་མི་ཚོགས་གཙང་བོའི་རླབས་ལ་སྐྱོམས།།

རླབས་སྒྲའི་གསེབ་ཏུ་སྲིད་པའི་ཉེས་དམིགས་བབས།།

སྲིད་འདིའི་ལས་ཀུན་རྟག་པ་མེད་པ་སྟེ།།

ལས་ཀྱི་འཛུམ་ཆུང་གྲོལ་བའི་ཁོ་མོ་ཡང་།།

དུས་ཀྱིས་རླུང་བུས་རྒྱང་རིང་ཡུལ་དུ་བྱེར།།

སེམས་ཀྱི་ཚོར་བའི་རླབས་འདི་ཡ་མཚར་ཏེ།།

ལན་རེར་ལན་གཅིག་མ་མཐོང་མི་ཡི་སར།།

སྐྱོ་སྡུག་སྣང་བ་དགུན་གྱི་ཁ་བ་བཞིན།།

ཡིད་ཀྱི་སྨྲེང་སྐྱོ་འགོག་མེད་འདམ་ལ་བྱིངས།།

 

གདོང་གི་འཛུམ་པའི་ཞལ་ལ་དཔྱིད་ཁ་ཚེས།། 

སྐྲ་ཡི་ལན་བུ་དཀྱིལ་དུ་མེ་ཏོག་བཞད།།

ངག་འཇམ་བསིལ་བའི་གདངས་ལ་དྲི་བསུང་འཐུལ།།

གོམ་པའི་འདེགས་འཇོག་བསྒྱུར་བ་ཡི་གར་འོང་།།

ཁྱོད་ཉིད་ལ་མོ་བརྒལ་ནས་རྒྱང་ལ་ཆས།།

ང་ནི་ཁྱོད་ཉིད་དྲན་བཞིན་གཞིས་སུ་ལུས།།

སེམས་ཀྱི་ཉིན་སྲིབ་གཉིས་ན་མུན་པ་འཁྲིགས།།

ཁེར་རྐྱང་གཞིས་ལ་གྲང་བའི་ལྷག་པ་ལྡང་།།


རྩོམ་ཡིག་རྗེས་མ།
ཆར་བ་བབས་ཐལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1